ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཞང་ཀང་དུ་ཡོད་པའི་ཁང་གཉིས་ཀྱི་ཡོན་ཧྲིས་ཕུལ་བའི་འཕྲིན་ཡིག་ལ་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2018-05-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། སྒྲོལ་དཀར་གྱིས་བསྒྱུར།
          2017ལོའི་ཟླ་6པར་ཞང་ཀང་དུ་ཡོད་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་24ཡིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས་མེས་རྒྱལ་གྱི་དྲིན་ལན་འཇལ་བའི་དགོས་གཏུགས་ཀྱི་བསམ་པ་དང་ཚན་རྩལ་གོང་འཕེལ་གསར་གཏོད་ཀྱི་སྤྲོ་སེམས་ཆེན་པོ་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་དོན་དེར་མཐོང་ཆེན་པོ་གནང་ནས་མཛུབ་སྟོན་གལ་ཆེན་གནང་བ་དང་སྦྲགས་འབྲེལ་ཡོད་ལས་དོན་གང་མགྱོགས་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས་ཞང་ཀང་གིས་ནང་ས་དང་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་བཏང་ནས་ཞང་ཀང་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་སུ་འགྱུར་རྒྱུར་རྒྱབ་སྐྱོར་དང་ཞང་ཀང་གི་ཚན་རྩལ་ལས་རིགས་ཀྱིས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཞང་ཀང་ལ་ཚན་རྩལ་གྱི་རྨང་གཞི་བཟང་པོ་ཡོད་ལ་རྒྱལ་ཁབ་ལ་དགའ་ཞེན་དང་ཞང་ཀང་ལ་དགའ་ཞེན་ཡོད་པའི་བྱང་ཚད་མཐོ་བའི་ཚན་རྩལ་ཤེས་ལྡན་པའང་མང་པོ་ཡོད་པས། དེ་ནི་རང་རྒྱལ་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ལག་བསྟར་དང་གསར་གཏོད་རྣམ་པའི་རྒྱལ་ཁབ་བསྐྲུན་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། དུས་ཡུན་རིང་པོའི་ནང་ཞང་ཀང་གི་ཚན་རྩལ་ལས་རིགས་ཀྱིས་ཞང་ཀང་དང་རྒྱལ་ཁབ་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཞང་ཀང་གིས་ནང་ས་དང་མཉམ་དུ་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་མ་བཏང་ནས་ཞང་ཀང་ཉིད་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་སུ་འགྱུར་རྒྱུར་རྒྱབ་སྐྱོར་བྱས་ཏེ་ནང་ས་དང་ཞང་ཀང་རང་ངོས་ཀྱི་ཚན་རྩལ་ལེགས་ཆ་འདོན་སྤེལ་གྱིས་ཞང་ཀང་དང་ནང་སའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ནི་ཞང་ཀང་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བའི་བརྗོད་གཞིའི་དགོས་ངེས་ཀྱི་ནང་དོན་ཞིག་རེད། ཞང་ཀང་གི་ཡོན་ཧྲིས་སྤྲིངས་པའི་འཕྲིན་ཡིག་ནང་འཁོད་པའི་གནད་དོན་ལ་མཐོང་ཆེན་པོ་བྱས་ནས་ཞིབ་ཕྲའི་སྲིད་ཇུས་དུས་ཚོད་དམ་འཛིན་ངང་ཞིབ་འཇུག་བྱས་ནས་ལུགས་མཐུན་གྱི་སྒོ་ནས་ཐག་གཅོད་བྱས་ཏེ་ཞང་ཀང་གི་ཚན་རྩལ་ལས་རིགས་ཀྱིས་རང་རྒྱལ་ལ་ཚན་རྩལ་གྱི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུར་རྒྱབ་སྐྱོར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། ཚན་རྩལ་པུའུ་དང་ནོར་སྲིད་པུས་མཐོང་ཆེན་བྱས་ནས་ཆེད་མངགས་ཚོགས་འདུ་ཐེངས་མང་འཚོགས་ཏེ་ཞང་ཀང་གི་ཚན་རྩལ་གསར་གཏོད་སྟོབས་ཤུགས་དེ་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་དང་གསར་གཏོད་དངོས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཧྲིལ་པོའི་ཚན་ཞིབ་བཀོད་སྒྲིག་དང་ཞང་ཀང་རང་ངོས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རིམ་པ་གཉིས་ཀྱི་ངོས་ནས་ནང་ས་དང་ཞང་ཀང་དབར་གྱི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་འབྲེལ་ཡོད་བྱ་ཐབས་ལ་ཞིབ་འཇུག་བྱེད་པ་དང་ཆབས་ཅིག་ཞང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་དང་མཉམ་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཚན་རྩལ་ལས་རིགས་ཀྱི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་ནས་སྔོན་ལ་ཚོད་ལྟ་བྱེད་པ་དང་དམིགས་བསལ་བྱ་བ་དམིགས་བསལ་དུ་བསྒྲུབས་ནས་ལག་བསྟར་དོན་འཁྱོལ་གྱི་ལས་དོན་གང་མགྱོགས་ཡག་པོ་སྒྲུབ་དགོས།
          མིག་སྔར། ཞང་ཀང་དུ་ཡོད་པའི་ཁང་གཉིས་ཀྱི་ཡོན་ཧྲིས་སྤྲིངས་པའི་འཕྲིན་ཡིག་ནང་འཁོད་པའི་རྒྱལ་ཁབ་ཀྱི་ཚན་ཞིབ་རྣམ་གྲངས་ཀྱི་གྲོན་དངུལ་ས་ཁོངས་ལས་སྒྲོལ་ནས་ཞང་ཀང་དུ་སྤྱོད་པ་དང་ཚན་ཞིབ་ཀྱི་ཡོ་བྱད་དང་སྒྲིག་ཆས་ས་ཁོངས་སྒྲོལ་བའི་སྒོ་ཁྲལ་གཟིགས་སྐྱོང་སོགས་ཀྱི་གནད་དོན་སྤྱིའི་ཆར་ཐག་གཅོད་བྱས་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིས་ཞང་ཀང་དུ་ཡོད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀང་ཨའོ་རོགས་ཟླའི་ཚོད་ལྟ་ཁང་16ལ་ཐད་ཀར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་ཚོད་ལྟའི་རྨང་གཞིའི་ཐོག་རྒྱལ་ཁབ་ཚན་རྩལ་འཆར་གཞིས་ཀང་ཨའོ་ཚན་ཞིབ་བྱེད་སྒོར་ཐད་ཀར་རོགས་རམ་བྱེད་པའི་སྤྱི་ཡོངས་ལམ་ལུགས་ཐོག་ནས་བཀོད་སྒྲིག་བྱས་ཡོད། ཞང་ཀང་གིས་ནང་སར་བཙུགས་པའི་ཚན་ཞིབ་སྒྲིག་གཞི་ཚང་མར་ཚན་རྩལ་ལ་བརྟེན་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ནང་འདྲེན་གྱི་ཁྲལ་བསྡུའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་ཨའོ་མོན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་ཀང་ཨའོ་རོགས་ཟླའི་ཚོད་ལྟ་ཁང་2ལའང་རྒྱལ་ཁབ་ཚན་རྩལ་འཆར་གཞིའི་ཐད་ཀའི་རྒྱབ་སྐྱོར་ཐོབ་ནས་ཞང་ཀང་དང་ཨའོ་མོན་ཚན་རྩལ་ལས་རིགས་ཀྱི་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། གོམ་སྟབས་རྗེས་མར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་ངང་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ལ་དགའ་ཞེན་དང་ཞང་ཀང་ལ་དགའ་ཞེན་བྱེད་པའི་ཚན་ཞིབ་མི་སྣ་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞིའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ནང་ས་དང་ཞང་ཀང་དབར་གྱི་ཚན་རྩལ་མཉམ་ལས་གོ་རིམ་ལྡན་པའི་ངང་རྒྱ་ཆེར་གཏོང་བ་དང་གཏིང་ཟབ་ཏུ་གཏོང་རྒྱུ་རེད།