གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་སྦྲགས་ཤིས་ཚིག་ཀྱང་གསུངས་པ།

སྤེལ་དུས 2018-09-13 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
          ཚེས་12ཉིན། ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཧྥུ་ལ་ཏི་ཨོ་སི་ཐོ་ཁེར་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དཔའ་ཐུལ་ཐོ་ལེ་དགའ།   རི་པིན་གྱི་བློན་ཆེན་ཨན་པེ་ཅིན་སན། ཧན་གོའི་ཙུང་ཐུང་ལི་ལོ་ཡོན་སོགས་ཞུགས་ཡོད། 
          ཞི་ཅིན་ཕིང་གིས《རྒྱང་ཤར་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་དུ་བཟུང་ནས་ཨེ་ཤེ་ཡ་བྱང་ཤར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད》ཅེས་པའི་ཤིས་ཚིག་གསུངས་ནས་ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་ལམ་རྒྱལ་ཁབ་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་།  རྒྱལ་ཁབ་ཁག་ལ་གཉིས་ཁེ་གཉིས་ཕན་ཡོང་བ། མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ། ཕྱོགས་བསྡུས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ་ས་ཁུལ་འདི་གའི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་གྲ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
          ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ང་ཚོས་ལག་གདང་སྦྲེལ་ནས་དཔུང་པ་མཉམ་གཤིབ་ཀྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
          གཅིག་ནས་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་སྟེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། གཉིས་ནས་མཉམ་ལས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཁག་ལ་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་དགོས་པ། གསུམ་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་ཏེ་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་དགོས་པ། བཞི་ནས་ཕུགས་ལ་དམིགས་ཏེ་ཕྱོགས་བསྡུས་མཐུན་སྦྱོར་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས། 
          ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ས་ཁུལ་ལམ་རྒྱལ་ཁབ་དང་མཉམ་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་དང་ཨེ་ཤེ་ཡའི་བྱང་ཤར་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་དང་། ས་ཁུལ་འདི་གའི་སྣེ་མང་ཅན་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཁེ་ཕན་གྱི་མར་གཟན་དོན་གཉེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ས་ཁུལ་འདི་གའི་མི་དམངས་ཀྱིས་མཉམ་ལས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ནས་རྒྱང་ཤར་ས་ཁུལ་དང་ཨེ་ཤེ་ཡའི་བྱང་ཤར་ས་ཁུལ་གྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་པའི་ནན་བཤད་གནང་བ་རེད། 
          ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཞི་པར་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཨུ་ཀྲུང་གི་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཡག་པོ་ཡོད་པར་བསྔགས་བརྗོད་གནང་བ་རེད། ཕུའུ་ཅིང་གིས་རྒྱང་ཤར་ནི་ཨུ་རུ་སུའི་འཕེལ་རྒྱས་སྔོན་ལ་གཏོང་ས་ཞིག་རེད། མིག་སྔར་རྒྱང་ཤར་ས་ཁུལ་གྱི་དཔལ་འབྱོར་འཕར་བ་དང་ཕྱི་རྒྱལ་གྱི་མ་དངུལ་འགུགས་ཚད་ཚང་མ་ཨུ་རུ་སུའི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། རྒྱང་ཤར་འཕེལ་རྒྱས་ནི་སྒོ་དབྱེའི་འཕེལ་རྒྱས་ཤིག་རེད། ཨུ་རུ་སུའི་སྲིད་གཞུང་གིས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བྱ་གཞག་དར་རྒྱས་གཏོང་བར་ཡོང་ནས་རྒྱང་ཤར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་འཛིན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ས་ཁུལ་གྱི་ཕྱོགས་ཁག་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ཏེ་ཨེ་ཤེ་ཡའི་བྱང་ཤར་ས་ཁུལ་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།