དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

གཟི་ཚ་སྡེ་དགུ་ཡིས་ཐོན་ལས་གླིང་ཁུལ་བསྐྲུན་ནས་ཞིང་བའི་ཡོང་འབབ་འཕར་བ།

སྤེལ་དུས 2020-05-22 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          2014ལོའི་ཚུན་གཟི་ཚ་སྡེ་དགུ་རྫོང་ཏ་ཧྲིན་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་ཞིན་ཧའེ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གཉིས་སྔ་གཞུག་ཏུ་བཙུགས་པ་དེས་ས་གནས་ཀྱི་ཐོན་ལས་གླིང་ཁུལ་གཉིས་ཆགས་པ་མཚོན་ཞིང་། གླིང་ཁུལ་དེས“ཀུང་སི+ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་དུད“བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་ནས་མུའུ་རེ་ལ་ལོ་རེར་སྒོར500ཡི་ཚད་གཞི་ལྟར་ས་ཞིང་མུའུ12920འཁོར་སྐྱོད་བྱས་ཏེ། མུའུ4580ཟིན་པའི་འདེབས་འཛུགས་གསོ་ཚགས་རྟེན་གཞི་དང་མུའུ8000ཟིན་པའི་སྤྲོ་གསེང་ཞིང་ལས་དཔེ་སྟོན་རྟེན་གཞི་བཅས་བསྐྲུན་པ་རེད།
          ཐོན་ལས་གླིང་གིས་ལས་གནས་མང་པོ་མཁོ་འདོན་བྱས་ནས་ས་གནས་ཀྱི་མང་ཚོགས་རང་ཁྱིམ་གྱི་ཐག་ཉེ་སར་ལས་ཀ་བྱེད་པར་གདན་དྲངས་ཏེ་མང་ཚོགས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར1000ནས3000བར་འཕར་བར་སྐུལ་ཁྲིད་བྱས་ཡོད། །