ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་དང་གྲོས་མོལ་གནང་བ།

སྤེལ་དུས 2018-01-11 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། པ་སངས་ཀྱིས་བསྒྱུར།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དམ་ཟབ་ཡུན་རིང་གི་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོ་དང་རྒྱང་རིང་གི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གཅིག་གྱུར་གནང་བ།
ཟླ་1ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་མ་ཁེ་རུན་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པའི་གནས་ཚུལ་ཡིན་པ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཛའ་གྲོགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་དམ་ཟབ་ཡུན་རིང་གི་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོ་དང་ཡུན་རིང་གི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་བ་རེད།
          ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་མ་ཁེ་རུན་ནི་2018ལོར་ཀྲུང་གོར་འཚམས་འདྲི་གནང་མཁན་ཕྱི་རྒྱལ་གྱི་གཙོ་བདག་དང་པོ་དེ་ཡིན་ལ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྲུང་གོར་འཚམས་འདྲི་གནང་མཁན་ཡོ་རོབ་རྒྱལ་ཁབ་ཀྱི་གཙོ་བདག་དང་པོ་དེ་ཡང་ཡིན། ཀྲུང་ཧྥའི་འབྲེལ་བར་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་ནང་དོན་ལྡན་ཡོད། ད་ཕན་ལོ་ཤས་རིང་ཀྲུང་ཧྥའི་འབྲེལ་བ་མུ་མཐུད་དེ་ཆུ་ཚད་མཐོ་པོའི་ཐོག་འཕེལ་རྒྱས་ཕྱིན་ནས་དེ་བས་བརྟན་དུ་ཕྱིན་པ་དང་འབྲེལ་གསོན་ཤུགས་ཀྱིས་ཁེངས་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་འགྲོ་འོང་བྱ་རྒྱུ་ཟབ་ཏུ་གཏོང་བ་དང་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱ་རྒྱུ་ཟབ་ཏུ་བཏང་སྟེ་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་འདོད་ཡོད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པར་ཀྲུང་ཧྥའི་འབྲེལ་བ་དེ་བས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ན། ཕྱོགས་གཉིས་པོས་འབྲེལ་མཐུད་སྤེལ་རེས་བྱ་རྒྱུ་དེ་བས་ཟབ་ཏུ་གཏོང་དགོས། གཙོ་བདག་ཕྱི་འབྲེལ་གྱིས་ཕྱོགས་གཉིས་པོའི་འབྲེལ་བའི་ཐད་འདོན་པའི་ཆབ་སྲིད་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། དམག་དཔུང་སོགས་ཀྱི་སྡེ་ཚན་ཁག་དང་རིམ་པ་ཁག་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་དང་རྒྱལ་ཁབ་གཉིས་དབར་གྱི་གླེང་མོལ་ལམ་སྲོལ་ཁག་གི་སྤྱི་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་ལྟ་རྟོག་དང་འགལ་ཟླ་ཐག་གཅོད་འོས་འཚམ་བྱས་ཏེ་ཀྲུང་ཧྥའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་འགྲོ་ལམ་ཐོག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱེད་དགོས། ཕྱོགས་གཉིས་པོས་ནུས་རྒྱུ་དང་འཇིག་རྟེན་འཕུར་སྐྱོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་དགོས། མཉམ་ལས་ཀྱི་འཕར་གནས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱས་ནས་ཞིང་ལས་བཟའ་བཅའ་དང་། སྨན་བཅོས་འཕྲོད་བསྟེན། གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས། ལྗང་མདོག་བཟོ་སྐྲུན། དངུལ་རྩ་སོགས་གསར་དར་ཁྱབ་ཁོངས་མཉམ་ལས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། “ཀྲུང་གོའི་ལན་པར་2025”དེ་ཧྥ་རན་སེའི“འབྱུང་འགྱུར་བཟོ་ལས”འཆར་འགོད་ཀྱི་ཕྱོགས་ཁག་དང་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གྲངས་འཛིན་དཔལ་འབྱོར་དང་། མི་བཟོས་རིག་ནུས། སྔོན་ཐོན་བཟོ་སྐྲུན་ལས་རིགས་སོགས་ཀྱི་ལེགས་ཆ་གསབ་རེས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་བཏོན་པའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་དངོས་ཕན་མཉམ་ལས་ཡོང་བ་བྱས་ནས་ཐུན་མོང་ཐོག་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོའི་གྲ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་དེ་བས་མང་པོ་སྐོང་འཐེན་བྱས་ནས་ཀྲུང་ཧྥའི་མཉམ་ལས་ནང་ཧུར་ཐག་ཞུགས་ཏེ་ས་གནས་དབར་གྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཁྱབ་ཁོངས་ཁག་གི་ཕུགས་ཕན་མཉམ་ལས་དང་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་འབྲེལ་2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་2024ལོའི་ཕ་རི་སིའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ལུས་རྩལ་མཉམ་ལས་ཟབ་ཏུ་གཏོང་བ་དང་ཡུལ་སྐོར་དང་གཞོན་ནུ་སོགས་ཀྱི་ཁྱབ་ཁོངས་འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།
          ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས་ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་ཕྲག་ཐོག་ཏུ་འཁུར་བའི་དམིགས་བསལ་འགན་འཁྲི་ཡག་པོ་བསྒྲུབས་ཏེ་ཕྱོགས་མང་ཐོག་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་དེར་སྲུང་སྐྱོང་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ལག་གདང་སྦྲེལ་ནས་ཕན་ཚུན་བརྩི་འཇོག་དང་། གཞུང་དྲང་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཞིག་ཏུ་བསྐྲུན་དགོས། མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པ། རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ཏེ་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུ་དེ་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གླེང་མོལ་དང་ཞི་བའི་ཐོག་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་དང་། འཇིགས་སྐུལ་རིང་ལུགས། དྲ་རྒྱའི་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་ཐད་མཉམ་ལས་བྱེད་པ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་དགོས།
          རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཐའེ་ཧྲན་ཉིང་རྡུལ་གློག་ཁང་གི་ཡོ་རོབ་ཀྱི་སྔོན་ཐོན་ཆུ་བླུགས་གྲང་བཟོའི་འགྱུར་ཕུང་གི་གོ་ལ་ཧྲིལ་པོའི་འགྱུར་ཕུང་དང་པོའི་ལས་གྲྭར་མིང་འདོགས་དང་སྒོ་བྱང་ཁེབས་རས་ཕྱེ་བའི་མཛད་སྒོར་ཞུགས་ནས་རྒྱལ་ཁབ་གཉིས་པོས་ཀྲུང་ཧྥ་ཁེ་ལས་མཁས་ཅན་ཨུ་ལྷན་བཙུགས་པའི་བསམ་ཤེས་དྲན་ཐོ་དང་དེ་བཞིན་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་འཛུགས་རྒྱུ་དང་། ཉིང་རྡུལ་ནུས་པ། བར་མཐོངས་ལག་རྩལ། ཤེས་ལྡན་མི་སྣའི་སྤེལ་རེས། ཁོར་ཡུག་སྲུང་སྐྱོང་། དངུལ་རྩ། འཕྲོད་བསྟེན། མཁའ་འགྲུལ། ཞིང་ལས། རྒན་གསོ། རིག་གནས། སློབ་གསོ། ཚོང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།