ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གསུམ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།

སྤེལ་དུས 2019-02-25 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ཚེ་སྒྲོལ་གྱིས་བསྒྱུར།
          ■དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་དགོས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་དགོས། དངུལ་རྩར་གསོན་ཤུགས་འཕེལ་ན་དཔལ་འབྱོར་དར་རྒྱས་འགྲོ་བ་དང་། དངུལ་རྩ་བརྟན་པོ་བྱུང་ན་དཔལ་འབྱོར་བརྟན་པོ་ཡོང་ཐུབ། དཔལ་འབྱོར་དར་རྒྱས་སོང་ན་དངུལ་རྩ་དར་རྒྱས་འགྲོ་བ་དང་། དཔལ་འབྱོར་སྟོབས་ཆེར་ཕྱིན་ན་དངུལ་རྩའང་སྟོབས་ཆེར་འགྲོ་ཐུབ། དཔལ་འབྱོར་ནི་ལུས་ཕུང་ཡིན་པ་དང་དངུལ་རྩ་ནི་ཁྲག་རྩ་ལྟ་བུ་ཡིན་པས་གཉིས་པོ་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན། ང་ཚོས་དངུལ་རྩའི་ངོ་བོ་དང་ཆོས་ཉིད་ལ་ངོས་འཛིན་ཟབ་ཏུ་བཏང་ནས་ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས།
          ཟླ་2ཚེས་22ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དངུལ་རྩའི་ཞབས་ཞུ་ལེགས་གཏོང་དང་དངུལ་རྩའི་ཉེན་ཁ་འགོག་ཟོན་གྱི་ཐད་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་རྒྱལ་སྤྱི་རྒྱལ་ནང་གི་དངུལ་རྩའི་དུས་བབ་ལ་ངོས་འཛིན་ཟབ་ཏུ་བཏང་ནས་དངུལ་རྩའི་ངོ་བོ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་བརྟན་པོ་འཕར་བ་དང་ཉེན་ཁ་འགོག་པའི་དབར་གྱི་འབྲེལ་བ་དོ་སྙོམས་ཡག་པོ་བཟོ་བ་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་གནད་སྨིན་དང་ནུས་ལྡན་ངང་ཐག་གཅོད་བྱེད་པ། དངུལ་རྩའི་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ། དངུལ་རྩའི་ཉེན་ཁ་ཚུད་པའི་ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་བའི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་ཀྱི་སྒོ་ནས་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། དར་གོས་ལམ་བུའི་ཐེབས་རྩ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་བློ་མཐུན་ཤེ་ཏོའོ་ཡིས་གནད་དོན་འདིའི་ཐད་གསལ་འགྲེལ་གནང་བ་མ་ཟད་བསམ་འཆར་དང་གྲོས་འགོའང་བཏོན་པ་རེད།
          ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་དངུལ་རྩ་ནི་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་གལ་ཆེན་ཞིག་དང་། དངུལ་རྩའི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག དངུལ་རྩའི་ལམ་ལུགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གལ་ཆེན་ཞིག་བཅས་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་དངུལ་རྩའི་ལས་རིགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་དངུལ་རྩའི་སྒྱུར་བཅོས་འཕེལ་རྒྱས་དང་དངུལ་རྩའི་ཉེན་ཁ་བཅོས་སྒྲིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་དངུལ་རྩའི་ལས་རིགས་འཕེལ་རྒྱས་མྱུར་པོ་རྒྱུན་འཁྱོངས་ཐུབ་པ་དང་། དངུལ་རྩའི་སྒྱུར་བཅོས་སྒོ་དབྱེར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཐེབས་པ། དངུལ་རྩའི་ཐོན་རྫས་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ། དངུལ་རྩའི་ཞབས་ཞུའི་ཀུན་ཕན་རང་བཞིན་ཆེ་རུ་ཕྱིན་པ། དངུལ་རྩའི་ལྟ་སྡོམ་ལ་ཤུགས་སྣོན་ཐེབས་པ་དང་ལེགས་སུ་སོང་ཡོད་ཅེས་གསུངས།
          ཞི་ཅིན་ཕིང་གིས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་དགོས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་དགོས། དངུལ་རྩར་གསོན་ཤུགས་འཕེལ་ན་དཔལ་འབྱོར་དར་རྒྱས་འགྲོ་བ་དང་། དངུལ་རྩ་བརྟན་པོ་བྱུང་ན་དཔལ་འབྱོར་བརྟན་པོ་ཡོང་ཐུབ། དཔལ་འབྱོར་དར་རྒྱས་སོང་ན་དངུལ་རྩ་དར་རྒྱས་འགྲོ་བ་དང་། དཔལ་འབྱོར་སྟོབས་ཆེར་ཕྱིན་ན་དངུལ་རྩའང་སྟོབས་ཆེར་འགྲོ་ཐུབ། དཔལ་འབྱོར་ནི་ལུས་ཕུང་ཡིན་པ་དང་དངུལ་རྩ་ནི་ཁྲག་རྩ་ལྟ་བུ་ཡིན་པས་གཉིས་པོ་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན། ང་ཚོས་དངུལ་རྩའི་ངོ་བོ་དང་ཆོས་ཉིད་ལ་ངོས་འཛིན་ཟབ་ཏུ་བཏང་ནས་ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས་པའི་ནན་བཤད་གནང་།
          ཞི་ཅིན་ཕིང་གིས་དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དངུལ་རྩའི་ཞབས་ཞུ་བྱེད་ནུས་ཆེ་རུ་གཏོང་བ། དངུལ་རྩའི་ཞབས་ཞུའི་གཙོ་གནད་གནད་ལ་འཁེལ་པོ་འཚོལ་བ། དངོས་ཚན་དཔལ་འབྱོར་དང་མི་དམངས་ཀྱི་འཚོ་བར་ཞབས་འདེགས་ཞུ་རྒྱུ་རྩ་བར་འཛིན་པ་བཅས་བྱེད་དགོས། དངུལ་རྩའི་མ་ལག་གི་གྲུབ་ཆ་ལེགས་སྒྲིག་དང་ལེགས་གཏོང་གཙོ་བོར་འཛིན་ཏེ་མ་དངུལ་བསྡུ་སྒྲིལ་གྱི་གྲུབ་ཆ་དང་དངུལ་རྩའི་སྒྲིག་གཞིའི་མ་ལག་དང་། ཁྲོམ་རའི་མ་ལག ཐོན་རྫས་ཀྱི་མ་ལག་བཅས་ལེགས་སུ་བཏང་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་སྤུས་ཚད་དེ་བས་མཐོ་བ་དང་ལས་ཕྱོད་དེ་བས་ཆེ་བའི་དངུལ་རྩའི་ཞབས་འདེགས་ཞུ་དགོས་ཞེས་གསུངས།
          ཞི་ཅིན་ཕིང་གིས་དངོས་ཚན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་ནི་ཉེན་ཁ་འགོག་ཟོན་དང་སེལ་བའི་རྨང་གཞི་ཡིན།བརྟན་པོ་འཕར་བའི་རྨང་གཞིའི་ཐོག་ཉེན་ཁ་འགོག་རྒྱུར་སྣང་ཆེན་བྱེད་པ་དང་། ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་ཀྱི་རེས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་ནུས་པ་ཆེ་རུ་བཏང་སྟེ་དཔལ་འབྱོར་འདི་ཉིད་ལུགས་མཐུན་གྱི་བར་ཁོངས་སུ་འཁོར་རྒྱུག་ཐུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཉེན་ཁ་འགོག་ཟོན་དང་སེལ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་།
          ཞི་ཅིན་ཕིང་གིས་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ་དང་ལྷག་དོན་དུ་རྒྱུད་རིམ་ཅན་གྱི་དངུལ་རྩའི་ཉེན་ཁ་ཐོན་རྒྱུ་སྔོན་འགོག་བྱེད་པ་ནི་དངུལ་རྩའི་ལས་དོན་གྱི་རྩ་བའི་ལས་འགན་ཞིག་རེད། དངུལ་རྩའི་ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་དངུལ་རྩའི་ལས་རིགས་ཀྱི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་རང་རྒྱལ་ནས་བཟོ་ཐུབ་རྒྱུར་སྐུལ་འདེད་བརྟན་པོ་གཏོང་དགོས། དངུལ་རྩའི་ལས་རིགས་ཀྱི་ཕྱོགས་བསྡུས་བསྡོམས་རྩིས་ཡག་པོ་བརྒྱབ་སྟེ་ཉེན་ཁ་ཆེ་ཆུང་དུས་ཐོག་ཏུ་མཚོན་ཐུབ་པའི་ཆ་འཕྲིན་མ་ལག་དང་། ཆ་འཕྲིན་ཡོངས་བསྒྲགས་དོ་དམ་སྒྲིག་སྲོལ། ཡིད་རྟོན་གྱི་ཆད་གཅོད་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་དགོས།“མིར་དོ་དམ་དང་། དངུལ་ལ་དོ་དམ། ལམ་ལུགས་ཀྱི་འཛིང་རགས་བརྟན་དུ་གཏོང་བ”བཅས་བྱེད་དགོས་ཞེས་གསུངས།
          ཞི་ཅིན་ཕིང་གིས་དངུལ་རྩའི་སྒྱུར་བཅོས་སྒོ་དབྱེའི་ལས་འགན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་ཆབས་ཅིག་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་འཕེལ་རྒྱས་ཀྱི་དུས་བབ་ཀྱི་འགྱུར་ལྡོག་དང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དགོས་མཁོ་གཞིར་བཟུང་། སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་གསར་པ་ཞིབ་འཇུག་དང་སྐུལ་སྤེལ་གཏོང་དགོས། འཇུག་འཐུས་ལམ་ལུགས་དང་ཉོ་ཚོང་ལྟ་སྡོམ་སོགས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ལྟ་སྡོམ་མཐུན་སྦྱོར་ལ་ཤུགས་སྣོན་དང་།གཞི་ཆེའི་ཞིབ་ནན་དོ་དམ་དང་གཞི་ཆུང་བྱ་སྤྱོད་ལྟ་སྡོམ་གཉིས་ཀར་དམ་འཛིན་དང་། ཕྱོགས་གཉིས་ཀར་དམ་འཛིན་ནན་པོ། ཕྱོགས་གཉིས་ཀ་མཐུན་སྦྱོར་གཞོགས་འདེགས་བཅས་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།