དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་པ།

སྤེལ་དུས 2018-08-23 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། རྣམ་རྒྱལ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་པ་རེད། ཕྱི་འབྲེལ་པུས་སྤྱི་ཚེས་22ཉིན་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཟུར་གསལ་ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
          སྤྱི་ལོ་2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་དབུ་ཚོགས་སྤྱི་ཟླ་9པའི་ཚེས་3ཉིན་ནས་ཚེས་4ཉིན་བར་འཚོགས་རྒྱུ་ཡིན་པ་རེད། དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཛའ་གྲོགས་ཁྱིམ་ཚང་ཆེན་མོའི་སླར་ཡང་རྒྱས་འཛོམས་ཆེན་པོ་ཞིག་ཡིན་ལ། ཀྲུང་གོས་ད་ལོ་གཉེར་བའི་གཞི་ཁྱོན་ཆེ་ཤོས་དང་། ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཞུགས་མང་ཤོས་ཀྱི་རང་ཕྱོགས་ཀྱིས་གཉེར་བའི་ཕྱི་འབྲེལ་ཞིག་ཀྱང་ཡིན། སྐབས་དེར། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མང་པོ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་ཚོགས་པར་སྣེ་ཁྲིད་གནང་ནས་ཚོགས་འདུར་ཞུགས་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དམིགས་བསལ་གདན་ཞུས་ཀྱི་སྐུ་མགྲོན་མཚན་ཐོག་ནས་ཚོགས་འདུར་ཕེབས་ཞུགས་གནང་རྒྱུ། རྒྱལ་སྤྱི་དང་ཨ་ཧྥེ་ར་ཁ་གླིང་ས་ཁུལ་གྱི་སྒྲིག་འཛུགས་༢༧གྱི་ལྟ་ཞིབ་པའི་ངོས་ནས་དབུ་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།
          སྤྱི་ཟླ་9པའི་ཚེས་3ཉིན་གྱི་སྔ་དྲོ། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁ་ཤས་ཀྱི་འགོ་ཁྲིད་པ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འགོ་ཁྲིད་པ་དང་བཟོ་ཚོང་ལས་རིགས་སྐུ་ཚབ་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་དང་སྐབས་དྲུག་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཁེ་ལས་མཁས་པའི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་གནང་རྒྱུ་མ་ཟད་ཤིས་ཚིག་གསུང་རྒྱུ་ཡིན་པ་རེད། ཕྱི་དྲོ། གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་གྲོས་ཚོགས་འཚོག་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གལ་ཆེའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་རྒྱུ་ཡིན་པ་རེད། ཉིན་དེའི་དགོང་མོ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་གཏན་ཞལ་ལ་དགའ་བསུ་ཞུ་བའི་གསོལ་ཚིགས་གཤམ་རྒྱུ་མ་ཟད་རིག་རྩལ་འཁྲབ་སྟོན་ལ་གཟིགས་རྒྱུ་ཡིན་པ་རེད།
          སྤྱི་ཟླ་9པའི་ཚེས་4ཉིན་གྱི་ཉིན་ཧྲིལ་པོར་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འགོ་ཁྲིད་པའི་སྒྲོག་སྒོར་གྲོས་ཚོགས་འཚོགས་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་རྣམ་གཉིས་ཀྱིས་ཁག་སོ་སོར་སྔ་དྲོ་དང་ཕྱི་དྲོའི་དུས་མཚམས་གཉིས་ཀྱི་གྲོས་བསྡུར་གཙོ་སྐྱོང་གནང་རྒྱུ་ཡིན་པ་རེད། གྲོས་ཚོགས་ཀྱིས་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུའི་སྐོར་གྱི་པེ་ཅིན་བསྒྲགས་གཏམ་དང་སྤྱི་ལོ་2019ལོ་ནས་སྤྱི་ལོ་2021ལོའི་བར་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་བྱ་སྤྱོད་འཆར་གཞི་ཞེས་པར་གྲོས་འཆམ་བྱ་རྒྱུ་ཡིན་པ་རེད།
          སྒྲོག་སྒོར་གྲོས་ཚོགས་རྗེས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལ་མ་ཧྥུ་ས་རྣམ་གཉིས་དང་། འགན་གསར་དུ་བཞེས་པའི་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལྷན་དུ་གསར་འགོད་པར་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད།
          དབུ་ཚོགས་འཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཁག་སོ་སོར་དབུ་ཚོགས་ལ་ཞུགས་མཁན་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པ་དང་ཕྱོགས་གཉིས་གྲོས་མོལ་དང་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད།