ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས། ཏང་གི་བཀའ་དྲིན་སེམས་ལ་བཅངས།

སྤེལ་དུས 2022-06-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

            ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས“བྱིས་པའི་སེམས་པ་ཏང་ལ་ཕྱོགས་ནས་བདུན་གཅིག་ལ་རྟེན་འབྲེལ་ཞུ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ”དང“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ལོ་ཆུང་བྱིས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་དང་། རྫོང(ཆུས)ཁག་དང་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སློབ་གྲྭ་དང་ཚན་པས་འོས་སྦྱོར་བྱས་པའི་ཞབས་བྲོ་དང་། རོལ་དབྱངས། གླུ་ལེན་ཞབས་བྲོ། ལྷ་མོ་བཅས་རིགས་ཆེན་པོ་བཞིའི་ཁྱོན་ལེ་ཚན་12སྐོང་འཁྲབ་ནང་ཞུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ། ཕྲུ་གུ་ཚོས་སྤྲོ་སྣང་ལྡན་པའི་གར་སྟབས་དང་སྙན་འཇེབས་ལྡན་པའི་གླུ་དབྱངས་ལ་བརྟེན་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་ཀྱི་ལྷག་བསམ་རྣམ་དག་གི་བརྩེ་སེམས་མཚོན་པར་བྱས་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཚོས《སྐལ་བཟང་མེ་ཏོག་འབྱུང་འགྱུར་ལ་ཕྱོགས》ཞེས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།