ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཟླ་དཔྱད་ལས་གཞིའི་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

སྤེལ་དུས 2019-02-22 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། པ་སངས་དང་པ་ཕན་གྱིས་བསྒྱུར།

          ཟླ་2ཚེས་20ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཟླ་དཔྱད་ལས་གཞིའི་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།
          ■ བར་སྣང་ལ་འཚོལ་ཞིབ་བྱ་རྒྱུ་ནི་སྒྲུབ་མི་ཚར་བའི་ལས་དོན་ཞིག་རེད། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་འཇིག་རྟེན་འཕུར་སྐྱོད་ལས་དོན་པ་ཚོས་ཟླ་དཔྱད་ལས་གཞིའི་སྤྱིའི་དམིགས་ཚད་རྒྱལ་ཁ་ཐོབ་མུར་མདུན་དུ་བསྐྱོད་རྒྱུ་མངོན་འགྱུར་དང་། འཛམ་གླིང་གི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་འཐབ། མིའི་རིགས་ཀྱིས་ཞི་བའི་ངང་བར་སྣང་སྤྱོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་མང་བ་ལེགས་སྐྱེས་འབུལ་དགོས།
          ■ རླབས་ཆེན་གྱི་བྱ་གཞག་ཚང་མ་ཕུགས་འདུན་ལས་བྱུང་བ་ཞིག་རེད། ཕུགས་འདུན་ནི་གསོན་ཤུགས་ཀྱི་འབྱུང་རྩ་རེད། ཀྲུང་ཧྭ་མི་རིགས་ནི་ཕུགས་འདུན་དོན་གཉེར་བྱེད་ཕོད་མཁན་གྱི་མི་རིགས་ཤིག་རེད། ཏང་ཀྲུང་དབྱང་གིས་ཟླ་དཔྱད་ལས་གཞིའི་ཐབས་ཇུས་ལག་བསྟར་བྱེད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་ཆེར་བསྐྱེད་ངང་ཟླ་བའི་གོ་ལར་བསྐྱོད་པའི་ཕུགས་འདུན་འགྲུབ་རྒྱུ་དེ་རེད།
          ■ རླབས་ཆེན་བྱ་གཞག་གི་རྨང་གཞི་ཚང་མ་གསར་གཏོད་ལས་བྱུང་བ་ཞིག་རེད། གསར་གཏོད་ཀྱིས་འབྱུང་འགྱུར་གཏན་འཁེལ་བྱེད། འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུ་ནི་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན་པས། གསར་གཏོད་ལ་བརྟེན་ཚེ། གཞི་ནས་གོ་སྐབས་བཟུང་ཐུབ། 
          ■ རླབས་ཆེན་བྱ་གཞག་ཚང་མ་དངོས་སྒྲུབ་ལས་བྱུང་བ་ཞིག་རེད། དུས་རབས་གསར་པ་ནི་འབད་འཐབ་བྱེད་མཁན་གྱི་དུས་རབས་རེད། དུས་རབས་གསར་པ་ནི་འབད་འཐབ་ཁྲོད་རླབས་ཆེན་གྱི་གྲུབ་འབྲས་གཏོད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་ཐུབ་པའི་དུས་རབས་རེད། ང་ཚོས་ཚན་རིག་མཁས་ཅན་དང་། སྣེ་འདྲེན་ཤེས་ལྡན་པ། ན་གཞོན་འཇོན་ཐང་ཅན། གསར་གཏོད་དཔུང་ཁག་བཅས་དེ་བས་མང་པོས་དུས་རབས་ཀྱི་རླབས་རྒྱུན་གྱི་མདུན་བསུས་ནས་འབད་འབུངས་ཡར་བརྩོན་གྱིས་ལས་དོན་ཧུར་ཐག་བསྒྲུབས་ནས་ལས་རྗེས་གསར་པ་འཇོག་དགོས།
          ཚེས་20ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཟླ་དཔྱད་ལས་གཞིའི་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་ཀྱི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ལས་དོན་ནང་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་ཞིང་། ཁོང་གིས་བར་སྣང་ལ་འཚོལ་ཞིབ་བྱ་རྒྱུ་ནི་སྒྲུབ་མི་ཚར་བའི་ལས་དོན་ཞིག་རེད། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་འཇིག་རྟེན་འཕུར་སྐྱོད་ལས་དོན་པ་ཚོས་ཟླ་དཔྱད་ལས་གཞིའི་སྤྱིའི་དམིགས་ཚད་རྒྱལ་ཁ་ཐོབ་མུར་མདུན་དུ་བསྐྱོད་རྒྱུ་མངོན་འགྱུར་དང་། འཛམ་གླིང་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་འཐབ། མིའི་རིགས་ཀྱིས་ཞི་བའི་ངང་བར་སྣང་སྤྱོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་མང་བ་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད། 
          སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་འབུལ་མཁན་བློ་མཐུན་ཚང་མར་ལྷག་བསམ་ཟོལ་མེད་གྱི་འཚམས་འདྲི་ཞུས་པ་དང་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱ་ཆེད་ལེགས་སྐྱེས་མངོན་གསལ་འབུལ་མཁན་དང་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁྱེད་ཚོས་ཚན་རྩལ་གྱི་མཐོ་སར་འཛེགས་པ་དང་། འཇིག་རྟེན་གྱི་གསང་བ་འཚོལ་ཞིབ་བྱེད་པའི་ཐད་ཕུལ་བྱུང་གི་བྱས་རྗེས་བཞག་པ་དེས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་དུས་རབས་གསར་པར་འབད་འཐབ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་རྒྱུར་སྐུལ་ལྕག་གཏོང་ཆེད་མིག་དཔེ་གལ་ཆེན་བཏོན་ཡོད། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་གསུངས་པ་རེད། 
          ཞི་ཅིན་ཕིང་གིས་བསྟན་དོན། ལོ་5ཡི་གོང་ང་ཚོས་ཟླ་བའི་ལྷ་མོ་ཨང་གསུམ་པ་རྟགས་ཅན་གྱིས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པར་རྟེན་འབྲེལ་ཞུས་ཤིང་། ལོ་5ཡི་རྗེས་ང་ཚོས་འདི་གར་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱིས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པར་རྟེན་འབྲེལ་ཞུ། ད་ཐེངས་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱིས་ལས་འགན་སྒྲུབ་རིང་རང་བརྟེན་གསར་གཏོད་དང་། མཐུན་སྦྱོར་གསར་གཏོད། སྒོ་དབྱེ་གསར་གཏོད་བཅས་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་སུ་སྐོར་སྐྱོད་འཚོལ་ཞིབ་ཐོག་མ་བྱས་ཏེ། ཟླ་བའི་གོ་ལའི་རྒྱབ་ངོས་སུ་ཀྲུང་གོའི་རྐང་རྗེས་བཞག་ཡོད། འདི་ནི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཚོལ་ཞིབ་དང་འཛུགས་པའི་གསོན་ཉམས་ལྡན་པའི་ལག་ལེན་གཞན་ཞིག་རེད། 
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལག་ལེན་གྱིས་ང་ཚོར་རླབས་ཆེན་གྱི་བྱ་གཞག་ཚང་མ་ཕུགས་འདུན་ལས་བྱུང་བ་ཞིག་རེད། ཕུགས་འདུན་ནི་གསོན་ཤུགས་ཀྱི་འབྱུང་རྩ་རེད། ཀྲུང་ཧྭ་མི་རིགས་ནི་ཕུགས་འདུན་དོན་གཉེར་བྱེད་ཕོད་མཁན་གྱི་མི་རིགས་ཤིག་རེད། ཏང་ཀྲུང་དབྱང་གིས་ཟླ་དཔྱད་ལས་གཞིའི་ཐབས་ཇུས་ལག་བསྟར་བྱེད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་ཆེར་བསྐྱེད་ངང་ཟླ་བའི་གོ་ལར་སྐྱོད་པའི་ཕུགས་འདུན་འགྲུབ་རྒྱུ་དེ་རེད། ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་བློ་ཁོག་ཆེ་བའི་བསམ་ཚོད་རེ་རེ་དང་གྲུབ་འབྲས་ཐོབ་པའི་ལག་ལེན་ཚང་མ་ནི་མིའི་རིགས་ཀྱིས་སྐར་མའི་གོ་ལའི་ནུས་པ་ངོས་འཛིན་དང་སྤྱོད་པའི་མངོན་ཚུལ་གང་ལེགས་ཤིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལས་རིགས་ཚང་མ་དང་མི་ཚང་མས་ཕུགས་འདུན་བློ་ལ་བཅངས་ནས་འབད་འབུངས་ཡར་བརྩོན་བྱས་ཏེ་གོམ་པ་རེ་ལ་རྐང་རྗེས་རེ་དང་གཅིག་ལ་གཅིག་བརྒྱུད་ཀྱི་སྒོ་ནས་འབད་འབུངས་དང་འཐབ་རྩོད་ཁྲོད་ཕུགས་འདུན་མངོན་འགྱུར་བྱེད་དགོས། 
          ཞི་ཅིན་ཕིང་གིས་བསྟན་དོན། ལག་ལེན་གྱིས་ང་ཚོར་རླབས་ཆེན་བྱ་གཞག་གི་རྨང་གཞི་ཚང་མ་གསར་གཏོད་ལས་བྱུང་བ་ཞིག་རེད། གསར་གཏོད་ཀྱིས་འབྱུང་འགྱུར་གཏན་འཁེལ་བྱེད། འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུ་ནི་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན་པས། གསར་གཏོད་ལ་བརྟེན་ཚེ། གཞི་ནས་གོ་སྐབས་བཟུང་ཐུབ། ད་ཐེངས་ཀྱི་ལས་འགན་སྒྲུབ་རིང་གསར་གཏོད་མང་པོ་ཞིག་མངོན་འགྱུར་བྱུང་སྟེ་རྒྱལ་སྤྱི་རྒྱལ་ནང་གི་སྟོང་ཆ་རབ་དང་རིམ་པ་གསབ་ཐུབ་པ་དེ་ཐོག་ནས། རང་བརྟེན་གསར་གཏོད་ཐད་སྔོན་ལ་ལས་དོན་སྤེལ་ནུས་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པའི་སྙིང་སྟོབས་གང་ལེགས་མངོན་ཡོད། ང་ཚོས་འཛམ་གླིང་ཚན་རྩལ་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་སྟངས་འཛིན་དང་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ལག་རྩལ་རང་བཞིན་བཅས་ཀྱི་ཁྱབ་ཁོངས་ལ་དམིགས་པ་དང་། ཞན་ཆ་ཁ་གསབ་དང་། རྗེས་བསྙེགས་འཕེལ་རྒྱས། སྔོན་ལ་བཀོད་སྒྲིག་བཅས་ཅིག་ཅར་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་ཚད་བརྒལ་གལ་ཆེན་མངོན་འགྱུར་ཧུར་ཐག རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་ཁྱོན་ཡོངས་ཀྱི་རྩལ་ནུས་མཐོར་གཏོང་། ཚན་རྩལ་སྟོབས་ཤུགས་དང་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་ལག་རྩལ་མཐོ་བའི་ཁྱབ་ཁོངས་ནང་གནས་བབ་གལ་ཆེན་བཟུང་དགོས། 
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལག་ལེན་གྱིས་ང་ཚོར་རླབས་ཆེན་བྱ་གཞག་ཚང་མ་དངོས་སྒྲུབ་ལས་བྱུང་བ་ཞིག་རེད། དུས་རབས་གསར་པ་ནི་འབད་འཐབ་བྱེད་མཁན་གྱི་དུས་རབས་རེད། དུས་རབས་གསར་པ་ནི་འབད་འཐབ་ཁྲོད་རླབས་ཆེན་གྱི་གྲུབ་འབྲས་གཏོད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་ཐུབ་པའི་དུས་རབས་རེད། ང་ཚོས་ཚན་རིག་མཁས་ཅན་དང་། སྣེ་འདྲེན་ཤེས་ལྡན་པ། ན་གཞོན་འཇོན་ཐང་ཅན། གསར་གཏོད་དཔུང་ཁག་བཅས་དེ་བས་མང་བས་དུས་རབས་ཀྱི་རླབས་རྒྱུན་གྱི་མདུན་བསུས་ནས་འབད་འབུངས་ཡར་བརྩོན་གྱིས་ལས་དོན་ཧུར་ཐག་བསྒྲུབས་ཏེ་ལས་རྗེས་གསར་པ་འཇོག་པ་དང་རླབས་ཆེན་བྱ་གཞག་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་ཁར་རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། རྨང་གཞི་དེ་བས་བརྟན་པོ་འདིང་བ་དང་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་སྐུལ་ལྕག་བྱེད་དགོས། 
          ཞི་ཅིན་ཕིང་གིས་མུ་མཐའ་བྲལ་བའི་འཇིག་རྟེན་ལ་འཚོལ་ཞིབ་བྱ་རྒྱུ་ནི་མིའི་རིགས་ཧྲིལ་པོའི་ཐུན་མོང་ཕུགས་འདུན་རེད། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་དཔུང་ཁག་གིས་རྒྱལ་སྤྱི་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོ་དང་ཕན་འབྲས་ལྡན་པའི་མཉམ་ལས་ལས་དོན་སྤེལ་ཡོད། ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ནང་རྒྱལ་ཁབ་མང་པོས་ཕུལ་བའི་ལེགས་སྐྱེས་བསྡུས་ཡོད་ཅེས་གསུངས་པ་རེད།