ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་ལྔ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

སྤེལ་དུས 2018-11-09 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།
         འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་ལྔ་པ་ཟླ་11ཚེས་7ཉིན་ཀྲེ་ཅང་ཝུའུ་ཀྲེན་དུ་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
         ཞི་ཅིན་ཕིང་གིས་དེང་དུས་འཛམ་གླིང་དུ་ཁྱབ་རྒྱ་དེ་བས་ཆེ་བ་དང་རིམ་པ་དེ་བས་གཏིང་ཟབ་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཡོང་བཞིན་ཡོད། དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་དེང་རབས་ཆ་འཕྲིན་ལག་རྩལ་ཟམ་མི་ཆད་པར་ཚད་བརྒལ་བྱུང་བ་དང་། གྲངས་གཞིའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་ཁག་གི་ཁེ་ཕན་སྔར་བས་དམ་པོར་འབྲེལ་ཡོད། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པར་ང་ཚོས་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བཏང་སྟེ་གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་མ་ལག་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཅིག་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་མ་གཞི་འཛམ་གླིང་རྒྱལ་ཁབ་ཁག་གི་གནས་ཚུལ་དང་། དྲ་སྦྲེལ་འཕེལ་རྒྱས་དུས་མཚམས། དོན་དངོས་ཀྱི་འགྲན་སློང་བཅས་གཅིག་མཚུངས་མིན་ནའང་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདུན་པ་དང་། དྲ་རྒྱའི་བདེ་འཇགས་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁེ་ཕན། དྲ་རྒྱའི་བར་མཐོངས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པའི་དགོས་མཁོ་བཅས་གཅིག་མཚུངས་རེད། རྒྱལ་ཁབ་ཁག་གིས་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་སྟེ་མཉམ་དུ་ཡར་རྒྱས་ཡོང་བ་སྒུལ་ཤུགས་དང་གཉིས་ཕན་ཡོང་བ་དམིགས་ཚད་དུ་བཟུང་ནས་ཕན་ཚུན་ཡིད་ཆེས་དང་ཐུན་མོང་བཅོས་སྐྱོང་གི་ལམ་བུར་བསྐྱོད་དེ་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐྱེ་སྟོབས་སྔར་ལས་ལྷག་པ་འཕེལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་སྐབས་འདིའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཐོག“ཕན་ཚུན་ཡིད་ཆེས་དང་ཐུན་མོང་བཅོས་སྐྱོང་གི་གྲངས་གཞིའི་འཇིག་རྟེན་གཏོད——ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཚང་མས་བློ་བསྡུ་དགེ་འཚོལ་དང་ཐུན་མོང་ངོས་འཛིན་མཐོ་རུ་གཏོང་བ་དང་། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་གྲངས་གཞི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲངས་གཞིའི་འཇིག་རྟེན་བསྐྲུན་ནས་དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་དགོས་ཞེས་གསུངས།