ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གནས་ནང་དགོན་དང་མཚུར་ཕུ་དགོན་དུ་ཕེབས་ནས་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་གནང་བ།

སྤེལ་དུས 2018-05-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། གནམ་ཕྱུག་རྒྱལ་གྱིས་བསྒྱུར།
ཝུའུ་དབྱིང་ཅེས་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་གནང་སྐབས།
རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང“ཁྲིད་སྟོན”ཐད་གཞོལ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ།

          ཟླ་5ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གནས་ནང་དགོན་དང་མཚུར་ཕུ་དགོན་དུ་ཕེབས་ནས་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་གནས་ནང་དགོན་དུ་ཝུའུ་དབྱིང་ཅེས་དཔའ་བོ་རིན་པོ་ཆེ་དང་བྱམས་བརྩེའི་བཀའ་མོལ་གནང་ནས་ཁོང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
          ཟླ་5ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་གནས་ནང་དགོན་དང་མཚུར་ཕུ་དགོན་དུ་ཕེབས་ནས་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཏང་གི་ཚོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། “ཁྲིད་སྟོན”ཐད་གཞོལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
          རྟོག་ཞིབ་དང་བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེ་དང་བཅས་པ་དང་ཐོག་རླངས་འཁོར་ལ་བཞུགས་ནས་གནས་ནང་དགོན་དུ་ཕེབས་ཏེ་དཔའ་བོ་རིན་པོ་ཆེ་དང་བྱམས་བརྩེའི་བཀའ་མོལ་གནང་ནས་ཁོང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་མ་ཟད། དགོན་སྡེའི་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པ་ཚོར་གཟིགས་པ་དང་འཚམས་འདྲི་ཡང་གནང་ཞིང་། ཝུའུ་དབྱིང་ཅེས་ཉེ་བའི་ལོ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་དོ་དམ་ལས་དོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དགོན་སྡེ་དང་གྲྭ་བཙུན་ཚང་མའི་སེམས་སུ་དྲོ་སྐྱིད་སྦྱིན་པ་མ་ཟད། རྒྱ་ཆེའི་མང་ཚོགས་ལ་ཆོས་དད་རང་མོས་ཀྱི་འགན་ལེན་གང་ལེགས་བྱུང་བ་དེ་དག་ཚང་མ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞི་ནས་མངོན་འགྱུར་ཐུབ་པ་ཞིག་ཡིན། ལོ་རྒྱུས་དང་ལག་ལེན་ལས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པ་ཡང་མེད་པ་དང་། སྟོབས་ལྡན་མེས་རྒྱལ་མེད་ཚེ་བོད་ཀྱི་དེང་གི་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་བཟང་པོ་མེད་ལ། མི་རིགས་ཁག་གི་མི་དམངས་ཀྱི་སླད་ཕྱིན་གྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཡང་མེད་པ་ར་སྤྲོད་ཡང་ཡང་བྱས་ཡོད། རེ་བར་དཔའ་བོ་རིན་པོ་ཆེས་སྤྱི་ཁྱབ་ཧྲུའུ་ཅིའི་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་མཐོ་བ། ཀུན་སྤྱོད་ཐད་དམངས་ཀྱི་བློས་འགེལ་ཆོག་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་ངང་འཁུར་བ། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་སྣེ་ཁྲིད་བྱེད་དགོས། རེ་བར་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་མི་སྣ་དང་གྲྭ་བཙུན་ཚོས་ལོ་འདི་དག་ནང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐད་བློ་སེམས་གཅིག་མཐུན་དང་། འདུན་པ་གཅིག་མཐུན། བྱ་སྤྱོད་གཅིག་མཐུན་བཅས་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་འཐབ་རྩོད་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་རང་འགུལ་ངང་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          དགོན་སྡེའི་ཐོག་སྟེང་ནས་རྒྱང་ལྟ་བྱེད་སྐབས་དགོན་སྡེའི་མཐའ་བཞི་ཚང་མ་རྩྭ་རྩི་ཤིང་གིས་བཏུམས་པའི་ནགས་རིས་བསྐོར་བས་ཁོར་ཡུག་མཛེས་ཤིང་དབེན་པ་ཞིག་ཡོད། ཝུའུ་དབྱིང་ཅེས་བོད་ནི་འཛམ་གླིང་གི་ཡང་རྩེ་ཡིན་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། རེ་བར་རྒྱ་ཆེའི་རྒྱལ་གཅེས་ཆོས་ལུགས་མི་སྣ་ཚོས་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་སྣང་ཆེན་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྣང་ཆེན་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་ལ་རམ་འདེགས་ཀྱིས་དད་ལྡན་མང་ཚོགས་ལ་རྒྱུན་སྲིང་ལྷོད་མེད་ངང་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་རྒྱུར་སློབ་གསོ་ཁྲིད་སྟོན་དང“ལྗོན་ཤིང་མེད་པའི་དུད་ཚང”མེད་པ་བཟོ་བའི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་བོད་ཀྱི་རི་སྔོ་ཆུ་དྭངས་ནམ་ཡང་གནས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          དེ་རྗེས། ཝུའུ་དབྱིང་ཅེ་མཚུར་ཕུ་དགོན་པར་ཕེབས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། བརྟག་ཞིབ་གནང་རིང་ཝུའུ་དབྱིང་ཅེས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆོས་ལུགས་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་གཅིག་ཏུ་འགོག་རྒོལ། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ། “ཁྲིད་སྟོན”ཐད་གཞོལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བར་བྱེད་དགོས། དགོན་སྡོད་ལས་བྱེད་པ་དང་དགོན་སྡོད་མི་དམངས་ཉེན་རྟོག་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ཐོབ་ཆའི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་གྱིས་རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་དང་དགོན་སྡོད་མི་དམངས་ཉེན་རྟོག་པའི་ཧུར་བརྩོན་རང་བཞིན་སྔར་བས་སྐུལ་སློང་བྱེད་དགོས། རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ལས་རིགས་མི་སྣས་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་། དུས་རབས་ཡར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བར་ཕན་པའི་ནང་དོན་སྔོག་འདོན་དང་དར་སྤེལ་གང་ལེགས་བྱེད་པ་དང་། འདུལ་ཁྲིམས་བསྟན་དོན་ལ་དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་བླང་བྱ་དང་མཐུན་པའི་གསལ་འགྲེལ་རྒྱག་པ། ཆོས་ལུགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་། མང་ཚོགས་ཀྱི་བསམ་འདུན། དུས་རབས་ཀྱི་དགོངས་པ་བཅས་དང་འཚམ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པར་ཁྲིད་སྟོན་བྱས་ནས་སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་གྱིས་བློ་གྲོས་དང་སྟོབས་ཤུགས་དེ་ཐོན་སྐྱེད་གོང་འཕེལ་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བ་ལེགས་གཏོང་བཅས་ཀྱི་ཐད་ཁྲིད་སྟོན་བྱེད་པ། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས། རྒྱ་ཆེའི་དགོན་སྡོད་ལས་བྱེད་པས“འདུ་ཤེས་བཞི”བརྟན་པོར་ཆགས་པར་བྱེད་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “ཁྲིད་སྟོན”ཐད་གཞོལ་རྒྱུར་མཐའ་འཁྱོངས། ཁྲིམས་བཞིན་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། ཞབས་ཞུའི་ནང་དོ་དམ་ཐུབ་པར་བྱས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་གཏིང་ཟབ་མུ་མཐུད་བྱས་ཏེ་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་རྒྱུན་སྲིང་ངང་སྐུལ་སྤེལ་གཏོང་དགོས། བརྩེ་བ་ཟོལ་མེད་བཅངས་ནས་བར་ཐག་ཉེ་རུ་གཏོང་བ་དང་ལྷག་བསམ་ཟོལ་མེད་ངང་གྲྭ་བཙུན་དབར་གྲོགས་པོ་སྒྲིག་པ་དང་། ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཁོང་ཚོར་ཏང་གི་སྲིད་ཇུས་བཟང་པོ་དང་དེ་བཞིན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་ཟོལ་མེད་ཉམས་སུ་མྱོང་རྒྱུར་ཁྲིད་སྟོན་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།