ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

སྤེལ་དུས 2018-12-24 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།
          ཉིན་ཤས་བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་རྒྱུན་མཐུད་ངང་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ། འགག་སྒྲོལ་དཀའ་སེལ་དང་གསར་གཏོད་བྱེད་ཕོད་པ། ཆོད་སེམས་དེ་བས་ཆེ་བ་དང་དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས་བཅས་ཀྱི་ཐོག་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད།
          “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ལོ་40ཡི་རིང་ཐོབ་པའི་གྲུབ་འབྲས་ནི་གནམ་ནས་ཟགས་པ་ཞིག་མིན་ལ་མི་གཞན་གྱིས་གསོལ་རས་གནང་བ་ཞིག་དེ་བས་ཀྱང་མིན་པར། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ལས་བརྩོན་དང་། བློ་གྲོས། དཔའ་ངར་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད’ཅེས་གསུངས་ཡོད། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ང་ལ་ཡར་སྐུལ་ཆེན་པོ་བྱུང་ལ་ལྕག་སྐུལ་ཡང་ཆེན་པོ་ཐེབས་བྱུང”ཞེས་ལྷུན་གྲུབ་རྫོང་གི་ལས་བྱེད་པ་ཀྲང་ཧྲེན་ཡིའུ་ཡིས་བཤད་ཅིང་། ཁོང་གིས་སྒྱུར་བཅོས་ཀྱི་དཔྱིད་རླུང་དང་བསྟུན་ནས་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། འདི་ལོ་ངས་རང་འགུལ་ངང་ཏང་རྩ་འཛུགས་ལ་གྲོང་སྡོད་ཀྱི་རེ་འདུན་ཞུ་ཡིག་ཕུལ་བ་ཡིན། དེ་ནི་གཞི་རིམ་ལ་གཞིས་ཚུགས་པ་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་དུས་རབས་ཀྱི་མིག་དཔེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སློབ་སྦྱོང་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན”ཞིག་མཐའ་གཅིག་ཏུ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་ཆེད་ཡིན་ཞེས་བཤད།
          “སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། མཚོ་བོད་དང་། ཁྲོན་བོད། བོད་དབུས་དྲ་སྦྲེལ་ལས་གྲྭ་བཅས་བསྐྲུན་པ་དང་སྦྲགས། བོད་ཀྱི་གློག་དྲ་ནས་གློག་གཏོང་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད། བོད་ཀྱི་གློག་ཤུགས་ལས་མི་ཞིག་གི་ངོས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས་ཀྱི་སྙིང་སྟོབས’དར་སྤེལ་གཏོང་བ་དང་རྒྱུན་འཛིན་བྱེད་པ། སྒྱུར་བཅོས་སྒོ་དབྱེའི་ལམ་དུ་སླར་ཡང་ཞུགས་པའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ། མཁྲེགས་སར་གཏུག་ཕོད་པ་དང་ཉེན་ཁར་ཁ་གཏད་གཅོག་ཕོད་པ་བཅས་བྱས་ཏེ་བོད་ཀྱི་གློག་དྲ་ཚད་བརྒལ་གློག་གནོན་གྱི་དུས་རབས་ཤིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན”ཞེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཚན་ཁང་གི་ལས་མི་ཀྲང་ཀྲི་ཕེང་གིས་བཤད།
          མངའ་རིས་ས་ཁུལ་སྒར་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཧན་མའེ་རུང་གིས་གངས་ལྗོངས་ས་མཐོའི་ཉེན་རྟོག་པ་ཞིག་ཡིན་པའི་ང་རང་ལས་ཀར་ཞུགས་ནས་ལོ་18སོང་རིང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། མངའ་རིས་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་དངོས་སུ་ཚོར་བྱུང་། འགྱུར་ལྡོག་དེ་དག་ནི་སྒྱུར་བཅོས་སྒོ་དབྱེ་དང་རླབས་ཆེའི་དུས་རབས་ལས་བྱུང་བ་ཞིག་ཡིན་པས་ཏང་གི་རྗེས་སུ་འབྲང་བ་དང་མིག་ལྟོས་ཡར་འགྲན་གྱི་ངའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ངས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོ་ངེས་པ་དང“ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ”བཅས་ཧུར་ཐག་བྱས་ཏེ་ཏང་དང་མི་དམངས་ཀྱི་བློ་དཀར་སྲུང་དམག་ཅིག་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དུས་བདེའི་བོད་ལྗོངས་དང་དུས་བདེའི་སྒར་རྫོང་བསྐྲུན་རྒྱུར་རང་ཉིད་ཀྱི་ནུས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།