ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བདེ་འཇགས་ངང་ཕྱིར་སྐྱོད། བདེ་སྐྱིད་མཉམ་དུ་འགྲོགས།

སྤེལ་དུས 2022-06-27 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དབན་ཏ་ཐང་ཆེན་དུ་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།
        རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་ཆེད། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས“6·16བདེ་འཇགས་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། དྲིལ་བསྒྲགས་འགྲེམས་པང་འཛུགས་པ། དྲིལ་བསྒྲགས་བློ་འདྲིའི་ལས་སྟེགས་བཀོད་སྒྲིག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ། བདེ་འཇགས་ཤེས་བྱ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྤྱི་ཚོགས་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་གནད་དོན་ལ་འགྲེལ་བཤད་བརྒྱབ་པ། མི་དམངས་མང་ཚོགས་ཀྱིས་ཉེ་འགྲམ་གྱི་བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་ཐེར་འདོན་ཧུར་ཐག་བྱེད་པར་སྐུལ་ལྕག་བཅས་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང“མི་ཚང་མས་བདེ་འཇགས་ཐོན་སྐྱེད་ལ་སེམས་ཁུར་བྱས་ནས་མཉམ་དུ་བདེ་འཇགས་སྲུང་སྐྱོང་བྱེད་པའི”སྤྱི་ཚོགས་ཁོར་ཡུག་ཧུར་ཐག་བཏོད་ཅིང་།