ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཝུའུ་དབྱིང་ཅེ་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་གལ་ཆེའི་གསུང་བཤད་གནང་བ།

སྤེལ་དུས 2018-01-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་།

          ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ནག་ཆུའི་འཐུས་མི་ཚོགས་པའི་སར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་གྲོས་ཞིབ་གནང་བ་རེད། འདི་ནི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་གཟིགས་པའི་གནས་ཚུལ་ཡིན་པ།
          ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ནག་ཆུའི་འཐུས་མི་ཚོགས་པའི་སར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་གྲོས་ཞིབ་གནང་བ་རེད། 
          རྡོ་རྗེ་ཚེ་སྒྲུབ་དང་། ཅ་ལི་གོ ལིའུ་ཀོང་ཤུས། ལོ་མེས་སོགས་གྲོས་ཞིབ་ནང་ཞུགས་ཡོད་པ་རེད། 
          གྲོས་ཞིབ་གནང་རིང་། འཐུས་མི་རྡོ་རྗེ་ཚེ་སྒྲུབ་དང་། སངས་རྒྱས་བཀྲ་ཤིས། ཚེ་རིང་བཀྲ་ཤིས། དྭགས་པོ་རྣམ་རྒྱལ་དབང་ཕྱུག་སོགས་འཐུས་མིས་གཙོ་གནད་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམིགས་ནས། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་བྱེད་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ས་མཐོའི་ཁྱད་ལྡན་འབྲོག་ལས་ཡག་པོ་གཉེར་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་སྐོར་ལ་མྱོང་ཚོར་གླེང་བ་དང་། མཐོང་ཐོས་ཤོད་པ། བསམ་འཆར་འདོན་པ་བཅས་གནང་ཞིང་། ཝུའུ་དབྱིང་ཅེས་གསན་གྱིན་དུ་ཟིན་བྲིས་བསྐྱོན་གནང་སྟེ་འཐུས་མི་ཚོ་དང་མཉམ་དུ་འབབ་འཕར་གྱི་གཙང་རྩིས་ཤིག་རྒྱག་པ་དང་ཕྱུག་འགྱུར་ལམ་བུ་དོན་གཉེར་གནང་བས་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད། ཝུའུ་དབྱིང་ཅེས་འཐུས་མི་རྣམ་པ་ཚོའི་བསམ་འཆར་དང་གྲོས་འགོ་དེ་དག་ནི་གཞི་རིམ་འཐབ་ཕྱོགས་དང་པོ་ནས་བསྣམས་ཡོང་བ་ཞིག་ཡིན་པས་དེ་དག་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འདུན་མཚོན་གྱི་ཡོད། དེ་ནི་ང་ཚོས་ལས་དོན་ཁག་སྔར་བས་ལེགས་པའི་སྒོ་ནས་འཆར་འགོད་བྱ་རྒྱུར་རོགས་རམ་ཧ་ཅང་ཆེན་པོ་ཡོད། བློ་མཐུན་ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་ལག་བསྟར་བྱས་པ། གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་དེ་ནི་དངོས་ཐོག་བདེན་འཚོལ་དང་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པ་དང་། ལས་དོན་བཀོད་སྒྲིག་གནང་བའི་དམིགས་ཚད་ཁ་གསལ་བ་དང་བྱེད་ཐབས་ནུས་ལྡན་ཡིན་པ་ལས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རེ་འདོད་གང་ལེགས་མཚོན་པས་རང་ཉིད་མོས་མཐུན་རྦད་དེ་ཡོད་ཅེས་གསུངས། 
          ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་ནག་ཆུ་ས་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོར་ཕན་པ་འདོགས་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པའི་འདེགས་སྐྱོར་ཤུགས་ཆེན་གནང་བ་ལས་བྱུང་བ། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་ནག་ཆུ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་དང་སྐད་གྲགས་མེད་པར་ལེགས་སྐྱེལ་ཕུལ་བ་ལས་བྱུང་བ་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད། 
          ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། དུས་རབས་གསར་པས་ལས་འགན་གསར་པ་དཀྲིས་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པས་བྱ་སྤྱོད་གསར་པར་འབོད་བརྡ་བཏང་ཞིང་། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ཀྱི་ལོ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལོ་བཅས་རེད། ནག་ཆུ་ས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ནག་ཆུའི་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ང་ཚོའི་འབད་འཐབ་དམིགས་ཚད་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་འགལ་ཟླའི་འགྱུར་ལྡོག་ལ་དམ་པོར་དམིགས་པ་དང་། བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི་བསམ་བློ་བརྟན་པོར་འཛུགས་པ། “གཞན་གྱིས་ནུས་ཤུགས་ཏིལ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་པའི”ངར་ཤུགས་དང་དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། དོན་དངོས་ལ་གཞི་ཚུགས་པ་དང་། དངོས་ཐོག་བདེན་འཚོལ། དངོས་སྒྲུབ་གོང་བཀུར། དོན་འཁྱོལ་ལ་དམ་འཛིན། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་ནག་ཆུའི་བྱ་གཞག་ཁག་ལ་ཚད་བརྒལ་གསར་པ་ཡོང་བ་དང་སྐས་རིམ་གསར་པར་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 
མཇུག་ཏུ་ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། གཅིག་ནས་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་བྱེད་དགོས་པ་དང་། གཉིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ། གསུམ་ནས་ནག་ཆུའི་ལས་དོན་གྱི་བྱེད་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ། ལྔ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས་པ། དྲུག་ནས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས་པ། བདུན་ནས་མཛེས་སྡུག་ལྡན་པའི་ནག་ཆུ་འཛུགས་སྐྲུན་མངོན་གསལ་དོད་དུ་གཏོང་དགོས་པ། བརྒྱད་ནས་ནམ་ཡང་ཚར་དུས་མེད་པའི་སེམས་ཤུགས་ཆེན་པོར་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་པ། དགུ་ནས་སྒོ་འབྱེད་དང་སྤེལ་རེས་རྒྱ་ཆེར་གཏོང་དགོས།