དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་སྐྱོར་བརྗོད་དོན་གློག་བརྙན《གངས་ལྗོངས་ཀྱི་ལང་ཚོ》ཞེས་པའི་ཕབ་སྐྲུན་གྱི་མགོ་བཙུགས།

སྤེལ་དུས 2021-01-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

གློག་བརྙན《གངས་ལྗོངས་ཀྱི་ལང་ཚོ》ཞེས་པ་ཕབ་སྐྲུན་གྱི་མགོ་བཙུགས་པའི་མཛད་སྒོ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100ལོན་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ལོན་པར་དྲན་གསོ་ཞུ་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཧྲན་ཏུང་ཞིང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཉམ་འབྲེལ་ཐོག་བོད་སྐྱོར་བརྗོད་དོན་བྱས་པའི་གློག་བརྙན《གངས་ལྗོངས་ཀྱི་ལང་ཚོ》ཞེས་པ་ལོ6རིང་གྲ་སྒྲིག་དང་ཇུས་འགོད་བྱས་མཐར། 2020ལོའི་ཟླ12པའི་ཟླ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་ཕབ་སྐྲུན་གྱི་མགོ་བཙུགས་པ་དང་། 2021ལོའི་ཟླ་དང་པོའི་ཟླ་མཇུག་ཏུ་དུས་མགོའི་ཕབ་སྐྲུན་གྱི་མཇུག་སྒྲིལ་རྒྱུ་ཡིན་ལ། སྔོན་དཔག་བྱས་ན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་དུས་སུ་སྟོན་རྒྱུ་རེད།

《གངས་ལྗོངས་ཀྱི་ལང་ཚོ》ཞེས་པའི་གློག་བརྙན་འདྲ་པར།
          འཁྲབ་གཞུང་འདི་ནི་གསེར་བྱ་དང་མེ་ཏོག་སྣ་བརྒྱ་གཉིས་ཀྱི་བྱ་དགའ་ཐོབ་མཁན་གློག་བརྙན་གྱི་རྒྱལ་མོ་ན་རེན་ཧྭ་དང་། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡུས་ཆན། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཇིགས་མེད་ཕུན་རྒྱལ་སོགས་འཁྲབ་གཞུང་རྩོམ་མཁན་མང་པོ་ཞིག་གིས་མཉམ་དུ་གསར་རྩོམ་བྱས་ཤིང་། གསར་རྩོམ་ཚོགས་པ་སྔ་རྗེས་སུ་བོད་ལ་ཐེངས་བཅུ་ལྷག་བསྐྱོད་དེ་གཞུང་ཞབས་པ་དང་། དགེ་རྒན། དམག་མི། སྨན་པ་སོགས་ལས་བྱེད་དང་མང་ཚོགས་འབོར་ཆེན་ལ་བཅར་འདྲི་བྱས་པ་དང་འབྲེལ་ཁོང་ཚོ་དང་མཉམ་བཟའ་མཉམ་སྡོད་མཉམ་ལས་བཅས་བྱས་ནས་གསར་བརྗེ་པ་རྒན་རབས་རྣམས་བོད་དུ་བསྐྱོད་དེ་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་དཔའ་བོའི་བྱས་རྗེས་འཚོལ་བསྡུ་བྱས་ཤིང་། བོད་བསྐྱོད་པ་མི་རབས་གཉིས་པ་དང་གསུམ་པ་དང་དུས་སྐབས་སོ་སོའི་ནང་གི་སློབ་ཆེན་སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་ངང་བོད་ལྗོངས་སུ་བསྐྱོད་དེ་བྱས་རྗེས་འཇོག་པ་དང་ལང་ཚོ་ལེགས་སྐྱེས་སུ་ཕུལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་རྣམས་འཚོལ་བསྡུ་བྱས་པ་རེད།

《གངས་ལྗོངས་ཀྱི་ལང་ཚོ》ཞེས་པའི་གློག་བརྙན་འདྲ་པར།
          འཁྲབ་གཞུང་འདིར་ཞིབ་འཇུག་དང་གྲོས་བསྡུར་བཟོ་བཅོས་ཐེངས་མང་བྱས་མཐར་ན་གཞོན་ཚོས་བོད་ལྗོངས་ལ་རྒྱུས་མངའ་གང་ཡང་མེད་པ་ནས་རྩ་བ་བཙུགས་ཏེ་གོམས་པའི་བར་དང་། དེ་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པའི་སྣོན་པའི་བརྒྱུད་རིམ་མཚོན་པར་བྱས་ཏེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་སྐྲུན་བོད་སྐྱོར་པ་མི་རབས་ནས་མི་རབས་བར་བོད་ལྗོངས་སུ་གཞི་ཚུགས་པ་དང་། མཐའ་མཚམས་འཛུགས་སྐྲུན་བྱེད་པ། ས་མཐོའི་ཡུལ་གྲུ་ལ་ལེགས་སྐྱེས་འབུལ་བ། ཐོག་མའི་བསམ་འདུན་མི་འགྱུར་བ་བཅས་ཀྱི་རླབས་ཆེ་བའི་བརྩེ་སེམས་གཅིག་བསྡུས་ཀྱིས་མཚོན་ཡོད། གློག་བརྙན་ཕབ་སྐྲུན་མཁན་ཝང་ལིན་གྱིས“ཁོང་ཚོས་གནོང་འགྱོད་སྤུ་ཙམ་ཡང་མེད་པར་དད་འདུན་དང་བརྟན་སྲུང་། བློ་དཀར་གྱི་ཞབས་རྗེས་གངས་ལྗོངས་ས་མཐོར་བཀོད་ནས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས’ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན”ཞེས་བཤད།
རྩོམ་སྒྲིག་པ། སྣང་རྡོར།