དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་དབྱིན་ཇིའི་ཚོགས་པ་མཉམ་སྤྲོ་ཁང་ཞེ་བརྒྱད་ཀྱི་ཀྲུའུ་ཞི་ཕེ་ལི་དང་མཇལ་འཛོམས་གནང་བ།

སྤེལ་དུས 2018-10-19 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དབྱིན་ཇིའི་ཚོགས་པ་མཉམ་སྤྲོ་ཁང་ཞེ་བརྒྱད་ཀྱི་ཀྲུའུ་ཞི་ཕེ་ལི་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཕེ་ལི་སླར་ཡང་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་དུས་འགོར་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོ་གསར་པར་ཚོང་དོན་བཀག་སྡོམ་བྱེད་མཚམས་སུ་ཁྱེད་ཀྱི་པཱ་ལགས་ཀྱིས་དབྱིན་ཇིའི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་བཅུ་ཕྲག་ཁ་ཤས་ཀྱི་སྣེ་ཁྲིད་དེ་འགོག་རྐྱེན་མང་པོ་ཁྱད་དུ་བསད་ནས་ཀྲུང་གོར་སླེབས་པ་དང“གསར་འབྱེད་འགྲུལ་བཞུད”བྱེད་འགོ་ཚུགས་ཏེ་ཀྲུང་དབྱིན་མཛའ་གྲོགས་ཀྱི་གཏམ་སྙན་ཞིག་བརྩམས་པ་ནི་ལས་སླ་པོ་ཞིག་མ་རེད། ཀྲུང་གོའི་མི་དམངས་ཀྱིས་དཀའ་ཚེགས་ཆེ་བའི་ལོ་ཟླ་དེར་ཀྲུང་དབྱིན་དབར་དཔལ་འབྱོར་ཉོ་ཚོང་འགྲོ་འོང་གསར་འབྱེད་བྱ་རྒྱུར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་མཁན་མི་རབས་རྒན་གྲས་ཀྱི་མཛའ་གྲོགས་མི་སྣ་དུས་ནམ་ཡང་བརྗེད་མི་སྲིད། “གསར་འབྱེད་འགྲུལ་བཞུད”དུས་རབས་ཕྱེད་ཀ་ལྷག་ཙམ་འདས་ཟིན་པ་དང་འཛམ་གླིང་ལ་འཕོ་འགྱུར་ཆེན་པོ་བྱུང་མོད། འོན་ཀྱང“གསར་འབྱེད་འགྲུལ་བཞུད”ལ་སྔར་བཞིན་དངོས་ཡོད་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཆ་ཀྲུང་དབྱིན་མཛའ་གྲོགས་འབྲེལ་བ་རྒྱལ་ཁབ་གཉིས་པོའི་མི་སེམས་ལ་གཏིང་ཟབ་ཟུག་པ་དང་ཐུན་མོང་ཐོག་ཀྲུང་དབྱིན་འབྲེལ་བའི“དུས་རབས་ཡག་པོ”གཏོད་རྒྱུ་དེ་ང་ཚོ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད། “གསར་འབྱེད་འགྲུལ་བཞུད”ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ཚོགས་པ་མཉམ་སྤྲོ་ཁང་ཞེ་བརྒྱད་མཚོན་བྱེད་དུ་བྱེད་པའི་དུས་རབས་གསར་པའི“གསར་འབྱེད་པས”སྤྲོ་སེམས་ཆེན་པོས་ཀྲུང་དབྱིན་མཛའ་གྲོགས་བྱ་གཞག་ཁྲོད་མུ་མཐུད་ཞུགས་བཞིན་ཡོད། ཚང་མའི་ཐུན་མོང་འབད་བརྩོན་འོག་ཀྲུང་དབྱིན་མཛའ་གྲོགས་ཡུན་རིང་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད། ཀྲུང་གོར་ལོ་ངོ་ལྔ་སྟོང་གི་འོད་སྟོང་འབར་བའི་ཤེས་དཔལ་ལྡན་ནའང་ཉེ་རབས་ཀྱི་ལོ་ཉིས་བརྒྱ་སུམ་བརྒྱའི་རིང་གི་སྒོ་རྒྱག་ལས་དེ་སྔ་ང་ཚོ་རྗེས་ལུས་ཐེབས་ཡོད། ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་བྱས་ཏེ་དེང་རབས་ཀྱི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་བཏོད་ཡོད། འདི་ལོ་ནི་ཀྲུང་གོ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་འཁོར་བའི་ལོ་ཞིག་རེད། ལོ་བཞི་བཅུ་ཡི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་ལས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་ང་ཚོའི་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད། མིག་སྔའི་འཛམ་གླིང་དུས་བབ་འོག ཀྲུང་གོས་བློ་རྩ་དེ་བས་བརྟན་པོས་ཚོང་དོན་རང་མོས་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། ང་ཚོས་རྒྱལ་སྤྱིའི་ལས་དོན་ཁྲོད་སྤེལ་རེས་དང་། མཉམ་ལས། བསམ་ཤེས། ཕན་ཚུན་ཡིད་ཆེས་བཅས་བྱེད་ཟབ་ཏུ་གཏོང་བ་དང་དོགས་པ་དང་། ཕྱོགས་ཞེན། གོ་ནོར་བཅས་མི་བྱེད་པའི་འབོད་སྐུལ་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་སྟོབས་ཆེར་སོང་ན་བཙན་པོ་དབང་ཡོད་ཀྱི་འགྲོ་ལམ་ཐོག་སྐྱོད་མི་སྲིད། ང་ཚོ་ནི་འཛམ་གླིང་ཞི་བདེའི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་བ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པ་དང་རྒྱལ་ཁབ་ཁག་དབར་གྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འབོད་སྐུལ་བྱེད་པ་དང་ཀྲུང་དབྱིན་འབྲེལ་བའི“དུས་རབས་ཡག་པོ”གཏོད་རྒྱུར་གཞོལ་གྱི་ཡོད་ཅེས་གསུངས་པ་རེད།
          ཕེ་ལི་ཡིས་ངའི་ཕས“གསར་འབྱེད་འགྲུལ་བཞུད”བྱེད་སྐབས་ཀྲུང་གོ་འདི་ཉིད་ཤིན་ཏུ་དབུལ་བ་དང་རྗེས་སུ་ལུས་པའི་རྒྱལ་ཁབ་ཅིག་རེད། ལོ་40རིང་ཀྲུང་གོར་གོ་ལ་ཧྲིལ་པོས་བརྩི་མཐོང་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཐད་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱ་རྒྱུ་ནི་དུས་རབས་འདིའི་བརྗིད་ཆེའི་འདུ་འགོད་ཅིག་རེད། ང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་བག་ཆགས་ཟབ་མོ་ཡོད་ལ། ཀྲུང་གོས་རང་ཉིད་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཚོགས་པ་མཉམ་སྤྲོ་ཁང་ཞེ་བརྒྱད་ཀྱིས་ཀྲུང་གོ་དང་ཕྱི་རོལ་འཛམ་གླིང་དབར་སྤེལ་རེས་བྱེད་ཟབ་ཏུ་གཏོང་རྒྱུར་གཞོལ་བ་དང་ཀྲུང་གོའི་འཕེལ་རྒྱས་བསྐྱར་དར་འཕེལ་རིམ་ཁྲོད་ཧུར་ཐག་ཞུགས་འདོད་ཡོད་ཅེས་བརྗོད་པ་རེད།