ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།

སྤེལ་དུས 2018-11-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཚེས་14ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་བ་མ་ཟད་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད། ཁོང་གིས། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུས་ཤིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། བསྒྱུར་བཅོས་སྒོ་དབྱེའི་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་དང་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ནས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྒྱུར་བཅོས་སྒོ་དབྱེའི་དོན་སྙིང་གལ་ཆེན་དང་རླབས་ཆེའི་གྲུབ་འབྲས་ལ་ངོས་འཛིན་གང་ལེགས་ཡོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ་བཅས་བྱས་ནས། མུ་མཐུད་བསྒྱུར་བཅོས་སྒོ་དབྱེའི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་གོང་འཕེལ་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ལ་དམ་འཛིན་བྱས་ཏེ། དུས་རབས་གསར་པའི་བསྒྱུར་བཅོས་སྒོ་དབྱེར་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧུའུ་ཉིང་དང་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
          གྲོས་ཚོགས་ཐོག ཧའེ་ནན་ཞིང་ཆེན་གྱི་གསར་གཏོད་ཀྱིས་གོང་འཕེལ་ལ་སྒུལ་ཤུགས་སྤྲད་པའི་འཐབ་ཇུས་ལག་བསྟར་ཇུས་གཞི་དང་། ཧའེ་ནན་ཞིང་ཆེན་གྱི་རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས་བསྐྲུན་པའི་ལག་བསྟར་ཇུས་གཞི། ཧའེ་ནན་གྱི་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ནོར་ཁྲལ་སྲིད་ཇུས་ཀྱི་ལག་བསྟར་ཇུས་གཞི། ཧའེ་ནན་གྱི་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཕྱོགས་བསྡུས་ནོར་ཤུགས་ཁ་གསབ་མ་དངུལ་གྱི་དོ་དམ་བྱེད་ཐབས། ཧའེ་ནན་གྱི་གླིང་ཕྲན་ནས་ཁ་བྲལ་བའི་འགྲུལ་པས་སྒོ་ཁྲལ་ཆག་ཡང་གི་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི། ཁྲོམ་རའི་གཙོ་གཟུགས་ལམ་ལུགས་ནས་ཕྱིར་དོན་པའི་བསྒྱུར་བཅོས་འཐུས་སྒོ་ཚང་དུ་གཏོང་བའི་ཇུས་གཞི། སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞི། རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོ་བསྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར། བསྒྱུར་བཅོས་གཏིང་ཟབ་བྱས་ནས་འཛམ་གླིང་གི་རྩེར་སོན་ཚན་རྩལ་དུས་དེབ་གསར་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར། གཞི་རིམ་གྱི་ཞིབ་མཆན་འགོད་པ་དང་ཞབས་ཞུའི་ཁྲིམས་འཛིན་སྟོབས་ཤུགས་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར། དཔེ་སྐྲུན་ལས་དོན་ལ་ཤུགས་སྣོན་དང་དེར་ལེགས་བཅོས་གཏོང་རྒྱུའི་སྐོར་གྱི་བསམ་འཆར། རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་ཚོད་ལྟ་སྒྲིག་འཛུགས་ཇུས་གཞི། སྲིད་འཛིན་ཁྲིམས་འཛིན་སྤྱི་བསྒྲགས་ལམ་ལུགས་དང་ཁྲིམས་འཛིན་བརྒྱུད་རིམ་ཡོངས་ཟིན་འགོད་ལམ་ལུགས། ཁྲིམས་འཛིན་གཏན་འབེབས་གལ་ཆེ་རིགས་ཀྱི་ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར། དེ་བཞིན་པེ་ཅིང་གྲོང་ཁྱེར་གྱིས་ཏང་འཛུགས་ལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་བཅོས་སྐྱོང་སྒྲིག་གཞི་གསར་གཏོད་ལ་ཁྲིད་སྟོན་བྱ་རྒྱུའི་འཚོལ་ཞིབ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་རེད།
          གྲོས་ཚོགས་ཐོག ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་ཧྲིལ་པོར་དམིགས་ཏེ། ཧའེ་ནན་ལ་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱ་རྒྱུའི་ལས་འགན་སྤྲད་པ་དང་། ཧའེ་ནན་གྱིས་གླིང་ཕྲན་ཡོངས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། རིམ་པ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུར་འཚོལ་ཞིབ་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལ་གཞིགས་ནས། སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་བསྟར་ཇུས་གཞི་ཁག་གི་བཟོ་འགོད་ལས་དོན་ཡག་པོ་སྒྲུབ་ནས། གང་མགྱོགས་ཀ་བཞི་གདུང་བརྒྱད་བསྐྲུན་ཐུབ་པ་བྱེད་དགོས། ཧའེ་ནན་གྱིས་གསར་གཏོད་ཀྱིས་གོང་འཕེལ་ལ་སྒུལ་ཤུགས་སྤྲོད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས་བསྐྲུན་པ། ནོར་ཁྲལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་ནོར་ཤུགས་ཁ་གསབ་མ་དངུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གླིང་ཕྲན་ནས་ཁ་བྲལ་བའི་འགྲུལ་པས་སྒོ་ཁྲལ་ཆག་ཡང་གི་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་ལེགས་སྒྲིག་བྱེད་པ་བཅས་ལ་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེདད་གཏོང་དགོས་པ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
          གྲོས་ཚོགས་ཐོག ཁྲོམ་རའི་གཙོ་གཟུགས་ཕྱིར་དོན་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དྲག་རྒྱལ་ཞན་ཕམ་གྱི་ཁྲོམ་རའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་རའི་གཙོ་གཟུགས་ཀྱི་འགྲན་རྩོད་གསོན་ཤུགས་སྐུལ་སློང་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། གཅུན་ནུས་དང་སྐུལ་སློང་གཉིས་ཀར་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲོམ་རའི་གཙོ་གཟུགས་ཀྱི་རང་བདག་ཚོང་གཉེར་དབང་ཆར་བརྩི་སྲུང་དང་འགན་སྲུང་བྱེད་པ། ཕྱོགས་ཁག་གི་ལུགས་དང་མཐུན་པའི་ཁེ་དབང་ལ་སྲུང་སྐྱོབ་ནུས་ལྡན་བྱེད་པ། ཚོད་འཛིན་དང་ལྟ་སྐུལ་དོ་དམ། ཞབས་ཞུ་བཅས་ཀྱི་བྱེད་ཐབས་གསར་གཏོད་བྱེད་པ། སྤྱི་པའི་སྲིད་ཇུས་ལུགས་མཐུན་ངང་བཀོལ་སྤྱོད་བྱས་ནས་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ། ཁྲོམ་ར་བསྐྱར་སྒྲིག་དང་གཙང་བྲིན་གྱི་སྤུས་ཚད་དང་ལས་ཆོད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་སྟོན་བྱས་ཡོད་པ་རེད།
          གྲོས་ཚོགས་ཐོག སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཉོ་སྒྲུབ་པའི་གཙོ་གཟུགས་འགན་འཁྲི་ཆེ་རུ་གཏོང་བ། གཅིག་བསྡུས་ཉོ་སྒྲུབ་ལས་ཁུངས་ཀྱི་འགྲན་རྩོད་སྒྲིག་གཞི་འཛུགས་པ། སྲིད་གཞུང་ཉོ་སྒྲུབ་ཀྱི་ལས་ཚབ་དང་དཔྱད་ཞིབ་སྒྲིག་གཞི་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པ་དང་ལས་ཆོད་མཐོ་བའི་ཉོ་སྒྲུབ་ཉོ་ཚོང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་ནུས་པའི་བྱ་ཐབས་ཤུགས་ཆེར་གཏོང་བ། སྲིད་གཞུང་ཉོ་སྒྲུབ་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཉོ་སྒྲུབ་ཀྱི་གཙོ་གཟུགས་འགན་འཁྲི་གསལ་པོ་བཟོ་བ་དང་ཉོ་ཚོང་སྒྲིག་སྲོལ་ཚན་རིག་དང་མཐུན་པ་དང་ལས་ཆོད་མཐོ་བ། ལྟ་སྐུལ་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་བ། སྲིད་ཇུས་ནུས་པ་ཆ་ཚང་བ། ཁྲིམས་ལུགས་ལམ་ལུགས་འཐུས་སྒོ་ཚང་བ། ལག་རྩལ་འདེགས་སྐྱོར་སྔོན་ཐོན་བཅས་ཀྱི་དེང་རབས་སྲིད་གཞུང་ཉོ་སྒྲུབ་ལམ་ལུགས་ཆགས་རྒྱུ་བཅས་མགྱོགས་སུ་གཏོང་དགོས་ཞེས་བསྟན་ཡོད་པ་དང་།
          གྲོས་ཚོགས་ཐོག ལས་རིགས་སློབ་གསོ་དེ་སྔར་བས་མངོན་བསལ་དོད་པའི་གནས་སུ་འཇོག་པ་དང་ཚན་རྩལ་གོང་འཕེལ་འགྲོ་ཚུལ་དང་ཁྲོམ་རའི་དགོས་མཁོ་འབྲེལ་མཐུད་བྱེད་པ། ལས་རིགས་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭ་དང་ཆེད་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ། སློབ་གཉེར་སྒྲིག་གཞི་བསྒྱུར་བཅོས་དང་མི་གསོ་སྐྱོང་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ལས་རིགས་ཁག་དང་ལྷག་དོན་དུ་ཁེ་ལས་ཀྱིས་ལས་རིགས་སློབ་གསོར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་རྩལ་ནུས་མི་སྣ་གསོ་སྐྱོང་ནུས་ལྡན་བྱེད་པ་བཅས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད་སྤུས་ཚད་ལེགས་པའི་མི་སྣའི་ཐོན་ཁུངས་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་སྟོན་ཡོད་པ་རེད།
          གྲོས་ཚོགས་ཐོག རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་རྒྱུ་དེ་རྫོང་རིམ་པའི་སྨྱན་སྦྱོར་ཐོན་ཁུངས་ཟླ་སྒྲིལ་དང་། འཕེལ་ཕྱོགས་གཙོ་བོའི་བསམ་བློའི་གླེང་ཕྱོགས་བརྟན་དུ་གཏོང་རྒྱུ། དེ་སྟོབས་ཆེར་གཏོང་རྒྱུ་བཅས་ལ་ཕན་པ་ཡོད། ལས་ཁུངས་དང་མི་དོན། ནོར་སྲིད། གླ་ཕོགས་སོགས་ཀྱི་ཐད་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྨྱན་སྦྱོར་ཀྱི་བཀོད་པ་ལེགས་སྒྲིག་བྱས་ནས་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། རྫོང་རིམ་པའི་སྨྱན་སྦྱོར་དྲིལ་བསྒྲགས་བྱེད་ཤུགས་དང་སྣེ་ཁྲིད་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དོ་དམ་དང་འཛུགས་རྒྱུ་གཉིས་དུས་གཅིག་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དོ་དམ་དང་འཛུགས་རྒྱུ་གཉིས་ཟུང་སྦྲེལ་བྱེད་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་སྟོགས་ཁྲིད་སྟོན། རིན་ཐང་འཕེལ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་འགན་འཁྲི་བརྟན་སྲུང་གིས་སྤྱི་ཚོགས་ཕན་འབྲས་ཨང་དང་པོར་འཇོག་དགོས་ཞེས་སྟོན་ཡོད་པ་རེད།
          གྲོས་ཚོགས་ཐོག ཚན་རྩལ་དུས་དེབ་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་བྱེད་པ་དང་ཚན་རིག་འཚོལ་རྙེད་གཅིག་འདུས་བྱས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་འགྲན་རྩོད་སྟོབས་ཤུགས་དང་རིག་གནས་ཀྱི་མཉེན་ཤུགས་ཐད་ཀར་མངོན་པ་བྱེད་དགོས། འཛམ་གླིང་གི་རྩེར་སོན་ཚན་རྩལ་དུས་དེབ་གཉེར་སྐྱོང་བྱེད་རྒྱུ་དམིགས་འབེན་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གཙོ་གནད་འཛུགས་སྐྲུན་དུས་དེབ་ཀྱི་དཀར་ཆག་བཟོ་བ་དང་རྨང་གཞི་ལྡན་པ་དང་སྲོལ་རྒྱུན་བཟང་ཆ་ལྡན་པའི་ཁྱབ་ཁོངས་ཀྱི་དུས་དེབ་ཁག་ཅིག་ཡག་པོ་གཉེར་དགོས་ཞེས་བསྟན་ཡོད་པ་དང་།
          གྲོས་ཚོགས་ཐོག གཞི་རིམ་གྱི་ཞིབ་མཆན་འགོད་པ་དང་ཞབས་ཞུའི་ཁྲིམས་འཛིན་སྟོབས་ཤུགས་ཟླ་སྒྲིལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་ཤུགས་ཆེར་གཏོང་བ། སྲང་ལམ་དང་ཤང་གྲོང་ལས་དོན་གྱི་ཁྱད་ཆོས་དང་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་དགོས་མཁོ་དང་འཚམ་པ་བྱེད་པ། གཞི་རིམ་གྱི་ཞིབ་མཆན་འགོད་པའི་ཞབས་ཞུའི་ལས་ཁུངས་ཕྱོགས་བསྡུས་བཀོད་སྒྲིག་བྱེད་པ། གཞི་རིམ་གྱི་དྲ་སྦྲེལ་དོ་དམ་དང་བཀོད་འདོམས་སྟེགས་བུ་ཟླ་སྒྲིལ་གཏོང་བ། ཐོན་ཁུངས་ཞབས་ཞུའི་དོ་དམ་གཞི་རིམ་དུ་ཁ་ཕྱོགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་རིགས་ཁག་གི་ལས་ཁུངས་དང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་དགོས་མཁོར་ཞབས་ཞུ་དང་འགན་སྲུང་བྱེད་པའི་ཐད་ནུས་པ་ཆེན་པོ་འདོན་ཐུབ་པ་བྱེད་དགོས་ཞེས་སྟོན་ཡོད་པ་དང་།
          གྲོས་ཚོགས་ཐོག དཔེ་སྐྲུན་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་གོང་འཕེལ་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་ཞུ་བྱེད་རྒྱུ་རྒྱུན་འཁྱོངས། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་རྒྱུན་འཁྱོངས། ནང་དོན་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། བསྒྱུར་བཅོས་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ། དཔེ་སྐྲུན་དོ་དམ་ལེགས་སུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཟུང་སྦྲེལ་བྱེད་པའི་དཔེ་སྐྲུན་སྒྲིག་གཞི་དང་ལམ་ལུགས་འཛུགས་གང་ཐུབ་བྱས་ཐོག་འབད་བརྩོན་ཆེན་པོས་མི་དམངས་མང་ཚོགས་ལ་སྔར་བས་ཕུན་སུམ་ཚོགས་པ་དང་སྔར་བས་སྤུས་ལེགས་ཀྱི་དཔེ་སྐྲུན་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་དང་
          གྲོས་ཚོགས་ཐོག རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་འདུས་ཉོ་སྒྲུབ་ཚོད་ལྟ་སྒྲིག་འཛུགས་བྱེད་པའི་དམིགས་ཡུལ་ནི་སྨན་རྫས་གཅིག་འདུས་ཉོ་སྒྲུབ་སྒྲིག་གཞི་དང་ཁྲོམ་རས་གཙོ་ཁྲིད་བྱེད་པའི་སྨན་རིན་སྒྲིག་གཞི་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་མང་ཚོགས་ཀྱི་སྨན་རིན་ཁུར་པོ་ཡང་དུ་གཏོང་བ། སྨན་རྫས་འཁོར་རྒྱུག་གོ་རིམ་ཚད་ལྡན་བཟོ་བ། མང་ཚོགས་ཀྱི་སྨན་གཏོང་བདེ་འཇགས་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ཡིན་པས་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱེད་པ་དང་མནའ་འབྲེལ་གྱི་ཉོ་སྒྲུབ་བྱེད་པ། སྟེགས་བུས་བཀོལ་སྤྱོད་བྱེད་པ་བཅས་ཀྱི་སྤྱི་ཡོངས་བསམ་གཞི་ལྟར་ཁྲིམས་ལ་གཞིགས་པ་དང་གཏན་འབེབས་དང་མཐུན་པ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲོམ་རའི་སྒྲིག་གཞི་དང་སྲིད་གཞུང་གི་ནུས་པ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་སྨན་རྫས་ཀྱི་སྤུས་ཚད་དང་མཁོ་སྤྲོད་བརྟན་པོ་ཡོང་རྒྱུ་འགན་སྲུང་བྱེད་དགོས་ཞེས་སྟོན་ཡོད་པ་རེད།
          གྲོས་ཚོགས་ཐོག སྲིད་འཛིན་ཁྲིམས་འཛིན་ཁ་གསལ་དང་། ཚད་ལྡན། ཁྲིམས་མཐུན། དྲང་བཞག་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྲིམས་འཛིན་ལམ་ལུགས་བར་མཚམས་མེད་པར་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་གོ་རིམ་ལུགས་མཐུན་བཟོ་བ་དང་། ཁྲིམས་འཛིན་བྱ་ཐབས་གསར་སྐྲུན་བྱེད་པ། ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས། ཁྲིམས་འཛིན་བྱེད་ནུས་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ། དབང་ཆ་དང་འགན་འཁྲི་གཅིག་གྱུར་ཆགས་པར་སྐུལ་འདེད་གཏོང་བ། དབང་གྲགས་ལྡན་ལ་ཕན་ནུས་ཆེ་བའི་སྲིད་འཛིན་ཁྲིམས་འཛིན་མ་ལག་ཆགས་པ་བཅས་ཀྱི་ཐོག་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་དགོས་ཞེས་ནན་སྟོན་བྱས་པ་དང་།
          གྲོས་ཚོགས་ཐོག སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་ལ་སྤོ་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། གཞི་རིམ་གྱི་ཏང་རྩ་འཛུགས་དེ་ཉིད་གཞི་རིམ་གྱི་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་དམག་འཐབ་ཀྱི་བཙན་རྫོང་ལྟ་བུ་ཆགས་པ་བྱ་རྒྱུ་དེ་ནི། ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་གནང་བའི་ལས་འགན་གལ་ཆེན་ཞིག་ཡིན། པེ་ཅིང་གྲོང་ཨུད་ཀྱི་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྒྲིག་གཞི་དང་ནང་རྐྱེན་གསར་སྐྲུན་ཧུར་ཐག་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བའི་ནང་གི་དོན་དག་ཡག་པོ་སྒྲུབ་པ། མཐའ་མའི་སྤྱི་ལེ་གཅིག་གི་ལས་འགན་དོན་འཁྱོལ་དམ་བཟུང་བྱེད་པ་བཅས་ཀྱི་ཐོག་ནས། ཕན་འབྲས་ལྡན་པའི་བྱེད་སྟངས་ཆགས་པ་བྱ་དགོས། ས་ཁུལ་ཁག་གིས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་དགོས་པ་དང་། དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་ཐོག་བསྐྱོད་པ། གཞི་རིམ་ལས་ཡུལ་དངོས་བར་དུ་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་གཏན་འཁེལ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད།
          གྲོས་ཚོགས་ཐོག ས་ཁུལ་ཁག་དང་ཚན་པ་ཁག་གིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ལས་དོན་ཏན་ཏིག་སྒོ་ནས་སྒྲུབ་དགོས་པ་དང་། ལོ་ངོ་༤༠སྒྱུར་བཅོས་སྒོ་འབྱེད་དང་དུས་རབས་གསར་པར་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱེད་པ་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ཉམས་མྱོང་དང་ད་ཡོད་ཀྱི་འགལ་ཟླ་སེལ་རྒྱུ་ཟུང་འབྲེལ་བྱེད་པ། སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེན་གྲུབ་འབྲས་གང་ལེགས་ངོམས་རྒྱུ་དང་མི་དམངས་མང་ཚོགས་ཀྱི་ཚོར་སེམས་མཐོ་རུ་ཕྱིན་པ་གཉིས་ཟུང་འབྲེལ་བྱེད་པ། སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་རྒྱུ་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱེད་པ། ཆོད་སེམས་དེ་བས་ཆེ་བ་དང་། བློ་སྟོབས་དེ་བས་ཆེ་བ། ཤུགས་ཚད་དེ་བས་ཆེ་བ་བཅས་ཀྱི་ཐོག་ནས་སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་དགོས། ལོ་རྒྱུས་དང་། སྤྱི་ཡོངས། འཐབ་ཇུས་བཅས་ཀྱི་མཐོ་ཚད་ཐོག་ནས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠འཁོར་བའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱ་དགོས། དུས་རབས་རང་བཞིན་དང་། བསམ་བློའི་རང་བཞིན། ལག་ལེན་རང་བཞིན་བཅས་མངོན་གསལ་དུ་འཇོག་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ་དང་། ཐུན་མོང་གི་ཆ་ཡོད་པ་དང་། ཆོས་ཉིད་ལྡན་པའི་གནད་དོན་ཁག་ཅིག་ལ། ཕྱོགས་སྡོམ་དང་མནོ་བསམ་གཏོང་རྒྱུར་དོ་སྣང་བྱས་ཏེ། སྔར་བས་མདུན་སྐྱོད་ཐུབ་རྒྱུར་ཕན་པ་བསྐྲུན་དགོས་ཞེས་ནན་སྟོན་བྱས་ཡོད།
          གྲོས་ཐོག་ཚོགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་བཀོད་སྒྲིག་བྱས་པར། གཅིག་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད་ལ། གཉིས་ནས་སྒྱུར་བཅོས་ཀྱི་ཉམས་མྱོང་གསར་པ་མང་པོ་ཞིག་གསར་སྐྲུན་དང་གསོག་འཇོག་ཐུབ་ཡོད། དུས་མཚམས་དེའི་རིང་གི་སྒྱུར་བཅོས་ལས་དོན་ཕྱོགས་སྡོམ་ཡག་པོ་བྱས་ཏེ། དུས་རབས་གསར་པའི་སྒྱུར་བཅོས་སྒོ་འབྱེད་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱ་དགོས་ཞེས་བསྟན་ཡོད།
          གྲོས་ཚོགས་ཐོག སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་ཆེད། བྱ་སྤྱོད་ངོ་མ་སྤེལ་དགོས། སྒྱུར་བཅོས་དོན་འཁྱོལ་དམ་འཛིན་བྱེད་པའི་ཐད་འབད་བརྩོན་བྱེད་པ་དང་། འགག་རྩ་ནི་གནད་དོན་གནད་ལ་འཕིགས་པ་འཚོལ་བ་དང་། གནད་དོན་དམ་འཛིན་བྱེད་པ། གནད་དོན་ཐག་གཅོད་བྱེད་པ་བཅས་ཡིན། གཅིག་ནས་སྤྱི་ཡོངས་ཐད་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དོན་འཁྱོལ་གནས་ཚུལ་ལ་དོ་ཁུར་བྱེད་དགོས་ལ། གཉིས་ནས་གནད་དོན་ཆུང་ངུ་ནས་འགོ་བཙུགས་ཏེ་ཐག་གཅོད་བྱ་མཁས་པོའི་ཐོག་ནས། གནད་དོན་གཅིག་ཤེས་རྟོགས་བྱུང་མ་ཐག་དེ་ཐག་གཅོད་ཐུབ་རྒྱུ་འགན་ལེན་བྱ་དགོས། ས་གནས་ཀྱིས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་འདོད་ཚུལ་ཁོང་དུ་ཆུད་པ་བྱས་ཏེ། ས་གནས་ཀྱི་སྒྱུར་བཅོས་དེ་རྒྱལ་ཁབ་སྒྱུར་བཅོས་འཕེལ་རྒྱས་ཧྲིལ་པོའི་ནང་མཉམ་འདྲེས་སྔར་ལས་ཡག་པ་ཐུབ་པ་བྱ་དགོས་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་གནད་ལ་འཕིགས་པོས་ཁོང་དུ་ཆུད་པ་བྱ་དགོས་པ། གནད་དོན་མངོན་གསལ་དོད་པ་རྣམས་གནད་ལ་འཕིགས་པོས་འཚོལ་དགོས་པ། སྒྱུར་བཅོས་བྱ་ཐབས་དངོས་སུ་ལག་བསྟར་བྱེད་པ། སྒྱུར་བཅོས་ཀྱི་ཕན་འབྲས་མཐོ་རུ་གཏོང་དགོས་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་གཏན་འགོག་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།
          གྲོས་ཚོགས་ཐོག ལོ་ངོ་40ལག་ལེན་དངོས་ནས་ར་སྤྲོད་ཐུབ་པར། ཁོར་ཡུག་རྙོག་འཛིང་ཇི་ཙམ་ཆེ་ན། འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ཁོང་དུ་ཡག་པོ་ཆུད་ཐབས་བྱེད་པ། ཁ་ཕྱོགས་གསལ་པོ་མཐོང་ཐུབ་པ། ལས་དོན་ཏན་ཏིག་སྒྲུབ་པ། ཉེན་ཁ་ཐེག་ཐུབ་པ་བཅས་བྱ་དགོས། ང་ཚོས་འཐབ་ཇུས་ཀྱི་བརྡར་ཤ་གཅོད་པར་ཤུགས་སྣོན་རྒྱག་པར། གཅིག་ནས་འཐབ་ཇུས་རང་བཞིན་གྱི་སྒྱུར་བཅོས་ཇུས་བཀོད་བྱ་དགོས་ལ། གཉིས་ནས་དམག་འཐབ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་ནང་ངོས་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ། འཕར་སྣོན་གྱི་སྒུལ་ཤུགས་གསོ་སྤེལ་བྱེད་པ། སྒྱུར་བཅོས་སྒོ་འབྱེད་ཡག་པོ་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་སྐྲུན་དགོས་པ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བསམ་བློའི་ངོས་འཛིན་གནད་དོན་གལ་ཆེན་རྣམས་ལ་དུས་ཐོག་ཏུ་ལན་འདེབས་དགོས་པ། བསམ་འཆར་ཡང་དག་ཉན་རྒྱུར་མཁས་དགོས་པ། སྤྱི་ཚོགས་ཡོངས་ཀྱི་སྒྱུར་བཅོས་ཀྱི་སེམས་ཤུགས་བརྟན་དུ་འགྲོ་བ་བྱ་དགོས་ཞེས་བསྟན་ཡོད།
          ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།