གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

དུས་བབ་གསར་པའི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་དེ་བས་ཡག་པོ་སྒྲུབ་དགོས།

སྤེལ་དུས 2018-08-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།
ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག
དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་བྱས་ཏེ་དུས་བབ་གསར་པའི་འོག་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པའི་སྒོ་ནས་སྒྲུབ་དགོས་ཞེས་ནན་བཤད་གནང་བ།
ཟླ་8ཚེས་21དང་ཚེས་22ཉིན་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་21དང་ཚེས་22ཉིན། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དུས་བབ་གསར་པའི་འོག་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་བྱེད་པར་ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ།           གཟུགས་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་ཁུར་བ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་སྒྲུབ་པར་འབད་བརྩོན་ལྷོད་མེད་བྱེད་པ། འགག་རྩའི་ས་དང་གནད་འགག་ཆེ་སར་འབད་བརྩོན་ལྷོད་མེད་བྱེད་པ། ལས་ཀའི་སྤུས་ཚད་དང་ཆུ་ཚད་ཐད་འབད་བརྩོན་ལྷོད་མེད་བྱེད་པ། དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཕུགས་བསམ་གྱི་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་ཀྱི་ཐད་མི་དམངས་ཡོངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་དེ་ལས་དོན་ཧྲིལ་པོའི་གནས་བབ་གལ་ཆེན་ཐོག་བཞག་སྟེ་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཀོད་པ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་ལེན་བསྟར་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་གསར་འབྱེད་ཡར་བརྩོན་བྱས་པས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐེབས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་མི་སེམས་སུ་གཏིང་ཟབ་ཟུག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་རྒྱ་ཁྱབ་བྱུང་བ། གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་བ། རིག་གནས་ཀྱི་གདེང་ཚོད་མངོན་གསལ་དོད་དུ་སོང་བ། རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཇེ་ཆེར་སོང་བ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐད་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་སྔར་བས་སྲ་བརྟན་དུ་སོང་ཡོད། དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་ཞིག་དང་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་ནི་བློ་གཏད་རྦད་དེ་བཅོལ་ཆོག་པ་ཞིག་ཡིན་པ་ལག་ལེན་ཐོག་ནས་ར་འཕྲོད་ཐུབ་ཡོད། 
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལག་ལེན་ཁྲོད་ང་ཚོས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། དེ་ནི་འདུ་ཤེས་འཛིན་སྟངས་ལས་ཀའི་ཐད་ཀྱི་ཏང་གི་འགོ་ཁྲིད་དབང་ཆ་མཐའ་འཁྱོངས་དང་། བསམ་བློའི་ལས་ཀའི“སྲ་བརྟན་གཉིས”ཀྱི་རྩ་བའི་ལས་འགན་མཐའ་འཁྱོངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་དང་མི་དམངས་ལ་སློབ་གསོ་རྒྱག་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས། རིག་གནས་ཀྱི་གདེང་ཚོད་ནི་དེ་བས་རྨང་གཞི་དང་། དེ་བས་རྒྱ་ཁྱབ། དེ་བས་གཏིང་ཟབ་བཅས་ཀྱི་གདེང་ཚོད་དང་དེ་ནི་དེ་བས་གཞི་རྩ་དང་། དེ་བས་ཟབ་པ། དེ་བས་རྒྱུན་སྲིང་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན་པ་མཐའ་འཁྱོངས། གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་གཏོང་ཤུགས་དང་། ཁྲིད་སྟོན་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཤུགས་བཅས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། མི་དམངས་ལྟེ་བར་བྱས་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས། སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་བར་མཐོངས་གཏོད་རྒྱུ་མཐའ་འཁྱོངས། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་གསུང་སྒྲ་ཁྱབ་སྤེལ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པ་དེ་ཡིན། དགོངས་པ་གལ་ཆེན་དེ་དག་ནི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་དགོས། 
          ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་དེ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་ཤིག་ཏུ་བརྩི་དགོས། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་དུས་བབ་སྤྱིར་ན་ཡག་པོ་ཡོད། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བླངས་ནས་རང་ཡིད་རང་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་དང་འཐབ་སེམས་སྔར་བས་འཕེལ་བར་བྱེད་དགོས་ལ་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་གཏོང་དགོས། ང་ཚོས་ངེས་པར་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་ང་ཚོའི་འབད་འཐབ་དམིགས་ཚད་དུ་བརྩིས་ཏེ། གནད་དོན་དངོས་ཐག་གཅོད་བྱེད་ལ་བསམ་བློའི་གནད་དོན་ཡང་ཐག་གཅོད་བྱས་ནས་གདེང་ཚོད་ཆེར་གཏོང་དང་། དམངས་སེམས་གཅིག་སྒྲིལ། མི་སེམས་དྲོས་པ། བློ་སེམས་གཅིག་མཐུན་བཅས་དེ་བས་ཀྱང་ཡོང་བ་བྱེད་དགོས། ང་ཚོས་ངེས་པར་དུ་ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་ཁྱད་ཆོས་ཧུར་ཐག་རང་འགུལ་ངང་འཆད་འགྲེལ་ཡག་པོ་བྱེད་དགོས་ལ་རང་རྒྱལ་གྱི་ཆབ་སྲིད་བདེ་འཇགས་དང་རིག་གནས་བདེ་འཇགས་སྲུང་སྐྱོང་ནུས་ལྡན་ཡང་བྱེད་དགོས། ང་ཚོས་ངེས་པར་དུ་གསར་འཛུགས་གཞི་རྩ་དང་གཏོར་འཛུགས་མཉམ་སྤེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གོང་བུ་འགྲིལ་ཤུགས་དང་སྣེ་འདྲེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ང་ཚོས་ངེས་པར་དུ་དྲ་རྒྱའི་ཁྱབ་སྤེལ་ཆོས་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་རྟོགས་དང་དྲ་སྤྱོད་དྲ་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་འགྱུར་ཚད་ཆེ་ཤོས་ཤིག་ཡིན་པའི་དྲ་སྦྲེལ་དེ་བྱ་གཞག་འཕེལ་རྒྱས་ཀྱི་འཕེལ་ཚད་མཐོ་ཤོས་སུ་འགྱུར་བ་བྱེད་དགོས། 
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་བབ་གསར་པའི་འོག་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་རང་འགུལ་ངང་འཁུར་དགོས། དར་ཆ་སྒྲེང་བ་ཞེས་པ་ནི་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་རྒྱག་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་པ་དང་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དེང་དུས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་རྩ་བ་ཚུགས་པ་བྱེད་དགོས་པ་དེ་རེད། དམངས་སེམས་སྒྲིལ་བ་ཞེས་པ་ནི་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པ་བྱེད་པ་དང་། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་སྟོབས་ཆེར་གཏོང་བ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ངར་ཤུགས་དང་སྙིང་སྟོབས་འཕེལ་བར་བྱེད་པ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱེད་དགོས་པ་དེ་རེད། མི་གསར་སྐྱོང་བ་ཞེས་པ་ནི་སྤྱོད་བཟང་ལ་བརྟེན་ནས་མི་སྐྱོང་རྒྱུ་མཐའ་འཁྱོངས་དང་རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཚད་གཞི། ཤེས་དཔལ་བྱང་ཚད་བཅས་མཐོ་རུ་བཏང་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་དགོས་པ་དེ་རེད། རིག་གནས་དར་སྤེལ་ཞེས་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་འགྲོ་ལམ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཕྱོགས་སྒྱུར་བྱ་རྒྱུ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས་པ་དེ་རེད། གཟུགས་བརྙན་ངོམ་པ་ཞེས་པ་ནི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་གསུང་སྒྲ་ཁྱབ་སྤེལ་ཡག་པོ་གཏོང་བ། འཛམ་གླིང་ལ་དངོས་ཡོད་དང་། འབུར་ཐོན། ཕྱོགས་ཡོངས་གསུམ་གྱི་སྒོ་ནས་ཀྲུང་གོ་སྟོན་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས་པ་དེ་རེད། 
          ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཧ་ཅང་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་ཡོངས་དང་ལྷག་པར་དུ་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱིས་ངེས་པར་དུ་འཁུར་དགོས་པའི་འཐབ་ཇུས་ལས་འགན་ཞིག་ཡིན། མར་ཁེ་སི་རིང་ལུགས་ཀྱི་དྲིལ་བསྒྲགས་དང་སློབ་གསོའི་ལས་དོན་ལེགས་པོ་དང་སྟོབས་ཆེར་གཏོང་བ་དང་ལྷག་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། “གདེང་ཚོད་བཞི”བརྟན་དུ་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱེད་པའི་འགག་རྩར་བརྩིས་ཏེ་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་བཟང་བཅས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྱོང་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པ་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་བྱེད་ཤུགས་དང་། སྣེ་ཁྲིད་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཤུགས་བཅས་ཆེ་རུ་བཏང་ནས་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། ཁྱབ་སྤེལ་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་གསར་གཏོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གིས་གསར་གཏོད་བྱས་པའི་རིགས་པའི་གཞུང་ལུགས་མང་ཚོགས་དཀྱུས་མའི་ཁྱིམ་དུ་ཁྱབ་པ་བྱེད་དགོས། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་མང་ཚོགས་ལ་སྣེ་ཁྲིད་དང་ཞབས་འདེགས་སྔར་བས་ཡག་པོ་ཞུ་དགོས། དར་ཆ་གསལ་སྟོན་གྱིས་བདེན་དོན་མཐའ་འཁྱོངས་དང་ལངས་ཕྱོགས་བརྟན་པོའི་སྒོ་ནས་ནོར་འཁྲུལ་རིགས་ལ་དགག་པ་རྒྱག་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁྲི་དམ་ནན་དུ་བཏང་སྟེ་འགན་འཁྲི་དོན་འཁྱོལ་ཐད་ཧ་རི་ཧུ་རི་མི་བྱེད་པ་དང་། གཡུལ་ས་དོ་དམ་ཐད་ལྷོད་གཡེང་མི་ཤོར་བ། འགན་འཁྲི་རྩད་གཅོད་ཐད་ཁྲལ་སེལ་མི་བྱེད་པ་བཅས་ཐུབ་པ་བྱེད་དགོས། 
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ནི་མིའི་ལས་དོན་བསྒྲུབ་རྒྱུ་དེ་ཡིན་པས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་རྒྱུ་དེ་འགན་འཁྲི་གལ་ཆེན་དུ་བརྩི་དགོས། གལ་ཆེན་ནང་གི་འགངས་ཆེ་ནི་ཕུགས་བསམ་དང་དད་སེམས་བརྟན་པོའི་ཐོག་ནས་བསམ་པའི་འདིང་གཞི་བརྟན་པོ་འཛུགས་པ་དང་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་པ་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་བཅངས་པའི་དད་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས། སློབ་གསོ་ཁྲིད་སྟོན་དང་། ལག་ལེན་རྒྱུན་འབྱམས། ལམ་ལུགས་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ལ་མཉམ་འདྲེས་ཐུབ་པར་བྱས་ནས་དམངས་ཡོངས་ལ་རང་འགུལ་ངང་ལག་ལེན་བསྟར་རྒྱུའི་ཁྲིད་སྟོན་བྱེད་དགོས། གཞོན་ནུ་ལོ་ཆུང་གི་རིན་ཐང་ལྟ་བ་གྲུབ་པ་དང་གཏན་འཁེལ་བའི་འགག་རྩའི་དུས་སྐབས་ལ་དམ་འཛིན་བྱས་ཏེ། གཞོན་ནུ་ལོ་ཆུང་ལ་མི་ཚེའི་སྒྲོག་གུ་དང་པོ་དེ་ཡག་པོ་སྡོམ་དགོས་པའི་ཁྲིད་སྟོན་བྱེད་དགོས། སྔོན་ཐོན་དཔེ་སྟོན་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་དཔའ་བོར་གོང་བཀུར་དང་། སློབ་སྦྱོང་། སྲུང་སྐྱོང་། གཅེས་སྐྱོང་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། དུས་རབས་ཀྱི་དར་སྲོལ་གསར་པ་དར་སྤེལ་ཤུགས་ཆེན་བཏང་སྟེ་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ཏེ་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། དུས་རབས་གསར་པའི་ཤེས་དཔལ་ལག་བསྟར་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད། སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་གྱི་ཆུ་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྲོལ་གསར་གཞུང་དྲང་དར་སྤེལ་དང་གོམས་སྲོལ་སྒྱུར་བར་སྐུལ་འདེད་བཏང་སྟེ་ཡུལ་སྲོལ་ཡ་རབས་དང་། ཁྱིམ་སྲོལ་ཡག་པོ། དམངས་སྲོལ་བབ་ཆགས་བཅས་སྐྱེད་སྲིང་བྱས་ནས་གྲོང་གསེབ་ཤེས་དཔལ་གྱི་རྣམ་པ་གསར་པ་མངོན་པར་བྱེད་དགོས། 
          ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། རྒྱ་ཆེའི་རིག་གནས་དང་རིག་རྩལ་ལས་དོན་པར་འཚོ་བར་ཟབ་འཇུག་དང་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་པར་བྱེད་པ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་རིག་རྩལ་བརྩམས་ཆོས་ཀྱི་སྲོག་རྩ་ལྟ་བུར་བརྩིས་ནས་བློ་གཅིག་སེམས་གཅིག་དང་། བརྩེ་སེམས་ཟབ་མོ། འབད་བརྩོན་ཆེན་པོ་བཅས་ཀྱིས་རླབས་ཆེན་གྱི་དུས་རབས་གཏོད་དགོས་པ་དང་། ཏང་དང་། མེས་རྒྱལ། མི་དམངས། དཔའ་བོ་བཅས་ལ་བསྟོད་གླུ་འབུལ་བའི་བརྩམས་ཆོས་སྤུས་ལེགས་ཟམ་མི་ཆད་པར་འདོན་པ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་གསར་པ་རྩོམ་དགོས་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རིག་རྩལ་ལས་དོན་པར་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་རྒྱུ་དང་། རང་རྟོགས་ངང་སྤུས་ཚད་དང་། ཁྱད་ཆོས། འགན་འཁྲི་བཅས་ལ་སྣང་ཆེན་བྱ་རྒྱུ། རང་རྟོགས་ངང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུ། སྤྱོད་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ། མ་རབས་ཐ་ཤལ་རིགས་མཐའ་གཅིག་ཏུ་གཏན་འགོག་བྱ་རྒྱུ། སྐྱོན་བྲལ་ཡར་ཐོན་གྱི་རིག་རྩལ་བརྩམས་ཆོས་དང་བྱེད་ལུགས་བྱེད་སྟངས་ལེགས་གྲས་ལ་བརྟེན་ནས་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱ་རྒྱུ། བློ་སྒོ་ལེགས་པར་འབྱེད་རྒྱུ། དར་སྲོལ་གྱི་སྣེ་ཁྲིད་བྱ་རྒྱུ་བཅས་ལ་ཁྲིད་སྟོན་བྱེད་དགོས། སྐྱོན་བྲལ་སྤུས་ལེགས་ཀྱི་དྲ་རྒྱའི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་འདོན་དགོས། སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་ཆ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཀྱིས་ཐེ་ཞུགས། གཙོ་གནད་གཤམ་སྒྱུར། མཉམ་སྐྲུན་མཉམ་སྤྱོད་བཅས་མཐའ་འཁྱོངས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་དང་སྤྱོད་གོ་ཆོད་ཚད་མཐོ་རུ་གཏོང་དགོས། རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དེང་རབས་རིག་གནས་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་ཁྲོམ་ར་སྣ་ཚོགས་ཀྱི་བྱེད་པོ་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བ། རིག་གནས་ཀྱི་ལས་རྣམ་དང་རིག་གནས་འཛད་སྤྱོད་བྱེད་སྟངས་གསར་པ་སྐྱེད་སྲིང་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རིག་གནས་མཁོ་སྤྲོད་ལ་བརྟེན་ནས་མི་རྣམས་ཀྱི་རིག་གནས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱེད་དགོས། 
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དུས་བབ་ཆེན་པོ་ཁོང་དུ་ཆུད་པ་དང་། དམིགས་ཡུལ་དབྱེ་འབྱེད། གནད་སྨིན་ཇུས་བསྟར་བཅས་བྱས་ནས་རང་འགུལ་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་ངོ་སྤྲོད་བྱེད་པ་དང་རང་འགུལ་ངང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གཏམ་རྒྱུད་དང་། ཀྲུང་གོ་མི་དམངས་ཀྱིས་འབད་འབུངས་བྱས་ཏེ་ཕུགས་འདུན་སྒྲུབ་པའི་གཏམ་རྒྱུད། ཀྲུང་གོས་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱེད་པའི་གཏམ་རྒྱུད་བཅས་ཡག་པོ་བཤད་དེ་འཛམ་གླིང་གིས་དེ་བས་ལེགས་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་ཐུབ་པར་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་འབྱུང་རྩ་རེད། དེའི་ནང་འདུས་པའི་བསམ་བློའི་འདུ་ཤེས་དང་། མི་ཆོས་སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་ནི་རང་རེའི་ཀྲུང་གོ་བའི་བསམ་བློ་དང་སྙིང་སྟོབས་ཀྱི་ནང་སྙིང་ཡིན་པ་མ་ཟད། ད་དུང་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ངོས་ནས་བརྗོད་ནའང་རིན་ཐང་ཆེན་པོ་ལྡན་ཡོད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་བརྡ་རྟགས་བཙོ་སྦྱངས་དང་མཚོན་པར་བྱེད་དགོས་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་དེང་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་དོན་སྙིང་ལྡན་པའི་རིག་གནས་ཀྱི་སྙིང་བཅུད་བཙོ་སྦྱངས་དང་མཚོན་པར་བྱེད་དགོས། རྒྱལ་སྤྱིའི་ཁྱབ་སྤེལ་ལས་དོན་གྱི་རྣམ་པ་འཐུས་སྒོ་ཚང་དུ་བཏང་སྟེ་དྲིལ་བསྒྲགས་ཀྱི་འདུ་ཤེས་དང་འཁོར་རྒྱུག་གི་ལམ་སྲོལ་གསར་གཏོད་བྱས་ནས་ཐོན་ཁུངས་དང་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་སྒྲིལ་དགོས། 
          ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་མཐའ་འཁྱོངས་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ“འདུ་ཤེས་བཞི”བརྟན་པོར་བཙུགས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པར་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ“སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། དྲིལ་བསྒྲགས་དང་བསམ་བློའི་ལས་བྱེད་པས་ཤེས་བྱ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། ཁྱབ་ཁོངས་གསར་པར་རྒྱུས་མངའ་ཡོང་བར་བྱེད་པ། མིག་རྒྱང་གསར་པ་འབྱེད་པ། འཇོན་ཐང་དང་ནུས་པ་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། འགྲོ་ནུས་དང་། ལྟ་ནུས། བསམ་ནུས། རྩོམ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། བདེན་འཚོལ་གསར་གཏོད། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས་ཞེས་མཛུབ་སྟོན་གནང་བ་རེད། 
          ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། དུས་བབ་གསར་པའི་འོག་ཏང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་འགན་འཁྲི་དང་ལས་འགན་རྒྱས་བཤད་གཏིང་ཟབ་གནང་བ། ཁ་ཕྱོགས་རང་བཞིན་དང་། རྩ་བའི་རང་བཞིན། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་པ་མ་ཟད། ད་དུང་དུས་བབ་གསར་པའི་འོག་ཏང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་གལ་ཆེན་ཡང་གནང་ཡོད། སྤྱི་ཡོངས་ལ་སྤྱི་འདོམས་བྱེད་པ་དང་། གཟིགས་རྒྱང་མཐོ་ཞིང་རིང་བ། ནང་དོན་ཕུན་སུམ་ཚོགས་པ། དགོངས་ཚུལ་རྒྱ་ཆེ་ཞིང་གཏིང་ཟབ་པ་བཅས་ཀྱི་གསུང་བཤད་འདི་ནི་དུས་བབ་གསར་པའི་འོག་ཏང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཐུབ་པར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས། 
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། དུས་བབ་གསར་པའི་འོག་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་རང་འགུལ་ངང་ཕྲག་ཏུ་འཁུར་བ། འབད་བརྩོན་ཆེན་པོས་སྒྱུར་བཅོས་གསར་གཏོད་བྱེད་པ། འགན་འཁྲི་ཁུར་ནས་བྱས་རྗེས་འཇོག་ཕོད་པར་བྱེད་པ། དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།