ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཨར་རྒྱག་ལས་ལ་བྲེལ།

སྤེལ་དུས 2022-06-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ཤངས་ཆུ་ཆུ་བེད་ལྟེ་བ་དང་དེ་བཞིན་ལེ་ལག་ཚང་བའི་ཆུ་འདྲེན་ལས་གྲྭའི་ལས་ཡུལ་དངོས་ཡིན་པ།
         ཤངས་ཆུ་ཆུ་བེད་ལྟེ་བ་དང་དེ་བཞིན་ལེ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་གནས་ཡོད་པ་དང་ཡར་ཀླུང་གཙང་པོའི་གཡོན་ངོགས་ཀྱི་ཡན་ལག་ཆུ་བོ་ཤངས་ཆུའི་ཆུ་གཞུང་ཨ་མའི་ཐོག་གི་རིམ་པ་དང་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་དང་རྒྱུག་ཁུལ་ཞིང་ལས་ཀྱི་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་ཤིག་རེད། རྣམ་གྲངས་བསྐྲུན་རྗེས་ས་གནས་དེ་གའི་ཞིང་འབྲོག་ནགས་ཀྱི་ཆུ་འདྲེན་ཆ་རྐྱེན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བ་དང་བཟོ་ལས་ཐད་སྤྱོད་པའི་ཆུ་མཁོ་འདོན་བྱེད་ནུས། ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅས་ལེགས་སུ་ཕྱིན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་27ལྷག་ཙམ་བཏང་བ་དང་2022ལོའི་ཟླ་12པར་ལེགས་གྲུབ་ཟིན་རྒྱུ་རེད།