ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

སློབ་སྦྱོང་ལ་ཚར་དུས་མེད།

སྤེལ་དུས 2022-06-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

          ཉེ་ཆར། བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་གིས《མང་ཚོགས་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བར་བྱེད་དགོས། — ཞི་ཅིན་ཕིང་ཀྲེང་ཏིང་དུ་ཕེབས་པའི་རྗེས་ཤུལ》སོགས་བློ་མཐུན་ཞི་ཅིན་ཕིང་ས་གནས་སུ་ཕྱག་ལས་གནང་བའི་གནས་ཚུལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་པའི་དཔེ་དེབ་བཞི་དཔེ་སྒྲོམ་དུ་བསྒྲིགས་ནས་ཚོང་འགོ་བཙུགས་པ་མ་ཟད། ད་དུང་གྲོང་ཁྱེར་དང་ས་གནས་ཁག་གི་ཤིན་ཧྭ་དཔེ་ཚོང་ཁང་ལ་སྔ་རྗེས་སུ་འགྲེམས་སྤེལ་བྱས་པས་ཀློག་པ་པོ་མང་པོའི་ཡིད་དབང་འཕྲོག་ཅིང་། འདི་ནི་སྣེའུ་ཁུལ་གསར་གྱི་ཤིན་ཧྭ་དཔེ་ཚོང་ཁང་གི་ལས་དོན་མི་སྣས་དཔེ་དེབ་གསར་པ་དཔེ་སྒྲོམ་ཐོག་སྒྲིག་བཞིན་པ།