ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་བ་དང་འབྲེལ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2019-04-19 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
 
          ཟླ་4ཚེས་15ནས་17ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་བ་དང་འབྲེལ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཟླ་4ཚེས་16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

          ཟླ་4ཚེས་15ནས་17ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་བ་དང་འབྲེལ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཟླ་4ཚེས་15ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཤང་ཧྭ་ཤིས་གྲོང་ཚོའི་དུད་ཚང་དབུལ་པོ་ཐན་ཏེང་ཀྲོའུ་ཡི་ཁྱིམ་ལ་འཚམས་འདྲི་གནང་བཞིན་པ།
          ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་4ཚེས་15ཉིན་ནས་17ཉིན་བར་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བསམ་བློ་གཅིག་གྱུར་དང་། དོན་འཁྱོལ་ལ་དམ་འཛིན་ཡག་པོ། ངར་ཤུགས་གཅིག་སྒྲིམ། དཀའ་སྤྱད་འབད་འབུངས། དཔའ་ངར་ཆེར་བསྐྱེད་བཅས་ཀྱི་སྒོ་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་འདི་ལོ་དང་སང་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་དང་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          སྤྱི་ཟླ་བཞི་པར་རི་གྲོང་དུ་དཔྱིད་ཀྱི་དྲོད་རླུང་ལྡང་བས་རི་ཀླུང་ཀུན་ཏུ་སྔོ་ལྗང་གོས་ཀྱིས་བཀླུབས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། ཟླ་4ཚེས་15ཉིན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མེ་ཨེར་དང་ཧྲི་ཀྲང་ཐང་ལེང་ཀྲིའི་ཕེབས་རོགས་འོག ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་གི་སློབ་གྲྭ་དང་གྲོང་གསེབ་ཏུ་ཕེབས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གནས་ཚུལ་ས་ཆ་དངོས་སུ་མཁྱེན་རྟོགས་གནང་བ་རེད།
          ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཝུའུ་ལིན་ཧྲན་རི་བོའི་གཅིག་སྡུད་ཡུལ་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་གནས་པ་དང་། དེ་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་བའི་གཙོ་གནད་རྫོང་ཞིག་རེད། ཚེས་15ཉིན་གྱི་ཉིན་དགུང་ཞི་ཅིན་ཕིང་གིས་གནམ་གྲུ་ནས་བབས་གནང་མ་ཐག་མེ་འཁོར་དང་རླངས་འཁོར་དུ་སྔ་རྗེས་སུ་བཞུགས་ནས་ཧྲི་ཀྲུའུ་རྫོང་དུ་ཕེབས་པ་རེད། ཀྱག་ཀྱོག་དང་གྲོག་རོང་གཡང་གཟར་གྱི་རི་ལམ་དུ་ཆུ་ཚོད་གསུམ་ལྷག་ཙམ་བསྐྱོད་རྗེས་རི་གྲོང་དབུས་སུ་གནས་པའི་ཧྲི་ཀྲུའུ་རྫོང་ཀྲུང་དབྱི་ཤང་ཧྭ་ཤིས་གྲོང་ཚོར་ཕེབས་འབྱོར་ཟིན་པ་རེད།
          ཞི་ཅིན་ཕིང་གིས་དང་ཐོག་ཀྲུང་དབྱི་ཤང་སློབ་ཆུང་དུ་ཕེབས་ཤིང་། སློབ་གྲྭའི་ལུས་རྩལ་ཐང་དུ་སློབ་ཆུང་གི་སློབ་ཕྲུག་ཚོ་སློབ་གསེང་གི་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྤེལ་སྒང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་འཕྲལ་སློབ་ཕྲུག་ཚོས་སྤོ་བོ་ཞི་ལགས་ཀྱི་ཕྱོགས་སུ་རྒྱུག་ནས་ཁམས་བདེའི་འཚམས་འདྲི་ཞུས། སྤྱི་ཁྱབ་ཧྲུའུ་ཅིས་དགྱེས་ཚོར་ཆེན་པོས་ཁོང་ཚོ་དང་གླེང་མོལ་གནང་ནས། སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྐོར་དྲིས་གནང་བ་རེད། ཀྲུང་དབྱི་ཤང་རི་གྲོང་གི་དབུས་སུ་གནས་པ་དང་། མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པས། ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་ཁག་པོ་ཡོད། ཞི་ཅིན་ཕིང་གིས་འོས་འགན་སློབ་གསོ་འགན་ལེན་བྱ་རྒྱུ་ནི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན། དཀའ་སྡུག་ཇི་ཙམ་འཕྲད་ཀྱང་ཕྲུ་གུ་སྡུག་ཏུ་འཇུག་མི་རུང་། འཚོ་བ་ཇི་ཙམ་དབུལ་ཡང་སློབ་གསོར་འཐུས་ཤོར་གཏོང་མི་རུང་། རི་གྲོང་དབུལ་པོའི་བུ་ཕྲུག་ཚོས་སློབ་གྲྭ་འགྲིམས་ཏེ་སློབ་གསོ་དང་ལེན་ཐུབ་པ་བྱས་ནས་བདེ་སྐྱིད་ལྡན་ལ་སྤྲོ་སྣང་གིས་ཕྱུག་པའི་བྱིས་དུས་ཀྱི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས། ཞི་ཅིན་ཕིང་དགེ་སློབ་ཀྱི་ཟ་ཁང་དུ་ཕེབས་སྐབས་ཟ་ཁང་དང་ཐབ་ཚང་ལ་ཞིབ་ཕྲ་གཟིགས་ནས་སློབ་ཕྲུག་དབུལ་པོའི་ལྟོ་ཆས་ཀྱི་ཁ་གསབ་དངུལ་དང་བཟའ་བཅའི་བདེ་འཇགས་དང་འཕྲོད་བསྟེན་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་སློབ་གྲྭ་དང་དགེ་རྒན་ལ་དགེ་རྒན་བཟང་པོ་ཞིག་བྱེད་དགོས་ལ། གནས་སྐབས་ཀྱི་ཁྱིམ་བདག་ཡག་པོ་ཞིག་ཀྱང་བྱས་ཏེ་སློབ་ཕྲུག་ལ་སློབ་ཚན་ཡག་པོ་ཁྲིད་པ་དང་དོ་དམ་ཡག་པོ་བྱེད་དགོས། བདེ་འཇགས་ཨང་དང་པོར་བཞག་ནས་སློབ་ཕྲུག་ཚོས་སློབ་གྲྭར་སློབ་སྡོད་ཟས་གསུམ་འགན་ལེན་བྱས་ཏེ་ཁྱིམ་བདག་ཚོ་བློ་བདེ་པོ་ཡོང་བ་བྱེད་དགོས་པའི་བཀའ་མངགས་གནང་། ཁོང་གིས་དགེ་རྒན་ཚོས་རི་གྲོང་དུ་གཞིས་ཚུགས་ནས་གྲོང་གསེབ་ཀྱི་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་ཕུལ་ཏེ་མང་ཚོགས་དབུལ་སྒྲོལ་བྱ་ཆེད་རང་ནུས་ཡག་པོ་འདོན་དགོས་པའི་ཐུགས་རེ་གནང་བ་རེད།
          ཧྭ་ཤིས་གྲོང་ཚོར་མི་མང་ལ་ས་རྒྱ་ཆུང་བ་དང་ས་རྒྱུ་ཞན་པོ་ཡོད། གྲོང་ཚོ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་85དང་མི་གྲངས་302ཡོད་པའི་ནང་དུད་ཚང་དབུལ་པོ་8དང་མི་གྲངས་19ད་དུང་དབུལ་སྒྲོལ་ཐུབ་མེད། ཞི་ཅིན་ཕིང་གིས་འདྲེད་སླ་བའི་རྡོ་སྐས་བརྒྱུད་དུད་ཚང་དབུལ་པོ་ཐན་ཏེང་ཀྲོའུ་ཡི་ཁྱིམ་དུ་ཕེབས་ཏེ་ཁང་པའི་ཕྱི་ནང་གང་སར་གཟིགས་པ་དང་རྒན་རྒོན་གཉིས་པོའི་འཚོ་བ་དང་གཟུགས་པོའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཐན་ཏེང་ཀྲོའུ་བཟའ་ཚོ་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅིར་ནད་གཞིས་རྐྱེན་པས་ངལ་རྩོལ་ནུས་ཤུགས་ཤོར་བས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་འདུག འོན་ཀྱང་ས་ཞིང་བརྒྱུད་བཤུག་བཏང་བར་ཡོང་འབབ་ཡོད་པ་དང་། སྨན་བཅོས་ཐད་རོགས་སྐྱོབ་ཡོད་པ། མ་མཐའི་འཚོ་བའི་འགན་ལེན་ཐད་ཐ་སྐྱོང་ཡོད་པའི་ཁར་སྡོད་ཁང་ཁང་མིག་3བཟོ་བཅོས་བརྒྱབ་ཡོད། ལྷག་པར་དུ་སྨན་རིན་མང་ཆེ་བ་རྩིས་ཞུ་ཐུབ་པས་རང་ཉིད་ཀྱིས་ཆ་ཤས་ལས་གཏོང་མི་དགོས་ལ། གཞི་རྩའི་འཚོ་བར་ཡང་འགན་ལེན་ཡོད་ཅེས་བཤད། ཞི་ཅིན་ཕིང་གིས་གཞི་རྩའི་སྨན་བཅོས་འགན་ལེན་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ནི་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་སྔོན་འགོག་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན། ཐ་སྐྱོང་འདིའི་ནུས་པ་ཧ་ཅང་གལ་ཆེན་པོ་རེད། དབུལ་སྒྲོལ་འགག་སྒྲོལ་ཕྱི་ལོ་མཇུག་འགྲིལ་མཚམས་སུ་སླེབས་པས་ལས་དོན་གཏིང་ཟབ་དང་ཏན་ཏིག་སྒྲུབ་པར་དབུལ་སྒྲོལ་ཐུབ་མེད་པའམ་ཡང་ན་ནད་གཞི་དང་རྨས་སྐྱོན་ཕོག་པའི་དབང་གིས་དབུལ་པོར་གྱུར་བའི་མང་ཚོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ཏེ་མ་མཐའི་འཚོ་བའི་འགན་ལེན་དང་། སྨན་བཅོས་འགན་ལེན། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་འབྲེལ་ཡོད་རྒྱབ་སྐྱོར་དང་འགན་ལེན་བྱ་ཐབས་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་མ་ལག་ལ་བརྟེན་ཏེ་མང་ཚོགས་དབུལ་པོ་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་དང་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
          དེ་རྗེས་ཞི་ཅིན་ཕིང་གིས་ཏང་ཡོན་རྒན་གྲས་ཡིན་པའི་དབུལ་སྒྲོལ་དུད་ཚང་མཱ་ཕེ་ཆིང་གི་ཁྱིམ་དུ་ཕེབས་ཏེ་གྲོང་གསེབ་ཀྱི་ལམ་ཆུང་བརྒྱུད་རྐང་ཐང་མར་རང་བྱུང་ཁོར་ཡུག་དང་གྲོང་ཚོའི་རྣམ་པར་གཟིགས་ཞིབ་གནང་ནས་གྲོང་ཚོ་དེས་ཀྲུང་ལུགས་གསོ་རིག་སྨན་རྩྭ་ར་མཉེ་སོགས་ཁྱད་ལྡན་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་བྱས་ནས་གྲོང་མི་དབུལ་སྒྲོལ་ལ་སྣེ་ཁྲིད་བྱས་པའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། མཱ་ཕེ་ཆིང་ཁྱིམ་གྱི་འབྲུ་མཛོད་འབྲུས་ཁེངས་པ་དང་ཐབ་ཚང་ནང་ཤ་བསྙལ་མ་མང་པོ་བཀལ་ནས་འཚོ་བར་སེམས་ཁྲལ་མེད་པ་གཟིགས་པ་དང་ཁོང་ཚོའི་ཁྱིམ་གྱིས་ཀྲུང་ལུགས་གསོ་རིག་སྨན་རྩྭ་ར་མཉེ་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་དང་། ས་ཞིང་མ་རྐང་ནང་ཞུགས་ཏེ་ཁེ་སྤོགས་བགོ་བ། སྨན་རྩྭའི་རྟེན་གཞི་བདག་སྐྱོང་སོགས་ཀྱི་བྱ་ཐབས་བརྒྱུད། དབུལ་སྒྲོལ་བརྟན་པོ་ཐུབ་པ་མཁྱེན་རྟོགས་ཐུབ་རྗེས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་བ་རེད།
          མཱ་ཕེ་ཆིང་ཁྱིམ་གྱི་སྒོ་རའི་ནང་ཞི་ཅིན་ཕིང་གིས་གྲོང་མིའི་འཐུས་མི་དང་། གཞི་རིམ་ལས་བྱེད་པ། དབུལ་སྐྱོར་ལས་བྱེད་པ། གྲོང་གསེབ་ཀྱི་སྨན་པ་སོགས་དང་མཉམ་དུ་བཞུགས་ཏེ་སྲིད་ཇུས་དང་འགྱུར་ལྡོག་གླེང་བ་དང་འཕེལ་རྒྱས་ཇུས་འགོད་གནང་བ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་བས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། ཞི་ཅིན་ཕིང་གིས་ཡུལ་མི་སྤུན་ཟླ་ཚོར་དབུལ་སྒྲོལ་འགག་སྒྲོལ་ནི་ངས་སེམས་ཁྲལ་ཆེ་ཤོས་བྱེད་པའི་དོན་ཆེན་ཞིག་ཡིན། ད་ཐེངས་ངས་ཆེད་མངག་ཡུལ་མི་སྤུན་ཟླ་ཚོར་ལྟ་བར་ཡོང་དོན་ནི་ས་ཆ་དངོས་སུ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དངོས་སུ་འགན་ལེན་ཐུབ་མིན་དང་ད་དུང་གནད་དོན་གང་ཞིག་ཡོད་མེད་ཤེས་རྟོགས་བྱ་ཆེད་ཡིན། འབྱོར་འབྲིང་ཐུབ་མིན་དེ་ཡུལ་མི་སྤུན་ཟླས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཇི་ལྟར་སྒྲུབ་མིན་ལ་ཐུག་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་བུའི་ཐོག་མི་གཅིག་ཀྱང་ལུས་མི་རུང་། འཕེལ་རྒྱས་བྱུང་ཚེ་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། འཕེལ་རྒྱས་ཀྱིས་ངེས་པར་དུ་ཐུན་མོང་འབྱོར་ཕྱུག་ལ་གཞོལ་དགོས། རྒྱལ་ཁབ་ཇི་ཙམ་འཕེལ་རྒྱས་ཕྱིན་ན་དེ་ཙམ་གྱིས་མང་ཚོགས་དབུལ་པོའི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་བྱེད་ཐབས་ཁག་གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་དོན་འཁྱོལ་བྱེད་དགོས། གྲོང་གསེབ་ཀྱི་རིམ་གཉིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཏང་གི་དམག་འཐབ་མཁར་རྫོང་གི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱས་ནས་ཏང་གི་གཞི་རིམ་བཅོས་སྐྱོང་ནུས་པ་དང་མང་ཚོགས་ལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། ཏང་ཡོན་ལས་བྱེད་པ་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་བསྐྱོད་པ་དང་མང་ཚོགས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལག་ལེན་ཁྲོད་སྦྱོང་བརྡར་དང་། ཚོད་བགམ། ཏང་གཤིས་ཞུན་བརྡར་བཅས་བྱས་ཏེ་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་བདེ་སྐྱིད་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད། ཏང་གི་སྲིད་ཇུས་ཀྱིས་མི་སེར་ལ་ཕན་པ་ཐོབ་ཚེ་གཞི་ནས་སྲིད་ཇུས་ཡག་པོ་ཞིག་རེད། ཏང་གི་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པར་ཡུལ་མི་སྤུན་ཟླ་ཚོས་མཉམ་དུ་འབད་འཐབ་དང་མདུན་ཕྱོགས་སུ་ཧུར་ཐག་བསྐྱོད་ནས་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སླེབས་པར་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          གྲོང་ཚོ་ནས་ཞལ་གྱེས་སྐབས་གྲོང་མི་ཚོས་གྲོང་མདོར་འཛོམས་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་ནས་ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད།
          ཚེས་16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ཟས་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་འགན་ལེན་བརྟན་པོ་ཡོང་བ་བྱེད་པ་ནི་མི་འབོར་དབུལ་པོ་དབུལ་སྒྲོལ་གྱི་གཞི་རྩའི་བླང་བྱ་དང་དམིགས་ཚད་གཙོ་བོ་ཞིག་ཡིན་པས། དེ་འགག་སྒྲོལ་དམག་འཐབ་ཀྱི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། སྤྱི་ཡོངས་ནས་བལྟས་ན། “སེམས་ཁྲལ་མེད་པ་གཉིས”སྤྱིར་ན་ཐག་གཅོད་ཐུབ་ནའང“འགན་ལེན་གསུམ”ལ་ཞན་ཆའི་ལྷུ་ཚིགས་མི་ཉུང་བ་གནས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་བསམ་བློ་གཅིག་གྱུར་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། གདིང་གཞི་མཐིལ་རྟོགས་གསལ་པོ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། དུས་ཚོད་རེའུ་མིག་དང་ལམ་ཐིག་ས་བཀྲ་གཏན་འཁེལ་གསལ་པོ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ཏེ་དུས་བཀག་ལྟར་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་ངེས་པར་དུ་ངར་ཤུགས་གཅིག་སྒྲིམ་དང་དཀའ་སྤྱད་འབད་འབུངས་ཀྱིས་རྒྱལ་ཁ་ཡོངས་སུ་མ་ཐོབ་བར་ལས་དོན་སྤེལ་མཚམས་གཏན་ནས་འཇོག་མི་རུང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་གི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཞིང་ཆེན་རིམ་པའི་དབུལ་སྐྱོར་ལས་བགོས་འགན་ཁུར་བློ་མཐུན་གྱིས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ལས་རིགས་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལ་དམིགས་ཏེ་མི་ཧྲག་དམག་འཐབ་ནང་ཞུགས་པའི་བླང་བྱ་གཞིར་བཟུང་། འགན་འཁྲི་གཙང་སྒྲུབ་དང་མཉམ་ཤུགས་འགག་སྒྲོལ་ཏན་ཏིག་བྱས་ནས་འགན་འཁྲི་དང་། སྲིད་ཇུས། ལས་དོན་བཅས་དོན་འཁྱོལ་མ་བྱས་པར་ལས་འགན་ལེགས་སྒྲུབ་ལ་ཤུགས་རྐྱེན་བཟོ་རིགས་ལ་འགན་འཁྲི་བདའ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར་བཟོས་ནས་ཕྱོགས་ཁག་ཚང་མར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། འོན་ཀྱང་ལྷོད་གཡེང་གཏོང་མི་རུང་། འགག་སྒྲོལ་བྱེད་ཐབས་རེ་རེ་བཞིན་ཞིབ་འཇུག་ཞིབ་ཚགས་ཏན་ཏིག་བྱེད་པ་དང་འབད་བརྩོན་མཐའ་གཅིག་ཏུ་བྱས་ནས་དབུལ་སྒྲོལ་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ད་ཐེངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དང་གྲུབ་འབྲས་དཔྱད་ཞིབ་བྱེད་རིང་མངོན་གསལ་དོད་པའི་གནད་དོན་དང་ཐུན་མོང་གི་གནད་དོན་མི་ཉུང་བ་ཞིག་ཤེས་རྟོགས་ཐུབ་བྱུང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་གྲལ་བཤེར་དང་གསེད་བཀྲོལ་བྱས་ཏེ་རིགས་ཁག་གི་གནད་དོན་དག་ཐེར་གནད་ལ་འཁེལ་བའི་འགན་ལེན་བྱས་ནས་ཕྱི་ལོའི་ལས་དོན་ལ་རྨང་གཞི་ཡག་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་དབུལ་སྒྲོལ་བྱེད་པར་གྲངས་འབོར་ལ་ལྟ་དགོས་ལ་སྤུས་ཚད་ལ་དེ་བས་ཀྱང་ལྟ་དགོས། དབུལ་པོ་ཉུང་གཏོང་འགག་སྒོ་ནན་པོ་སྲུང་བ་དང་ཉུང་གཏོང་ཚད་གཞི་དང་གོ་རིམ་ལག་ལེན་ནན་པོ་བསྟར་ནས་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། དབུལ་པོ་བསྐྱར་ལོག་བྱེད་པ་དེ་གནས་བབ་གལ་ཆེན་ལ་བཞག་ནས་དུས་བསྟུན་ངང་དབུལ་སྒྲོལ་མི་སྣར“ཕྱིར་མིག་ལྟ”རུ་འཇུག་དགོས། དབུལ་སྒྲོལ་བརྟན་པོ་ཡོང་བའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ཐོན་ལས་དབུལ་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། འཛད་སྤྱོད་དབུལ་སྐྱོར་སྒྲིག་འཛུགས། གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་དབུལ་པོར་ལས་གནས་བརྟན་པོ་ཡོད་པ་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱེད་དགོས། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་ལ་རྒྱུན་མཐུད་རང་བཞིན་གྱི་ནང་སྐྱེས་སྒུལ་ཤུགས་ལྡན་པ་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་རྫོང་དབུལ་པོ་དབུལ་ཞྭ་ཕུད་རྗེས་མི་འབོར་དབུལ་པོ་ལྷག་མ་དབུལ་སྒྲོལ་གྱི་ལས་འགན་མུ་མཐུད་ལེགས་སྒྲུབ་བྱས་ནས་དབུལ་སྒྲོལ་བྱུང་བའི་མི་འབོར་དབུལ་སྒྲོལ་བརྟན་པོ་ཐུབ་པ་བྱེད་དགོས། རྫོང་དབུལ་པོའི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་དབུལ་སྒྲོལ་བརྟན་པོ་རྒྱུན་འཁྱོངས་བྱས་ནས་དབུལ་ཞྭ་ཕུད་ཀྱང་འགན་འཁྲི་དོར་མི་རུང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་གཙོ་བོ་མུ་མཐུད་ལག་བསྟར་བྱས་ནས་དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་དགོས། དབུལ་སྐྱོར་ལས་དོན་རུ་ཁག་ཕྱིར་འཐེན་མི་བྱེད་པར་དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མུ་མཐུད་བྱེད་དགོས། དབུལ་པོ་བསྐྱར་ལོག་མི་བྱེད་པ་གལ་ཆེའི་གནས་བབ་ལ་བཞག་ནས་དབུལ་ཞྭ་ཕུད་ཀྱང་ལྟ་འདོམས་བྱེད་མཚམས་འཇོག་མི་རུང་། སྲིད་ཇུས་ཀྱི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་དང་དོན་འཁྱོལ། མང་ཚོགས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐབས་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་བློ་མཐུན་གྱི་འཚོ་བ་དང་། བདེ་ཐང་། བདེ་འཇགས་བཅས་ལ་སེམས་ཁུར་བྱས་ནས་སྐུ་གཤེགས་པའི་ལས་བྱེད་པའི་ནང་མིར་དུས་ཐོག་ཏུ་གཟིགས་སྐྱོང་དང་ཡུན་རིང་རོགས་སྐྱོར་དང་འཚམས་འདྲི་བྱེད་དགོས། གཞི་རིམ་གྱི་འཐབ་ས་དང་པོར་གྲུབ་འབྲས་བཏོད་མཁན་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་ལས་བྱེད་པ་གསོ་སྦྱོང་དང་བེད་སྤྱོད་ལ་མཐོང་ཆེན་བྱེད་དགོས། དཀའ་ངལ་ལ་སྐྲག་པ་དང་། ཁྲལ་སེལ་སླ་བཅོས། གཡོ་ཟོལ་རྫུན་སྒྲིག་བཅས་བྱེད་མཁན་དབུལ་སྐྱོར་ལས་བྱེད་པར་སློབ་གསོ་རྒྱག་པ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བརྗེ་འཐེན་བྱེད་དགོས་རིགས་དུས་ཐོག་ཏུ་བརྗེ་འཐེན་བྱེད་པ་དང་འགན་འཁྲི་བདའ་འདེད་གཏོང་དགོས་རིགས་ལ་མཐའ་གཅིག་ཏུ་འགན་འཁྲི་བདའ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
          ཚེས་17ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས་ཁྲུང་ཆིང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཁྲུང་ཆིང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་ཁོང་དུ་བརྟན་པོ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་གཏོང་། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་མུ་མཐུད་གཏོད་པ། སྤྱི་ཡོངས་ནས་ས་ཁོངས་གཅིག་ཇུས་འགོད་དང་ས་ཁོངས་གཅིག་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་སྔར་བས་མཐོང་ཆེན་བཅས་བྱས་ནས་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འདེགས་སྐྱོར་ནུས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་གཏོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་སྐུལ་ཁྲིད་ནུས་པ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཔེ་སྟོན་ནུས་པ་བཅས་འདོན་སྤེལ་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
          ཞི་ཅིན་ཕིང་གིས《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལ་ཏང་ཀྲུང་དབྱང་གིས་གྲོས་འཆམ་བྱུང་ཡོད། འདི་ནི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དགོངས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཁྲུང་ཆིང་གིས་དམ་འཛིན་ཡག་པོ་དང་ལག་བསྟར་དོན་འཁྱོལ་བྱས་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་གཏོང་གི་གཙོ་རྐང་དེར་དམ་པོར་དམིགས་པ། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ལ་འཇོག་པ། ཁྲོམ་རའི་འགྲན་ནུས་ཆེ་ལ་རྒྱུན་མཐུད་ཐུབ་པའི་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་དགོས། གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ནས་ནུབ་རྒྱུད་ས་ཁུལ་གྱི་སྣེ་ཁྲིད་དེ་སྒོ་དབྱེ་བ་དང་སྒོ་དབྱེར་སྐུལ་ཁྲིད་ཧུར་ཐག་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་གི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་སྲོལ་སྒྲིག་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འབྲི་ཆུའི་སྟོད་སྨད་བར་གསུམ་མཐུན་སྦྱོར་མཐའ་འཁྱོངས་བྱེད་པ། སྣོད་བཅུད་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་བརྟན་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྤྱི་ཡོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ལས་དོན་ཁག་སྒྲིག་འཛུགས་ཞིབ་ཚགས་དང་ལག་བསྟར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང“འཇོན་ཐང་ལྡན་པ”དང་། མར་ཁེ་སིའི་རིང་ལུགས“མཁས་མཛངས་ལྡན་པ”ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས“ཡག་པོ་ཡོད་དོན”སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས། དྲིལ་བསྒྲགས་དང་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། བསམ་བློ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ་བཅས་བྱས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་མི་དམངས་ཡོངས་ཀྱི་སྤྲོ་སེམས་ཆེན་པོ་སྔར་བས་འཕེལ་བ་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་དཀའ་ངལ་ཆེ་ཤོས་ཀྱི་ཚོགས་སྤྱི་ནས་འགོ་འཛུགས་པ་དང་། མངོན་གསལ་དོད་ཤོས་ཀྱི་གནད་དོན་ལ་དམིགས་པ། ཞིབ་ཚགས་ཤོས་ཀྱི་ལས་དོན་ནས་དམ་འཛིན་བཅས་བྱས་ཏེ། འགག་གནད་སེལ་བ་དང་། ནད་ཀྱི་རྩ་བ་བཅོས་པ། ཁུག་ཆ་སེལ་བ་བཅས་བྱས་ནས་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཡག་པོ་བྱས་ཏེ་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། བདེ་འཇགས་ཐོན་སྐྱེད་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས། དམིགས་བསལ་དང་ཚབས་ཆེའི་རང་བྱུང་གནོད་འཚེ་སྔོན་འགོག སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱེད་པ། དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་ལས་རྗེས་གསར་པ་གཏོད་པའི་རྣམ་པ་ཟབ་མོ་དང་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱས་ནས་བསམ་བློ་ཡང་དག་དང་། སྤྱོད་ཚུལ་བཟང་པོ། སྟོན་ཕྱོགས་བཟང་པོ། དཔེ་མཚོན་ཡག་པོ་བཅས་ལ་བརྟེན་ནས་སྤྱོད་གཙང་གཞུང་དྲང་གི་ཚ་རླབས་རྒྱུན་མཐུད་ངང་འཕྱུར་བ་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་གཞི་རིམ་གྱི་ལས་བྱེད་པ་གུས་ལུགས་རྙོག་པོ་དང་། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ། སྣེ་ལེན་དང་ཕེབས་སྐྱེལ་བཅས་ཀྱི་སྣང་ཚུལ་ཁྲོད་ནས་དོན་ཐུབ་པ་བྱེད་དགོས། རུལ་སུངས་ཆད་གཅོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།