སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

རང་སྐྱོང་ལྗོངས་ཀྱིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་པ།

སྤེལ་དུས 2019-04-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། 
ཝུའུ་དབྱིང་ཅེས་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བཞིན་པ།
          ཝུའུ་དབྱིང་ཅེས་དེ་རིང་གཟེངས་བསྟོད་ཐོབ་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པའི་ཁྲོད་སློབ་ཁྲིད་ལ་དགའ་ཞེན་གྱིས་རང་ཉིད་ཀྱི་ཤེས་བྱ་སློབ་མཁན་མི་དམངས་ཀྱི་དགེ་རྒན་དང་། ལས་གནས་ཐོག་གཞི་ཚུགས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་འཐབ་ཕྱོགས་དང་པོའི་བཟོ་པ། ལས་གཏོད་སྣེ་ཁྲིད་དང་ངལ་རྩོལ་ཕྱུག་འགྱུར་གྱི་ཞིང་འབྲོག་མང་ཚོགས། སྙིང་རུས་ཆེན་པོས་བརྩོན་ཞིབ་དང་གསར་གཏོད་བྱེད་ཕོད་པའི་ཚན་རྩལ་ཤེས་ལྡན་མི་སྣ། ཁྲོམ་རར་ཞུགས་ཕོད་པ་དང་དོ་དམ་བྱེད་མཁས་པའི་ཁེ་ལས་གཉེར་སྐྱོང་བ། བརྟན་ལྷིང་སྲུང་སྐྱོང་དང་། ས་སྲུང་མཐའ་བརྟན། མི་རིགས་མཐུན་སྒྲིལ། དབུལ་སྒྲོལ་འགག་སྒྲོལ་བཅས་ཀྱི་འཐབ་ཕྱོགས་དང་པོར་རང་འགན་གཙང་སྒྲུབ་བྱེད་མཁན་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བཅས་ཚང་མ་ནི་2014ལོ་ཚུན་ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་གི་ཕུལ་བྱུང་འཐུས་མི་ཡིན། ཚང་མས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། རང་གཤིས་རྒྱུན་འཁྱོངས། ཁེངས་སྐྱུང་གཟབ་ནན། ཡང་འབད་བསྐྱར་འབད་བཅས་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་སླར་ཡང་གྲུབ་འབྲས་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཚོགས་ར།
          ཝུའུ་དབྱིང་ཅེས་རྒྱ་ཆེའི་ལས་བཟོ་དང་མང་ཚོགས་ཚོས་གྲོས་འགོའི་ཡི་གེའི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས་སྔོན་ཐོན་ཚད་ཤིང་དུ་བརྩི་བ་དང་སྔོན་ཐོན་ལ་སློབ་སྦྱོང་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་རེ་བ་བཏོན་པ་སྟེ།
          གཅིག་ནས་དད་སེམས་བརྟན་གཏོང་དང་། ལངས་ཕྱོགས་བརྟན་པོ། དར་ཆ་གསལ་སྟོན་བཅས་བྱས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་པ་དང་། 
          གཉིས་ནས་ལས་གཅེས་ལས་བཀུར་དང་། འབད་འབུངས་ལེགས་སྐྱེས། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་མངོན་འགྱུར་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པ།
          གསུམ་ནས་སྤྱོད་བཟང་དར་སྤེལ་དང་།  སྲོལ་བཟང་ལ་སྣེ་ཁྲིད།  མིག་དཔེ་བཏོན་ནས་སྣེ་ཁྲིད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཧུར་ཐག་བྱེད་དགོས་པ། 
          བཞི་ནས་སྲོལ་རྒྱུན་རྒྱུན་འཛིན་དང་།  གསར་འབྱེད་གསར་གཏོད།  སྙིང་རུས་ཆེན་པོས་འཇོན་ཐང་འཕེལ་བ་བཅས་བྱས་ཏེ་ངལ་རྩོལ་པའི་རང་གཤིས་ནམ་ཡང་གནས་དགོས་པ་བཅས་རེད།
རྩོམ་སྒྲིག་པ། རྡོ་རྗེ།