དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

སི་ཁྲོན་ལི་ཐང་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་དེ་རང་ཡུལ་ནས་སྒོར་ཁྲི་21ལྷག་ཙམ་བྲིན་ཚོང་བྱས།

སྤེལ་དུས 2020-03-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3པའི་ཚེས་24ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་ཨུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། “རྐང་གླའི”དང་བླངས་ཞབས་ཞུ་དང་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་གཉིས་ཀྱིས་འབྲེལ་བ་བཙུགས་པ་བརྒྱུད་ནས། རྫོང་དེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་མི་བྲིན་པ་རྣམས་རང་ཡུལ་ནས་སྒོར་ཁྲི་21ལྷག་བྲིན་ཚོང་ཐུབ་པ་མངོན་འགྱུར་བྱུང་།
          ལི་ཐང་རྫོང་མཁར་དང་བར་ཐག་སྤྱི་ལེ་43ཡོད་པའི་མཚོ་གསུམ་ཡུལ་ཚོ་ལྷ་འགོ་གྲོང་ཚོའི་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ལྷ་འགོའི་མེ་ཏོག་མཚོ་མོའི་ནས་ཀྱི་སྦྲང་གོར་དེ་སྤུས་སྲུང་དུས་ཡུན་ཐུང་ཞིང་། རིམས་ནད་ཀྱི་སྟབས་ཀྱིས་ཕྱིར་འཚོང་བྱེད་ཐུབ་མེད་པ་དེ་ནི་གྲོང་ཚོའི་བཅའ་སྡོད་ལས་བྱེད་པ་ཏེང་ཞའོ་ཞ་ཡི་མགོ་བོ་ན་བའི་དོན་ཞིག་ཏུ་གྱུར་ཡོད་ལ། ཁོས་དངུལ་གྱི་དགོས་མཁོ་ཆེ་བའི་གྲོང་བ་རྟ་མགྲིན་གྱིས་གསར་དུ་བཙུགས་པའི་མཉམ་ལས་ཁང་འདི་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། 
          ཏོག་གསར་གློ་ཚད་རིམས་ནད་ཀྱི་སྟབས་ཀྱིས་ཕྱོགས་གཅིག་ནས་ལྷ་འགོ་གྲོང་ཚོ་ནང་བཞིན་ཡུན་རིང་ཕྱིན་མེད་པའི་མཉམ་ལས་ཁང་དག་གིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཁག་ཅིག་བྲིན་ཚོང་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད། ཕྱོགས་གཞན་ཞིག་ནས་རྫོང་གྲོང་གི་དུད་ཚང་ཁྲི་1.5དང་ལས་བྱེད་པ་དང་མང་ཚོགས་ཁྲི་4ལྷག་ཁང་བ་ནས་ཕྱིར་ཕྱིན་མི་ཆོག་པ་དང་འཚོ་བའི་མཁོ་ཆས་ཉོ་དགོས་པའི་བར་ལ་འགལ་བ་བྱུང་གིན་ཡོད། 
          དེར་བརྟེན་གུང་གཞོན་ཚོགས་པའི་རྫོང་ཨུད་ཀྱིས་རིམས་ནད་འགོག་སྲུང་འཕྲལ་སྒྲུབ་རུ་ཁག་གཙོ་བྱས་པའི་“རྐང་གླའི་”གཞོན་ནུ་དང་བླངས་ཞབས་ཞུ་རུ་ཁག་ལ་བརྟེན་ནས། ཞིང་འབྲོག་ཁུལ་དུ་མི་བྲིན་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དེ་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་བརྒྱུད་ལི་ཐང་རྫོང་གི་“རང་མིའི་”ལག་ཏུ་ཐད་ཀར་འཚོང་རྩིས་ཡོད་པ་རེད། བརྩེ་སེམས་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་སྤེལ་རེས་ཚོགས་པ་མགྱོགས་མྱུར་སྒོས་བཙུགས་པ་དང་འབྲེལ་ས་ཁུལ་ཁག་གི་འབྲེལ་བ་བྱེད་པའི་མི་སྣ་དམིགས་འཛུགས་ཀྱང་བྱས་ཡོད། དུས་མཚུངས་སུ་ལི་ཐང་རྫོང་གི་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་གི་སྐད་འཕྲིན་ཚོགས་པ་4བཙུགས་ཤིང་། དེའི་ནང་བསྡོམས་པས་ལས་བྱེད་པ་དང་མང་ཚོགས་2000ལྷག་ཞུགས་ཏེ་ཅ་ལག་ཉོ་སྒྲུབ་བྱས་ཆོག་པ་དང་། ད་དུང་ཐུན་མོང་དཔལ་འབྱོར་དང་མཉམ་ལས་ཁང་གིས་བཙོང་མ་ཚར་བའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཡང་བྱས་ཆོག་པ་རེད། གྲོང་མིའི་གཞིས་ཁུལ་ཆུང་ཁག་དང་བཞི་མདོའི་ལམ་ཁག་ཏུ་“ལི་ཐང་APP”ཞེས་པའི་རྩ་གཉིས་ཨང་རྟགས་ཀྱི་དྲིལ་བསྒྲགས་ཤོག་བྱང་1000ལྷག་ཙམ་སྦྱར་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ཨང་རྟགས་བཤེར་ཏེ་APPཕབ་ལེན་བྱས་རྗེས་ཉོ་སྒྲུབ་བྱེད་ཆོག
ན་གཞོན་དང་བླངས་པས་རྐང་གླའི་དང་བླངས་ཞབས་ཞུ་བྱེད་བཞིན་པའི་ཚུལ།
          ཧ་དབྱི་ཡུལ་ཚོ་མངན་པ་གྲོང་ཚོའི་འབྱོར་འབྲིང་འདེབས་གསོ་ཆེད་ལས་མཉམ་ལས་ཁང་གིས་རིན་ཐང་སྒོར་63000ཟིན་པའི་ཁྲུང་ཁྲུང་བོད་སྤོས་སྒམ་532དང་། ལྷ་བོ་ཡུལ་ཚོའི་རིན་ཐང་སྒོར་17000ཟིན་པའི་པད་སྣུམ་ཟོ་200། འབྲོམ་ལ་གྲོང་ཚོ་དང་ཁྱུང་དཀར་གྲོང་ཚོ། ལྷ་བོ་ཡུལ་ཚོའི་ཞེ་འཛོམས་གྲོང་ཚོའི་ཞོག་ཁོག་སྨུག་པོ་ཏུན་10ཡོད་པ། མཚོ་གསུམ་ཡུལ་ཚོ་ལྷ་འགོ་གྲོང་ཚོའི་བདེ་ཐང་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རིན་ཐང་སྒོར་5100ལྷག་ཟིན་པའི་ལྷ་འགོའི་ནས་འབྲུའི་ནས་ཀྱི་སྦྲང་གོར་སོགས་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་རྣམས་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་ནང་ཞུགས་ཡོད། མིག་སྔར་ལི་ཐང་རྫོང་བརྩེ་སེམས་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་གིས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་བརྡལ་24ཡི་ཚོང་ཟོག་སྣ་ཁ་136ཉོ་སྒྲུབ་བྱས་པར་རིན་ཐང་སྒོར་ཁྲི་400ལྷག་ཙམ་ཟིན་ཡོད།
ན་གཞོན་དང་བླངས་པས་ཚོང་མགྲོན་ལ་ཉོ་སྒྲུབ་བྱེད་བཞིན་པ།
          མིག་སྔའི་བར་“རྐང་གླའི”ཞབས་ཞུར་ཁྱོན་རྩིས་ལེན་སྡེབ་སྐྱེལ་ཐེངས་60000ལྷག་ཙམ་བྱས་པ་དང་། ས་གནས་དེ་གའི་ཐོན་རྫས་དམངས་སྒོར་ལ་ཕབ་ན་ཁྱོན་བསྡོམས་སྒོར་ཁྲི་21ལྷག་ཙམ་འགྲེམ་འཚོང་བྱས་ནས་ལི་ཐང་གི་ཡུལ་དེའི་“འཛད་སྤྱོད་དབུལ་སྐྱོར”ལ་སྐུལ་འདེད་ཆེན་པོ་བཏང་ཡོད།
          “རིམས་ནད་སྐབས་སུ་གུང་གཞོན་ཚོགས་པའི་རྫོང་ཨུད་ཀྱིས་གནད་སྨིན་དབུལ་སྐྱོར་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཟུང་འབྲེལ་ནུས་ལྡན་བྱས་པ་བརྒྱུད། མཉམ་སྡེབ་དཔལ་འབྱོར་དང་མཉམ་ལས་ཁང་གི་མི་བྲིན་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་ལམ་རྙེད་ནས་ལི་ཐང་རྫོང་གི་དབུལ་སྐྱོར་བརྩེ་སེམས་སྒོ་རྩིས་ཚོང་ཁང་གི་ལས་སྟེགས་ཀྱིས་‘ཕན་འབྲས་ཆེ་ཤོས’འདོན་སྤེལ་བྱས་ཤིང་། ལས་བྱེད་པ་དང་མང་ཚོགས་ཀྱིས་རིམས་འགོག་སྐབས་སུ་ཕྱི་རུ་མི་བསྐྱོད་པར་‘ཚོང་ཟོག་ལེན་རྒྱུ’དང་། དམིགས་བསལ་དུས་སྐབས་ཀྱི་‘གཅིག་གོ་གཉིས་ཆོད་’མངོན་འགྱུར་ཡོང་བ་བྱས་པ་རེད།”ཅེས་གུང་གཞོན་ཚོགས་པའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་བསོད་ནམས་ཀྱིས་དགའ་ཚོར་ཆེན་པོ་དང་བཅས་དེ་ལྟར་བཤད།