ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུར་གནང་བའི་བཀའ་སློབ།

སྤེལ་དུས 2019-04-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རྒྱལ་པོས་བསྒྱུར།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞོན་ནུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་རིམ་སློབ་གྲྭར་རྟོག་ཞིབ་ཐེངས་མང་གནང་ཡོད་པ་དང་། ཡུལ་དུས་གལ་ཆེན་མང་པོར་ལས་རིགས་ཁག་གི་གཞོན་ནུ་དང་དཀའ་མོལ་གསུངས་ཤིང་། གཞོན་ནུ་རྣམས་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་རྒྱུ་དང་། མེས་རྒྱལ་གྱི་ཆེད་དུ་བྱས་རྗེས་འཇོག་པ་དང་བྱ་གཞག་སྐྲུན་རྒྱུའི་སྐུལ་ལྕག་གནང་ཡོད། ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་སྔ་ནུབ་ཏུ་ང་ཚོས་ལོ་འདི་དག་ནང་སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་གཞོན་ནུ་རྣམས་ལ་གནང་བའི་བཀའ་སློབ་གསན་པར་ཞུ།
          སྤྱི་ལོ་2013ལོའི་ལྔ་བཞིའི་གཞོན་ནུའི་དུས་ཆེན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་བར་ཁམས་ལག་རྩལ་ཞིབ་འཇུག་ཁང་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད། ལང་ཚོའི་འགན་འཁྲི་ཁུར་ཞེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོར་ཞུགས་གནང་བ་མ་ཟད། ལས་རིགས་ཁག་གི་ཕུལ་བྱུང་གཞོན་ནུའི་འཐུས་མི་དང་བཞུགས་མོལ་གནང་ཡོད་པ་རེད། ཁོང་གིས། གཞོན་ནུ་ནི་སྐྱེ་སྟོབས་ཆེ་ཤོས་དང་། ཕུགས་བསམ་ཆེ་ཤོས་ཀྱི་ལྡན་པ་ཞིག་ཡིན་ཞེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། གཞོན་ནུའི་མི་རབས་ལ་ཕུགས་བསམ་དང་། འགན་སེམས་ཡོད་ཚེ། རྒྱལ་ཁབ་ལ་མདུན་ལམ་ཡོད་པ་དང་། མི་རིགས་ལ་རེ་བ་ཡོད་ཅིང་། ང་ཚོའི་གོང་འཕེལ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པར་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཆེན་པོ་འབྱུང་ཐུབ་པ་ལོ་རྒྱུས་དང་དོན་དངོས་གཉིས་ཀའི་ཐོག་ནས་ང་ཚོར་ར་སྤྲོད་བྱས་ཡོད། ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་དང་། དོན་དངོས་ཡིན་ལ། འབྱུང་འགྱུར་ཡང་ཡིན། ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་དང་། མི་རིགས་ཀྱི་ཕུགས་འདུན་ཡིན་ལ། ཀྲུང་གོ་བ་མི་རེ་ངོ་རེའི་ཕུགས་འདུན་ཡང་ཡིན། ཀྲུང་གོའི་ཕུགས་འདུན་ནི་ང་ཚོའི་ཕུགས་འདུན་ཡིན་ལ། དེ་བས་ཀྱང་གཞོན་ནུའི་མི་རབས་ཀྱི་ཕུགས་འདུན་ཡང་ཡིན་ཞེས་གསུངས་ཡོད། 
          སྤྱི་ལོ་2014ལོའི་ལྔ་བཞིའི་གཞོན་ནུའི་དུས་ཆེན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་སློབ་གྲྭ་ཆེན་མོར་རྟོག་ཞིབ་གནང་ཡོད། ཁོང་གིས། རྒྱ་ཆེའི་གཞོན་ནུ་རྣམས་ནས་ལྔ་བཞིའི་ལས་འགུལ་ལ་དྲན་གསོ་བྱེད་སྟངས་ཡག་ཤོས་ནི། ཏང་གི་འགོ་ཁྲིད་འོག་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པའི་འབད་འཐབ་བྱེད་མཁན་དང་། གསར་གཏོད་བྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་བྱེད་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། གཞོན་ནུའི་རིན་ཐང་ལྟ་བ་འཛིན་ཕྱོགས་ཀྱིས་འབྱུང་འགྱུར་སྤྱི་ཚོགས་ཧྲིལ་པོའི་རིན་ཐང་ལྟ་བ་འཛིན་ཕྱོགས་གཏན་འཁེལ་བྱེད་ཀྱི་ཡོད། གཞོན་ནུའི་དུས་ སྐབས་ནི་རིན་ཐང་ལྟ་བ་ཆགས་པ་དང་གཏན་འཁེལ་བྱེད་པའི་དུས་སྐབས་ཤིག་ཡིན་པས། དུས་སྐབས་དེའི་རིན་ཐང་ལྟ་བ་ཆགས་རྒྱུར་དམ་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ཡང་གྱོན་ཆས་གྱོན་ནས་མཐེབ་ཀྱུ་རྒྱག་པ་དང་མཚུངས་པར། གལ་སྲིད་མཐེབ་ཀྱུ་དང་པོ་དེ་རྒྱག་ནོར་ཤོར་བ་ཡིན་ན། དེ་འཕྲོས་ཀྱི་མཐེབ་ཀྱུ་ཚང་མ་ནོར་འགྲོ་གི་རེད། མི་ཚེའི་མཐེབ་ཀྱུ་དེ་དང་ཐོག་ནས་ཡག་པོ་རྒྱག་དགོས་ཞེས་གསུངས་གནང་ཡོད།
          སྤྱི་ལོ་2016ལོའི་ཟླ་7པའི་ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད་པ་རེད། གཟབ་རྒྱས་ཆེ་ལ་དམིགས་བསལ་གྱི་ཡུལ་དུས་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཡོངས་ནས་གཞོན་ནུར་དོ་ཁུར་བྱེད་པ་དང་། གཞོན་ནུར་སེམས་འཁུར། གཞོན་ནུར་གཅེས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། གཞོན་ནུ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་། མི་རིགས་རེ་བ་ཡིན་ལ། རང་རེའི་ཏང་གི་འབྱུང་འགྱུར་དང་རེ་བ་ཡང་ཡིན། ཀྲུང་གོ་གུང་ཁྲན་ཏང་གསར་གཏོད་གནང་མཁན་གྲས་ཤིག་ཡིན་པའི་བློ་མཐུན་ལི་ཏ་ཀྲའོ་ཡིས། གཞོན་ནུས་འཛམ་གླིང་ལ་ཤེས་དཔལ་འདྲེན་པ་དང་། མིའི་རིགས་ལ་བདེ་སྐྱིད་སྐྲུན་དགོས། ང་ཡི་ལང་ཚོས། ང་ཡི་ལང་ཚོའི་ཁྱིམ་ཚང་དང་། ང་ཡི་ལང་ཚོའི་རྒྱལ་ཁབ། ང་ཡི་ལང་ཚོའི་མི་རིགས། ང་ཡི་ལང་ཚོའི་སའི་གོ་ལ། ང་ཡི་ལང་ཚོའི་འཇིག་རྟེན་བཅས་སྐྲུན་དགོས་ཤིང་། རང་ཉིད་ཀྱི་མི་ཚེ་སྤྲོ་སྐྱིད་ལྡན་པའི་ངང་ནས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་ཡོད། ལོ་ངོ་དགུ་བཅུ་གོ་ལྔ་སོང་རིང་། རང་རེའི་ཏང་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནང་གཞོན་ནུའི་སྤྲོ་སེམས་དང་ལེགས་སྐྱེས་འདུས་ཡོད་ཅེས་གསུངས་ཡོད།
          སྤྱི་ལོ་2017ལོའི་ཟླ་10པར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་མཐར་ཐུག་གཞོན་ནུའི་མི་རབས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་འབད་འཐབ་བྱེད་པའི་ནང་མངོན་འགྱུར་ཡོང་རྒྱུ་རེད་ཅེས་གོ་རྒྱུ་གཏིང་ཟབ་པོའི་ངང་ནས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་རྒྱས་ན་རྒྱལ་ཁབ་རྒྱས། རྒྱ་ཆེའི་གཞོན་ནུ་རྣམས་ལ་བློ་བརྟན་འགྱུར་མེད་ཀྱི་ཕུགས་འདུན་ཡོད་དགོས་པ་དང་། རྒྱང་རིང་གི་དམིགས་འབེན་འཛུགས་པ་དང་། ཏན་ཏན་ཏིག་ཏིག་ངང་དུས་རབས་ཀྱི་རླབས་གཤག་ཕོ་རྒོད་བྱས་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པའི་ཁྲོད་དུ་མི་ཚེའི་ངོ་མཚར་ལེའུ་འབྲི་དགོས་ཞེས་གསུངས་ཡོད།
          སྤྱི་ལོ་2018ལོའི་ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་པེ་ཅིན་སློབ་གྲྭ་ཆེན་མོར་རྟོག་ཞིབ་ལ་ཕེབས་པ་དང་། དགེ་སློབ་རྣམས་དང་བཞུགས་མོལ་གནང་བ་མ་ཟད། གསུངས་བཤད་གལ་ཆེན་གནང་བ་རེད། ཁོང་གིས། རྒྱ་ཆེའི་གཞོན་ནུས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་གྱུར་ཡོང་བ་བྱེད་པའི་གསོན་ཤུགས་དམག་ལ་འགྱུར་བ་བྱ་དགོས་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་ཕྲག་ཏུ་འཁུར་དགོས་པའི་ནན་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས། རྒྱ་ཆེའི་གཞོན་ནུ་རྣམས་ནི་ཕུགས་འདུན་འཚོལ་སྙེག་བྱེད་མཁན་ཡིན་ལ། ཕུགས་འདུན་སྒྲུབ་མཁན་ཡང་ཡིན། ཕུགས་འདུན་འཚོལ་སྙེག་བྱེད་པར་སྤྲོ་སེམས་དང་ཕུགས་བསམ་དགོས་པ་དང་། ཕུགས་འདུན་བསྒྲུབ་པར་འབད་འཐབ་དང་ལེགས་སྐྱེས་འབུལ་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ནས་འབད་འཐབ་ཁྲོད་ལང་ཚོའི་ངར་ཤ་འཕེལ་བ་བྱེད་པ་དང་། ལང་ཚོའི་ཕུགས་འདུན་འཚོལ་སྙེག་བྱེད་པ། ང་ཡིས་ལང་ཚོར་བརྟེན་ནས། འབད་འཐབ་བྱས་ཏེ། མི་རིགས་བསྐྱར་དར་ལ་ཟམ་པ་བསྐྲུན་པ་དང་། མེས་རྒྱལ་འཛུགས་བསྐྲུན་ཆེད་རང་ནུས་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།