ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་མཐོ་སྒང་གི་ནུས་མང་ཐབ་ཆས་ཐོན་སྐྱེད་བྱེད་པར་སྐུལ་འདེད་བཏང་བ།

སྤེལ་དུས 2022-11-29 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

མཐོ་སྒང་གི་ཐབ་ཆས་ཐོན་སྐྱེད་བྱེད་པ། 
           ཉེ་ཆར། བོད་ལྗོངས་མཐོ་སྒང་ས་ཁུལ་གྱི་ནུས་མང་ཐབ་ཆས་རྣམ་གྲངས་དངོས་སུ་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། གཙོ་བོ་བཙའ་མི་ཆགས་པའི་ངར་ལྕགས་དང་ཐེད་འདྲེས་མ་རྒྱུ་ཆ་བྱས་ནས་ནུས་མང་ལུམས་བ་དང་སླ་ངའི་རིགས་ཀྱི་ཐབ་ཆས་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་ཡོད།

           མཐོ་སྒང་ས་ཁུལ་གྱི་གཡོས་སྦྱོར་ཐབ་ཆས་བཀོལ་སྤྱོད་གོ་རིམ་རྙོག་འཛིང་ཆེ་ཞིང་། གཡོས་སྦྱོར་བྱེད་དུས་གནོན་ཤུགས་མི་འདང་བ། ནུས་བ་གཅིག་རྐྱང་ཡིན་པ། བདེ་འཇགས་ཕྱོགས་ཀྱི་མངོན་མེད་རྐྱེན་ངན་བཅས་ཀྱི་གནད་དོན་ཐག་གཅོད་པའི་ཕྱིར། བོད་ལྗོངས་ཀྱིས་རྒྱལ་ནང་གི་ཁེ་ལས་མིང་གྲགས་ཅན་འགའ་རྩ་འཛུགས་བྱས་ནས་མཐོ་སྒང་གི་འཚོ་བ་དང་འཚམ་པའི་གཡོས་སྦྱོར་ཐབ་ཆས་ཞིབ་འཇུག་གསར་གཏོད་བྱས་ནས་མཐོ་སྒང་གི་གཡོས་སྦྱོར་ཐབ་ཆས་ཁྲོམ་ར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོན།