ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

བོད་ལྗོངས་ཀྱི་ཁེ་ལས་གཉིས་རྒྱལ་ཡོངས་ཀྱི་བཟའ་བཅའ་གཙོ་བོ་ལས་སྣོན་ལས་རིགས་ཀྱི་དཔེ་སྟོན་ཁེ་ལས་ལ་བདམས་པ།

སྤེལ་དུས 2018-01-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། རྡོ་རྗེ།
          བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཞིང་ལས་པུས་རྒྱལ་ཡོངས་ཀྱི་བཟའ་བཅའ་གཙོ་བོ་ལས་སྣོན་ལས་རིགས་ཀྱི་དཔེ་སྟོན་ཁེ་ལས(ཁག་ལྔ་པ)ཀྱི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། དེའི་ནང་བོད་ཀྱི་བོད་ལྗོངས་སྐལ་བཟང་ནས་ཀྱི་བཟའ་བཅའ་ཚན་རྩལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་གཙང་གཞུང་ཁྱད་ལྡན་ཞིང་ལས་ཐོན་ཟོག་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ཚུད་ཡོད། མིག་སྔའི་བར་བོད་ལ་རྒྱལ་ཡོངས་ཀྱི་བཟའ་བཅའ་གཙོ་བོ་ལས་སྣོན་ལས་རིགས་ཀྱི་དཔེ་སྟོན་ཁེ་ལས་ཁྱོན་བསྡོམས་4ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བཟའ་བཅའ་གཙོ་བོ་ལས་སྣོན་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་སྐོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་ཐང་གི་ཆུ་ཚད་མཐོ་རུ་བཅས་གཏོང་ཆེད། ཞིང་ལས་པུས་རྒྱལ་ཡོངས་ཀྱི་བཟའ་བཅའ་གཙོ་བོ་ལས་སྣོན་ལས་རིགས་ཀྱི་དཔེ་སྟོན་ཁེ་ལས་དཔྱད་འདེམས་ལས་དོན་སྒྲིག་འཛུགས་ཀྱིས་སྤེལ་བ་རེད། བོད་ཀྱིས་འབྲེལ་ཡོད་ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ནས་འདུན་ཞུ་བྱས་པ་དང་། བྱེད་པོ་སྐྱེད་སྲིང་མྱུར་པོ་དང་སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དཔེ་མཚོན་བཏོན་པས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།