ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཁག་སོ་སོར་སེབ་རུ་སིའི་ཙུང་ཐུང་དང་། དཔལ་ཨུ་རུ་སུའི་ཙུང་ཐུང་། ཨེ་ཅེབ་ཀྱི་ཙུང་ཐུང་སོགས་དང་མཇལ་འཛོམས་གནང་བ།

སྤེལ་དུས 2019-04-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁངས། རྩོམ་པ་པོ། སྐལ་བཟང་བདེ་སྐྱིད་ཀྱིས་བསྒྱུར།
ཞི་ཅིན་ཕིང་གིས་ཁག་སོ་སོར་སེབ་རུ་སིའི་ཙུང་ཐུང་དང་། དཔལ་ཨུ་རུ་སུའི་ཙུང་ཐུང་། ཨེ་ཅེབ་ཀྱི་ཙུང་ཐུང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས། ཏི་པེ་ཡི་ཚོ་དཔོན། ཧང་ཀ་རིའི་ཙུང་ལི། མ་ལེ་ཞི་ཡའི་ཙུང་ལི། ཕ་ཕུ་ཡ་ཀུ་ནེ་ཡ་གསར་པའི་ཙུང་ལི། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་བཅས་དང་མཇལ་འཛོམས་གནང་བ།
          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་25ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཁག་སོ་སོར་སེབ་རུ་སིའི་ཙུང་ཐུང་ཨ་ན་སི་ད་ཞི་ཡ་ཏི་སེ་དང་། དཔལ་ཨུ་རུ་སུའི་ཙུང་ཐུང་ལུ་ཁ་ཧྲེན་ཁོ། ཨེ་ཅེབ་ཀྱི་ཙུང་ཐུང་སེ་ཞི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས། ཏི་པེ་ཡི་ཚོ་དཔོན་མུ་ཧན་མུ་ཏེ། ཧང་ཀ་རིའི་ཙུང་ལི་ཨོར་པན། མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར། ཕ་ཕུ་ཡ་ཀུ་ནེ་ཡ་གསར་པའི་ཙུང་ལི་ཨོ་ཉིར། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་ག་ལ་བཅས་དང་མཇལ་འཛོམས་གནང་ཡོད་པ་རེད།
          སེབ་རུ་སིའི་ཙུང་ཐུང་ཨ་ན་སི་ད་ཞི་ཡ་ཏི་སེ་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། ཀྲུང་གོ་དང་སེབ་རུ་སི་ནི་མ་གཞི་ས་ཁམས་གནས་ཡུལ་ཧ་ཅང་རྒྱང་ཐག་རིང་པོ་ཡོད། འོན་ཀྱང་གཉིས་ཀ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་དཔལ་རྒྱལ་ཁབ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་རྒྱལ་ཁབ་ཆེ་ཆུང་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་མཉམ་ལས་བྱེད་པའི་མིག་དཔེ་སྟོན་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་བར་ཕར་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱེད་སར་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱོགས་གཉིས་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། མི་ཆོས་རིག་གནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས། སེབ་རུ་སི་ནི་ཡོ་རོབ་དང་ཨ་ཤེ་ཡ། ཨ་ཧྥེ་རི་ཁ་བཅས་གླིང་ཆེན་གསུམ་གྱི་འགག་གནས་སུ་གནས་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་གལ་ཆེའི་ཐེ་ཞུགས་པ་ཡིན་པས། ཀྲུང་གོའི་ཕྱོགས་ནས་སེབ་རུ་སིའི་བར་གྲུ་ཁ་དང་མཚོ་ཐོག་སྐྱེལ་འདྲེན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཁག་གི་ནང་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ་མ་ཟད། ཏིས་ཀྲུང་རྒྱ་མཚོའི་ས་ཁོངས་སུ་ཕྱོགས་གསུམ་པའི་མཉམ་ལས་བྱ་རྒྱུར་གྲོས་བསྡུར་གཏིང་ཟབ་བྱ་འདོད་ཡོད། སེབ་རུ་སི་ཕྱོགས་ནས་མུ་མཐུད་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
          དཔལ་ཨུ་རུ་སུའི་ཙུང་ཐུང་ལུ་ཁ་ཧྲེན་ཁོ་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། ཀྲུང་གོ་དང་དཔལ་ཨུ་རུ་སུ་ནི་འགྱུར་བ་མེད་པའི་གྲོགས་པོ་བཟང་པོ་ཡིན། ཉེ་ལམ་ལོ་ཤས་རིང་། ཀྲུང་གོ་དང་དཔལ་ཨུ་རུ་སུའི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་མཉམ་རྒྱལ་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་འཁོར་རྒྱུག་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱང་ཆུ་ཚད་གསར་པར་སླེབས་ཡོད། སྤྱི་ལོ་2013ལོར་ངས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་གྲོས་འགོ་བཏོན་པ་ནི་འགྲམ་རྒྱུད་རྒྱལ་ཁབ་ཁག་གིས་འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན། ལོ་དྲུག་གི་རིང་། ཀྲུང་གོ་དང་དཔལ་ཨུ་རུ་སུའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་དཔལ་ཨུ་རུ་སུའི་བཟོ་ལས་གླིང་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་དཔེ་མཚོན་ལས་གཞི་ཞིག་ཡིན་ཞེས་བཤད་ཆོག ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་དཔལ་ཨུ་རུ་སུའི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཐུན་མོང་ཐོག་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་དང་དཔལ་འབྱོར་ཉོ་ཚོང་། མ་འཇོག ཡུལ་སྐོར། སློབ་གསོ། ས་གནས་མཉམ་ལས་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
          ཨེ་ཅེབ་ཀྱི་ཙུང་ཐུང་སེ་ཞི་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། ཨེ་ཅེབ་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན། ཁྱེད་རང་ད་ཐེངས་ཚོགས་འདུར་ཞུགས་པ་དེས་ཨེ་ཅེབ་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ནང་ཧུར་ཐག་ཞུགས་པའི་ལྷག་བསམ་འདོད་འདུན་མངོན་ཡོད་ལ། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་གཉིས་ཕན་མཉམ་རྒྱལ་ཡོང་རེ་དང་ཐུན་མོང་གོང་འཕེལ་མངོན་འགྱུར་བྱེད་པའི་ཡོངས་ཁྱབ་ཀྱི་འབོད་སྒྲ་ཡང་མཚོན་གྱི་ཡོད་པས། ང་རང་ནས་དེར་བསྔགས་བརྗོད་ཆེན་པོ་ཞུ་གི་ཡིན། ཀྲུང་གོའི་ཕྱོགས་ནས་ཨེ་ཅེབ་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། མུ་མཐུད་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་གལ་ཆེའི་དོ་ཁུར་བྱེད་སའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་དང་རམས་འདེགས་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཨེ་ཅེབ་ཀྱིས་རང་སོའི་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་གྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། སུ་དབྱི་ཧྲི་མི་བཟོས་གཙང་པོའི་བར་ཁྱམས་གསར་སྤེལ་གྱི་འཆར་གཞིའི་ནང་ཞུགས་འདོད་ཡོད་ལ། སུ་དབྱི་ཧྲི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་འཛུགས་སྐྲུན་དང་ཐོན་ནུས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནང་མཉམ་ལས་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་ཨེ་ཅེབ་ཏུ་ལུ་པན་གྱི་ལག་ཤེས་ཁང་བཙུགས་ནས་ཨེ་ཅེབ་ཀྱི་ན་གཞོན་ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་འཇིགས་སྐུལ་ལ་ངོ་རྒོལ་དང་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་དགོས། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་མི་དམངས་ཀྱིས་ཀྲུང་གོར་ཡིད་ཆེས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོས་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་བདེ་འཇགས་དང་རྒྱུན་མཐུད་གོང་འཕེལ་གྱི་གྲོས་འགོ་དང་ཨ་ཧྥེ་རི་ཁ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨེ་ཅེབ་ཕྱོགས་དང་མཉམ་དུ་ཨ་ཧྥེ་རི་ཁ་གླིང་གི་ཕྱོགས་གསུམ་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། ཐུན་མོང་ཐོག་ཨ་ཧྥེ་རི་ཁ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
          ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས། ཏི་པེ་ཡི་ཚོ་དཔོན་མུ་ཧན་མུ་ཏེ་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་35འཁོར་བའི་ལོ་ཡང་ཡིན། ངས་ཁྱེད་རང་དང་རྒྱལ་རྒྱུད་མུ་ཧན་མུ་ཏེ་དང་མཉམ་དུ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་རོགས་པ་གལ་ཆེན་ལ་རྩིས་ཀྱི་ཡོད། ཕྱོགས་གཉིས་པོས་ནུས་ཁུངས་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུས་ལམ་ཐིག་གཙོ་བོ་བྱེད་པ་དང་། མ་འཇོག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཞོགས་གཉིས་སུ་འཇོག་པ། མཐོ་གསར་ལག་རྩལ་གྱིས་འཕར་སྣོན་བྱེད་ས་བྱེད་པའི་དངོས་སྒྲུབ་མཉམ་ལས་བྱེད་དགོས། གོམ་སྟབས་རྗེས་མར་གསར་གཏོད་གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་བྱས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་འཕར་སྣོན་ཡོང་ས་གསར་པ་བསྐྲུན་དགོས། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་སྟོབས་ཤུགས་ལ་རྡུང་རྡེག་གཏོང་རྒྱུ་སོགས་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོ་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་དགོས། ཙུང་ཐུང་གཞོན་པ་ཁྱེད་ནས་བཏོན་པའི་ཀྲུང་གོར་འཐམ་པ་ཞེས་པའི་འཆར་གཞིར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས་པ་དང་། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ནས་དུས་སང་དབུས་ཤར་ས་ཁུལ་གྱི་སྐབས་དང་པོའི་འཛམ་གླིང་དངོས་མང་འགྲེམ་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          ཧེང་ཀེ་རིའི་ཙུང་ལི་ཨོར་པན་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། སྤྱི་ལོ2017ལོར་ཕྲན་དང་ཙུང་ལི་སྐུ་ཞབས་ནས་རྒྱལ་ཁབ་གཉིས་པོའི་བར་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་། དུས་དེ་ནས་བཟུང་ཀྲུང་གོ་དང་ཧེང་ཀེ་རི་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་ཡོད། ད་ལོ་ནི་ཀྲུང་གོ་དང་ཧེང་ཀེ་རིའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་རེད། ཀྲུང་གོས་ཧེང་ཀེ་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་གི་ཐོག་སླེབས་པ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་གྱི་སྤེལ་རེས་ཟབ་མོ་རྒྱུན་འཁྱོངས་ཀྱིས། ཆབ་སྲིད་ཐད་ཀྱི་སྣེ་ཁྲིད་ཡག་པོ་བྱ་དགོས་པ་དང་། ཕན་ཚུན་བར་ཡིད་ཆེས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས། འཐབ་ཇུས་ཀྱི་ཁས་ལེན་གཏིང་ཟབ་ཏུ་གཏོང་དགོས་པ། དངོས་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་གྱུར་ཡོང་བ་བྱ་དགོས་པ། མི་ཆོས་རིག་གནས་སྤེལ་རེས་ཀྱི་རྒྱ་ཚད་ཆེ་རུ་བཏང་ནས། དམངས་སེམས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། གོམ་སྟབས་རྗེས་མར་ང་ཚོས་ཧེང་ཀེ་རི་དང་སད་ཝི་ཡའི་བར་གྱི་ལྕགས་ལམ་སོགས་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་གི་མཉམ་ལས་དོན་འཁྱོལ་ཡག་པོ་བྱས་ནས། གྲུབ་འབྲས་དངོས་དེ་བས་མང་བ་བརྩོན་ལེན་བྱ་དགོས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་བར་གྱི་མཉམ་ལས་ནི་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཧེང་ཀེ་རི་ཕྱོགས་ནས་དེའི་ཆེད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག
          མ་ལེ་ཤི་ཡའི་ཙུང་ལི་མ་ཧྭ་ཏིར་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། ཀྲུང་གོ་དང་མ་ལེ་ཤི་ཡའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ45འཁོར་ཡོད། དུས་ཚོད་ཕྱེད་ཀ་ཙམ་ནི་ཁྱེད་ང་ནས་ཙུང་ལིའི་འགན་བཞེས་པའི་དུས་ཚོད་ནང་རེད། ཁྱེད་རང་ནས་ཀྲུང་གོ་དང་མ་ལེ་ཤི་ཡའི་འབྲེལ་བ་གོང་འཕེལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཕྱོགས་གཉིས་པོས་ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་བཞིན། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དེ་གོ་སྐབས་ཤིག་ལ་བརྩིས་ནས། ཀྲུང་གོ་དང་མ་ལེ་ཤི་ཡའི་འབྲེལ་བའི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས། ཀྲུང་གོ་དང་མ་ལེ་ཤི་ཡས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་རྨང་གཞི་ཡག་པོ་ཡོད་པ་དང་། མདུན་ལྗོངས་སྔོན་དཔག་ཐུབ་པ་ཞིག་རེད། ཕྱོགས་གཉིས་པོས་འཆར་འགོད་ལ་ཤུགས་སྣོན་གྱིས། མཉམ་ལས་ཀྱི་སྟེགས་བུ་ཆེན་པོ་གཏོད་དགོས་པ་དང་། སྤུས་ཚད་མཐོ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ། རྒྱལ་ཁབ་གཉིས་པོའི་གླིང་ཁུལ་གཉིས་སྟོབས་ཆེར་བཏང་ནས། གང་དེ་སྐམ་ས་དང་རྒྱ་མཚོའི་ལམ་བུ་གསར་པའི་ཚེགས་གནས་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་དགོས་པ་དང་། རྒྱལ་ཁབ་གཉིས་པོ་དང་ས་ཁུལ་གྱི་སྦྲེལ་མཐུད་དང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། སྐུ་ཞབས་ཙུང་ལི་མཆོག་ནས་ཨ་ཤེ་ཡའི་རིན་ཐང་ལྟ་བར་བརྩི་མཐོང་གནང་བ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ནས་མཐུན་སྒྲིལ་མཉམ་ལས་བྱེད་དགོས་པའི་སྐུལ་མ་གནང་གི་ཡོད། མིག་སྔའི་དུས་བབ་འོག་དེར་དོན་སྙིང་དངོས་ལྡན་ཡོད། ཕྱོགས་གཉིས་པོས་ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་རྒྱབ་ནས། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ། ཀྲུང་གོས་མ་ལེ་ཤི་ཡ་ཕྱོགས་ནས་དུས་སང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་གྲོས་ཚོགས་ཀྱི་སྦྱིན་བདག་རྒྱལ་ཁབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་། སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་འདུག
          པ་པུ་ཀུད་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉེར་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས། ན་ནིང་ཟླ་བ་11པར་ང་རང་ནས་པ་ཕུ་ཡ་ཀུད་ནེ་ཡ་གསར་པར་རྒྱལ་དོན་འཚམས་འདྲི་ཞུས་པ་མ་ཟད། ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་8ཀྱི་འགོ་ཁྲིད་དང་ཐུག་འཕྲད་ཞུས་པ་ཡིན། ཕྱོགས་གཉིས་པོས་འཚམས་འདྲིའི་གལ་ཆེའི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པ་མཐོང་བས་དགའ་པོ་བྱུང་། མིག་སྔར་ཀྲུང་གོ་དང་པ་ཕུ་ཡ་ཀུད་ནེ་ཡ་གསར་པའི་འབྲེལ་བ་ལོ་རྒྱུས་ཐོག་ཡག་ཤོས་ཀྱི་དུས་ལ་སླེབས་ཡོད། ཀྲུང་གོས་པ་ཕུ་ཡ་ཀུད་ནེ་གསར་པས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་ལ་འཛིན་པ་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོས་པ་ཕུ་ཡ་ཀུད་ནེ་ཡ་གསར་པས་རང་རྒྱལ་ཁབ་དང་འཚམས་པའི་གོང་འཕེལ་ལམ་བུ་བདམས་པར་རྒྱབ་སྐྱོར་བྱེད་པ་དང་། པ་ཕུ་ཡ་ཀུད་ནེ་ཡ་གསར་པ་བར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མཛའ་བཤེས་ཟབ་ཏུ་གཏོང་བ། ཕྱོགས་མང་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གོང་འཕེལ་དེ་བས་ཆེ་བ་འགྲོ་བ་བྱ་དགོས། པ་ཕུ་ཡ་ཀུད་ནེ་ཡ་གསར་པས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་མཉམ་ལས་ཐད་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཁག་གི་མདུན་གྲལ་དུ་སླེབས་ཡོད། ང་ཚོས་མཉམ་ལས་སྔར་བས་རྒྱ་བསྐྱེད་བཏང་ནས། གླིང་ཕྲན་རྒྱལ་ཁབ་ས་ཁུལ་དུ་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ཐད་དཔེ་སྟོན་དང་སྣེ་ཁྲིད་བྱ་རྒྱུ་བྱ་དགོས་ཞེས་བསྟན་འདུག
          ཧིན་རྡུ་ཉི་ཤི་ཡའི་ཙུང་ཐུང་གཞོན་པ་ག་ལ་དང་མཇལ་འཛོམས་གནང་སྐབས། ཞི་ཅིན་ཕིང་གིས་ག་ལས་བརྒྱུད་འབུལ་ཞུས་པའི་ཧིན་རྡུ་ཉི་ཤི་ཡའི་ཙུང་ཐུང་ཙོ་ཁོའི་ཕྱག་ཡིག་དང་ལེན་ཞུས་པ་དང་། ཆབས་ཅིག་ག་ལར་ཙུང་ཐུང་ཙོ་ཁོར་འཚམས་འདྲི་ཞུ་རོགས་ཞེས་གསུངས་འདུག ཞི་ཅིན་ཕིང་གིས། དུས་རབས་21ཀྱི་མཚོ་ཐོག་དར་གོས་ལམ་བུ་ནི་ཕྲན་ནས་ཧིན་རྡུ་ཉི་ཤི་ཡར་བཏོན་པ་ཡིན། ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་གཉིས་པོས་རྒྱུད་གཅིག་ལམ་གཅིག་འཛུགས་བསྐྲུན་དེ་གོ་སྐབས་ཤིག་ལ་བརྩིས་པས། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རིམ་གསར་པ་ཐོན་ཡོད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་བསྐྲུན་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཁྱིམ་མཚེས་མཛའ་གྲོགས་དར་སྤེལ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱེད་ས་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བཅས་བྱ་དགོས། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དང་གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཚེགས་གནས་སྦྲེལ་མཐུད་ནི་དུས་རབས་གསར་པའི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་སྤྱིའི་རྩ་འཛིན་རེད། ཕྱོགས་གཉིས་པོས་གང་མགྱོགས་གཙོ་གནད་མཉམ་ལས་ཀྱི་ཁྱབ་ཁོངས་དང་ཁ་ཕྱོགས་གསལ་པོ་བཟོ་བ་དང་། ཅ་ཀ་ཏ་ནས་ཝན་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་གཙོ་གནད་མཉམ་ལས་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་དགོས། ངས་ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུའི་སྐོར་བཏོན་ཡོད། དེའི་དམིགས་ཡུལ་ནི་དེང་སྐབས་འཛམ་གླིང་ལ་གནས་པའི་གནད་དོན་ཐག་གཅོད་ཐད་ཀྲུང་གོའི་ཇུས་གཞི་འདོན་ཆེད་ཡིན། དེ་ནི་ལོ་ངོ་64ཡི་གོང་ཀྲུང་གོ་དང་ཧིན་རྡུ་ཉི་ཤི་ཡས་མཉམ་དུ་བཏོན་པའི་ཝན་ལུང་གྲོས་ཚོགས་ཀྱི་རྩ་དོན་དོན་ཚན་བཅུ་ཡི་རྒྱུན་མཐུད་པ་ཞིག་རེད། ཕྱོགས་གཉིས་པོས་འབྲེལ་གཏུགས་མཐུན་སྦྱོར་དམ་ཟབ་བྱས་ཐོག ཐུན་མོང་ཐོག་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་དང་། ལག་གདང་སྦྲེལ་ནས་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་བསྐྲུན་དགོས་ཞེས་བསྟན་འདུག