ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

སྤེལ་དུས 2018-12-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། གཡུ་སྒྲོན་གྱིས་བསྒྲིགས།
          ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ་༡༢པའི་ཚེས་༢༩ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་དུ་ལོ་གསར་གྱི་ཇ་སྟོན་འཚོགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲེན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧེན་ཀྲེང་། ཝང་ཆི་ཧྲན་སོགས་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་འགན་ཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བ། དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་མཉམ་དུ་འཛོམས་ནས་སྤྱི་ལོ་༢༠༡༩ལོའི་སྤྱི་ལོའི་ལོ་གསར་ལ་བསུ་བ་ཞུས་གནང་ཡོད།
          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཐོག་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། སྤྱི་ལོ་༢༠༡༩ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་ལོ་ཡིན། ང་ཚོས་སློབ་སྦྱོང་ལ་མཐོང་ཆེན་དང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གསར་སྐྲུན་ལ་མཐོང་ཆེན་དང་གསར་སྐྲུན་བྱེད་ཕོད་པ། མཐུན་སྒྲིལ་ལ་མཐོང་ཆེན་དང་མཐུན་སྒྲིལ་ཟབ་ཏུ་གཏོང་བ། གཅིག་ནས་གོང་འཕེལ་གྱི་གོ་སྐབས་དམ་འཛིན་དང་གཉིས་ནས་འགྲན་རྩོད་ལ་ཁ་གཏད་འོས་འཚམ་གཅོག་པ་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་བློ་སྟོབས་ཆེན་པོས་མདུན་སྐྱོད་དང་སླར་ཡང་འོད་སྟོང་གཏོད་རྒྱུར་སྐུལ་མ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་མི་དམངས་ཚོགས་པ་ཁག་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན། ལས་བྱེད་པ། ལས་རིགས་ཁག་གི་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་དང་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་རུ་ཁག་གི་བཀོད་འཐབ་པ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་རང་མིའི་སྤུན་ཟླ། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་དག་པའི་སྨོན་འདུན་ཞུས་གནང་ཡོད།
          ཞི་ཅིན་ཕིང་གིས། སྤྱི་ལོ་༢༠༡༨ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་སྤྱིར་བཏང་མིན་པའི་ལོ་ཞིག་ཀྱང་ཡིན། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གི་འཐབ་ཇུས་བཀོད་སྒྲིག་ལྟར་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་དང་དེ་བཞིན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང་། ཤང་ཀང་དང་ཨོ་མོན་གྱི་ལས་དོན་དང་ཐེ་ཝན་གྱི་ལས་དོན། ཕྱི་དོན་ལས་ཀ་བཅས་ལ་འཕེལ་རིམ་གལ་ཆེན་ཐོན་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ནན་པོ་བྱ་རྒྱུས་འགོ་བཙུགས་ཏེ། ཁྱོན་ཡོངས་ནས་ནན་པོ་དང་ནན་པོ་མཐར་ཕྱིན་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གནོན་པའི་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་སྲ་བརྟན་བཏང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་སྣང་ཚུལ་མུ་མཐུད་གཙང་སེལ་བྱས་ཡོད་ཅེས་ནན་སྟོན་གནང་བ་དང་།
          ཞི་ཅིན་ཕིང་གིས། སྤྱི་ལོ་2018ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཡིན་པས། ང་ཚོས་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་གཉེར་ཡོད། སྒྱུར་བཅོས་སྒོ་དབྱེར་རྟེན་འབྲེལ་ཡག་ཤོས་ནི་བློ་བརྟན་འགྱུར་མེད་སྒོ་ནས་སྒྱུར་བཅོས་གཏིང་ཟབ་དང་། སྒོ་དབྱེ་རྒྱ་བསྐྱེད་བྱ་རྒྱུ་དེ་ཡིན། ད་ལོ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་གཙོ་གནད་སྒྱུར་བཅོས་ལས་འགན་ཁག་78དང་དེ་མིན་སྒྱུར་བཅོས་ལས་འགན་80གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱུང་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ད་དུང་སྒྱུར་བཅོས་ཀྱི་ལས་འགན་171ལེགས་སྒྲུབ་བྱས་པ་དང་། ཕྱོགས་ཁག་ཚང་མ་ནས་སྒྱུར་བཅོས་ཇུས་གཞི་329བཏོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་སྒྱུར་བཅོས་ཇུས་གཞི་1932བཏོན་ཡོད། ང་ཚོས་བྱ་སྤྱོད་ཐོག་ནས་དུས་རབས་གསར་པར་སྒྱུར་བཅོས་སྒོ་དབྱེ་མཐའ་གཅིག་ཏུ་བྱ་རྒྱུའི་ཆོད་སེམས་བརྟན་པོ་མངོན་པ་བྱས་ཡོད་ཅེས་དང་།
          ཞི་ཅིན་ཕིང་གིས། ལོ་གསར་པའི་ནང་། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བའི་ལས་ཀའི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། བརྟན་པོ་དང་འཕར་སྣོན། མཐོར་འདེགས། ཤར་གཏོང་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། འགག་གཏོར་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ཡག་པོ་རྒྱག་རྒྱུ། འཕར་སྣོན་བརྟན་པོ་དང་སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ་སྐྲུན་པ། ཉེན་ཁ་སེལ་བ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས་པ་དང་། ང་ཚོས་ཤང་ཀང་དང་ཨོ་མོན་གཉིས་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ནང་མཉམ་འདྲེས་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཤང་ཀང་དང་ཨོ་མོན་ཡུན་རིང་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས། ང་ཚོས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་བརྩེ་སེམས་ཟབ་ཏུ་གཏོང་དགོས། ང་ཚོས་ཞི་བདེ་དང་གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རྣམ་པ་གསར་པ་གཏོད་རྒྱུར་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་།
          ཞི་ཅིན་ཕིང་གིས། སྤྱི་ལོ་2018ལོར་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལས་དོན་ཐད་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ལ་གཞིགས་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཐབས་དང་ཇུས་འདོན་པ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་ཐད་ཕྱོགས་གཉིས་སུ་ནུས་པ་འདོན་སྤེལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་པ་དང་།
          ཞི་ཅིན་ཕིང་གིས། མི་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་ཡིན་ཞིང་། ཐུན་མོང་ངོས་འཛིན་ནི་ཡར་བརྩོན་གྱི་སྒུལ་ཤུགས་ཡིན། སྤྱི་ལོ་2019ལོར། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་པས། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་སྡུད་བྱ་རྒྱུ་དེ་འགན་འཁྲི་ལག་བསྟར་བྱེད་པའི་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་ལ་བརྩིས་ནས། ཏང་ཤོག་ཁག་གི་ཚོགས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་ཤུགས་སྣོན་རྒྱག་པ། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ལས་དོན་ཐད་བཏོན་པའི་བླང་བྱ་དོན་འཁྱོལ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་འགན་འཁྲི་འཁུར་ཐོག ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་ཇ་སྟོན་གཙོ་སྐྱོང་གནང་བ་དང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གལ་ཆེའི་གསུང་བཤད་ནང་། སྤྱི་ལོ་2018ལོར་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ཐད་གྲུབ་པའི་གྲུབ་འབྲས་གསར་པར་ཕྱིར་དྲན་དང་ཕྱོགས་སྡོམ་གནང་བ་དང་། སྤྱི་ལོ་2019ལོར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡག་པོ་གྲུབ་པའི་ཐད་བླང་བྱ་གསལ་པོ་བཏོན་གནང་ཡོད་ལ། སྲིད་གྲོས་ལས་དོན་ཐད་རེ་བ་མཐོ་པོ་བཅོལ་གནང་ཡོད། ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱས་ནས་ཁོང་དུ་ཆུད་པ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེང་བ། གཅིག་སེམས་གཅིག་གཏད་དང་། ཐབས་ཇུས་མཉམ་འདོན་བྱེད་པ། འབད་བརྩོན་ཆེན་པོས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ལས་དོན་ཐད་བཏོན་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཐོག ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་ཞེས་བསྟན་ཡོད་པ་རེད།
          ཀྲེ་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་གིས་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་གསུང་བཤད་གནང་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེང་བ། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར། མུ་མཐུད་ལག་གདང་འབྲེལ་ནས་མདུན་སྐྱོད་བྱེད་པ་བཅས་བྱས་ཏེ། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་ལེའུ་གཏོད་དགོས་ཞེས་བསྟན་གནང་ཡོད་པ་རེད།
          ཇ་སྟོན་ཐོག ཞི་ཅིན་ཕིང་སོགས་ལས་རིགས་ཁག་གི་མི་སྣའི་ཁྲོད་ཕེབས་ནས། ཚང་མ་དང་མཛའ་བརྩེའི་ཕྱག་བཏང་གནང་བ་དང་། ཕན་ཚུན་འཚམས་འདྲི་གནང་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་ལས་དོན་པ་ཁག་གཅིག་གིས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཡོད། མཇུག་ཏུ། ཚོགས་ར་ཡོངས་ཀྱི་མི་སྣ་རྣམས་ཡར་བཞེངས་ནས་སྐད་གསེང་མཐོན་པོས་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པའི་གླུ་གཞས་བླངས་ཡོད་ཅིང་། ཚོགས་རའི་ནང་དགའ་སྤྲོ་དང་དུས་ཆེན་གྱི་རྣམ་པས་ཁེངས་ཡོད་པ་རེད།
          པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་ཁག་གཅིག རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་དང་། དེ་སྔོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་བའི་པེ་ཅིང་དུ་ཡོད་པའི་བློ་མཐུན་རྒན་གྲས་བཅས་ཇ་སྟོན་ལ་ཞུགས་ཡོད་པ་རེད།