དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

གཙང་རལ་ཟམ་ཆེན་དེ་བསྐྲུན་ཚར་ལ་ཉེ།

སྤེལ་དུས 2021-04-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ལྷ་ས་གྲོང་ཁྱེར་གཙང་རལ་ཟམ་ཆེན་གྱི་ལས་གྲྭའི་རྣམ་གྲངས་དེ།
གཞུང་ལམ་འཆར་འགོད་ཁྲོད་ནས་གྲོང་ཁྱེར་གྱི་ལམ་གཙོ་བོར་གྱུར་ཞིང་།
རྣམ་གྲངས་ཇུས་འགོད་ཀྱི་འགོ་འཛུགས་ས་ནི་གཙང་རལ་ལམ་དང་མགོན་པོ་ཐང་ལམ་གྱི་བསྣོལ་མཚམས་ན་ཡོད།
གཙང་རལ་ལམ་ནས་ལྷོ་ཕྱོགས་སུ་བསྲིངས་པ་དང་།
ཆུ་ངོགས་ལམ་དང་བསྣོལ་རྗེས།
ལྷ་ས་སྐྱིད་ཆུའི་མཐའ་སྣེར་བརྒལ་ནས།
མཇུག་སྣེ་ནི་ལྷོ་སྐོར་ལམ་དང་ཐད་ཀར་སྣོལ་ཡོད།

གཙང་རལ་ཟམ་ཆེན་གྱི་རྣམ་གྲངས་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྨི905ཡོད་པ་དང་།
ཕྱོགས་གཉིས་ནས་འཁོར་ལམ་དྲུག་ཡོད་པའི་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོའི་ཇུས་འགོད་ཚད་གཞི་སྤྱད་དེ།
རླངས་འཁོར་གྱི་མྱུར་ཚད་ནི་ཆུ་ཚོད་རེར་སྟོང་སྨི60ཡིན་པ་ཇུས་འགོད་བྱས།
ལམ་འདི་ནི་སྣུམ་སྙིགས་ཨར་འདམ་བསྲེས་མའི་ལམ་ངོས་ཡིན་ལ།
མིག་སྔར་རྣམ་གྲངས་དེ་སྤྱིའི་མྱུར་ཚད་ཀྱི70%ལེགས་གྲུབ་བྱུང་ནས།
2021ལོའི་ཟླ5པར་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་བཀོད་ཡོད།

         ཤེས་རྟོགས་བྱུར་བར་གཞིགས་ན། གཙང་རལ་ཟམ་ཆེན་འགྲུབ་རྗེས་ལྷ་ས་སྐྱིད་ཆུའི་འགྲམ་རྒྱུད་ཀྱི་ཁྱད་ལྡན་བར་མཐོངས་གསར་སྤེལ་རྣམ་གྲངས་ཀྱི་གྲས་ཡིན་པའི་ལྷ་སའི་ཆུ་ངོགས་ལམ་ལ་སྦྲེལ་རྒྱུ་རེད། ཟམ་པ་འདི་ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་གྲོང་ཁུལ་སྦྲེལ་བའི་གཙང་བརྒལ་ཟམ་ཆེན་གཞན་ཞིག་ཏུ་གྱུར་ནས་གྲོང་མི་འགྲོ་སྐྱོད་བྱ་རྒྱུར་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་མཐའ་འཁོར་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་གྱི“ཤར་བསྲིངས་བྱང་བསྐྱེད་ལྷོ་བརྒལ”གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་བྱང་གི་གྲོང་ཁུལ་དང་། ཤར་གྱི་གྲོང་ཁུལ་གསར། སྣེའུ་ཁུལ་གསར་བཅས་དབར་གྱི་འབྲེལ་བར་སྔར་བས་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་བཏང་ནས་གྲོང་ཁྱེར་གྱི་ནུས་པ་དང་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་དམིགས་ཡུལ་གལ་ཆེན་མངོན་འགྱུར་བྱས་ཏེ་རྒྱ་ཆེ་བའི་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ༎ སྣང་རྡོར།