ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཀྱིས་བོད་ལྗོངས་མང་ཚོགས་ཀྱི་བདེ་ཐང་ཐོབ་སྣང་མཐོར་འདེགས་སུ་བཏང་བ།

སྤེལ་དུས 2022-11-29 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          2015ལོར་རྒྱལ་ཡོངས་བོད་སྐྱོར་ལས་དོན་གྱི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལག་བསྟར་བྱེད་མགོ་ཚུགས་པ་ནས་བཟུང་། རོགས་སྐྱོར་བྱ་ཡུལ་གྱི་སྨན་དོན་མི་སྣ་ཡོངས་ཀྱི་བྱང་ཚད་མངོན་གསལ་མཐོར་འདེགས་སུ་ཕྱིན་པ་དང་། བོད་ལྗོངས་གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཀྱི་ཆུ་ཚད་མངོན་གསལ་ལེགས་བཅོས་བྱུང་ཡོད། ལོ་ངོ་བདུན་རིང་འབད་པ་བྱས་པ་བརྒྱུད། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཀྱི་ཆེད་མཁས་པ་དང་ཐོན་ཁུངས་བོད་ལྗོངས་ཀྱི་རྫོང་རིམ་པའི་མི་དམངས་སྨན་ཁང13དུ་ཁྱབ་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོན།