གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

སྤེལ་དུས 2018-07-06 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ལྷ་དབང་གིས་བསྒྱུར།

          ཟླ་7ཚེས་3དང་4ཉིན་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་བརྙན་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་ཚེས་3དང་4ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་པས་རང་རེའི་ཏང་ལ་ངེས་པར་དུ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཡོད་དགོས། དེའི་འགག་རྩ་ནི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་རྣམ་པ་གསར་པ་གཏོད་རྒྱུ་དེ་རེད། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལས་གཏན་འཁེལ་རང་བཞིན་གྱི་ནུས་པ་ཐོན་མཁན་ནི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་རེད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་འདི་ཡག་པོ་སྤེལ་དགོས་ན། རང་རེའི་ཏང་གིས་ངེས་པར་དུ་རང་ངོས་གསར་བརྗེ་ཕོད་པ་བྱས་ནས་ཏང་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་ལམ་ཕྱོགས་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་གི་རྩ་འཛུགས་ལས་དོན་ཡག་པོ་སྒྲུབ་པ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་གཙོ་གནད་དུ་བཟུང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་སེམས་ཡོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་བྱེད་པར་འབད་བརྩོན་དང་། རྒྱལ་ཁབ་ལ་དགའ་ཞེན་དང་ལེགས་སྐྱེས་འབུལ་ཐུབ་པའི་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་བསྡུ་རུབ་བྱེད་པར་འབད་བརྩོན། སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གོང་བཀུར། མཛངས་མི་བསྐོ་གཞག་བཅས་ལ་མཐའ་འཁྱོངས་བཅས་བྱས་ཏེ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་འགན་ལེན་མཁོ་འདོན་བྱེད་དགོས།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་ཚོགས་འདུར་ཕེབས་པ་རེད།
          ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། ཆོད་སེམས་བརྟན་པོ་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་མཐའ་འཁྱོངས། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཀྱི་ཐོག་ནས་ཏང་བཅོས་སྐྱོང་ལ་མཉམ་དུ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས། དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལག་བསྟར་མཐའ་འཁྱོངས། རྩ་སྲ་རྨང་བརྟན་མཐའ་འཁྱོངས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་མཐའ་འཁྱོངས་བཅས་བྱས་པས། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཏང་གི་གསར་གཏོད་བྱེད་ཤུགས་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་བྱེད་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གསར་བརྗེའི་རང་བཞིན་ལ་ཞུན་བརྡར་གཏོང་རིང་ཏང་དེ་བས་སྲ་བརྟན་དུ་ཕྱིན་ཏེ། ཏང་གི་རླབས་ཆེན་གྱི་རང་ངོས་གསར་བརྗེར་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་བཏང་ཡོད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རུང་ལས་འགན་ཡོངས་སུ་གྲུབ་པའི་དུས་སུ་ད་དུང་སླེབས་མེད། ང་ཚོའི་ཏང་ལ་འཕྲད་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞི”ནི་ཡུན་རིང་བ་དང་རྣོ་ངར་ཆེ་བ་ཞིག་རེད་ལ། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་ཡང་རྙོག་འཛིང་ཆེ་བ་ཞིག་རེད། ཏང་ནང་ཁུལ་དུ་གནས་པའི་བསམ་བློ་དང་། ཆབ་སྲིད། རྩ་འཛུགས། སྤྱོད་ཚུལ་བཅས་དྭངས་གཙང་མེད་པ་ལ་སོགས་པའི་མངོན་གསལ་དོད་པའི་གནད་དོན་མང་པོ་ཞིག་ད་དུང་ཐག་གཅོད་ཐུབ་མེད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ནས་བྱུང་བ་ཞིག་རེད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་གི་ལས་དོན་ཚང་མ་ཏང་གི་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་མ་ལག་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། ཏང་ཀྲུང་དབྱང་ནི་ཀླད་ཆེན་དང་ལྟེ་བ་ལྟ་བུ་ཡིན་པས་ཏང་ཀྲུང་དབྱང་ལ་ངེས་པར་དུ་དབང་གྲགས་ཆེ་ཤོས་དང་མཐའ་མའི་ཐག་གཅོད་ཀྱི་དབང་གྲགས་ལྡན་དགོས། ཏང་གི་ས་གནས་རྩ་འཛུགས་ཀྱི་རྩ་བའི་ལས་འགན་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་འགན་ལེན་བྱས་ཏེ་བཀའ་བཏང་མ་ཐག་འཕྲལ་མར་སྒྲུབ་པ་དང་བཀག་སྡོམ་བྱས་མ་ཐག་འཕྲལ་མར་གཏན་འགོག་བྱེད་དགོས་པ་དེ་རེད།
          ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགག་རྩ་དེ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུར་ཐུག་ཡོད། རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་། ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་དུ་གཏོང་བ། གཞི་རིམ་རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་བ། རྩ་འཛུགས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ། ཁོངས་གཏོགས་ཀྱི་འབྲེལ་བ་མཐུན་སྒྲིག་བྱེད་པ། བྱེད་སྒོ་སྤེལ་སྟངས་གསར་གཏོད་བཅས་བྱས་ཏེ་གཞི་རིམ་གྱི་ཏང་རྩ་འཛུགས་ཁྱབ་ཚད་དང་ལས་ཀའི་ཁྱབ་ཚད་ཆེ་རུ་གཏོང་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་བསྟུན་ནས་བཏོན་པའི་བརྗོད་གཞི་གལ་ཆེན་ཞིག་རེད། ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བར་རང་རེའི་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་ལས་བྱུང་བའི་སྲོལ་རྒྱུན་བཟང་པོ་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མཐའ་འཁྱོངས་དང་དར་སྤེལ་གཏོང་དགོས་ལ། ཏང་འཛུགས་སྐྱོང་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་གཞིར་བཟུང་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བསམ་ཕྱོགས་དང་། བྱ་སྤྱོད། བྱ་ཐབས་བཅས་གསར་པར་བརྟེན་ནས་འགལ་ཟླ་དང་གནད་དོན་གསར་པ་ཐག་གཅོད་ཀྱང་བྱེད་དགོས།
          ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་གྱིས་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་གཞུང་དྲང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་རྒྱུ་ནི་འགག་རྩ་ཡིན། དེའི་གཙོ་གནད་ནི་ལས་བྱེད་པ་གསོ་སྐྱོང་དང་། གདམ་གསེས། དོ་དམ། བེད་སྤྱོད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་ངོ་སྟོང་གི་བྱ་གཞག་སྒྲུབ་པའི་རྨང་གཞིའི་རྩ་བ་ནི་ཤེས་ལྡན་པ་རེད། ཤེས་ལྡན་པའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་ཤེས་ལྡན་པས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་འཐབ་ཇུས་ཀྱི་གནས་བབ་གཏན་འཁེལ་བྱས་ཏེ་དམ་བཅའ་བརྟན་པོས་རྒྱལ་ཁབ་ལ་དགའ་ཞེན་དང་ལེགས་སྐྱེས་འབུལ་བ་དང་གསར་རྩོམ་དང་གསར་གཏོད་ཕོད་པའི་ཕུལ་བྱུང་ཤེས་ལྡན་པའི་དཔུང་ཁག་ཅིག་ཧུར་ཐག་ངང་བསྐྲུན་དགོས།
          ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འགག་རྩ་ཏང་དང་། མི་ལ་ཐུག་ཡོད། མཐར་གཏུགས་ནས་བརྗོད་ན། མི་རབས་ནས་མི་རབས་བར་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རེད། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལོ་བརྒྱའི་ཇུས་ཆེན་རེད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པའི་གྲངས་འབོར་འདང་ངེས་དགོས་ལ། སྤུས་ཚད་ཀྱང་ལེགས་པོ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཉེ་དུས་ཀྱི་དགོས་མཁོ་དང་ཕུགས་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ། གྲངས་འབོར་དང་གཞི་ཁྱོན་ངེས་ཅན་ལྡན་པའི་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱེད་དགོས། ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱེད་པར་འཐབ་ཕྱོགས་ཁག་དང་། ཁྱབ་ཁོངས་ཁག ལས་རིགས་ཁག་བཅས་ལ་དམིགས་ཏེ་ཆེད་ལས་ཀྱི་རྒྱབ་ལྗོངས་ལྡན་པའི་མཉམ་འདུས་རྣམ་པའི་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས།
          ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་འཛུགས་སྐྱོང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་འགན་འཁུར་བ་དང་། གཙོ་ལས་ལ་དམ་འཛིན་ཡག་པོ། བྱེད་པོ་གཙོ་བོ་ཡག་པོ་བཅས་བྱས་ནས་འཐབ་ཕྱོགས་རེ་རེ་དང་། ཁྱབ་ཁོངས་རེ་རེ། ལྷུ་ཚིགས་རེ་རེའི་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་གཏིང་ཟབ་བྱེད་དགོས་ཞེས་བསྟན་གནང་བ་རེད།