ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་བོད་ལྗོངས་ལ་རྟེན་འབྲེལ་ཕྱག་ཡིག་བསྐུར་གནང་བ།

སྤེལ་དུས 2019-06-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༩ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ལ་རྟེན་འབྲེལ་ཕྱག་ཡིག་བསྐུར་གནང་བ།
        སྤྱི་ཟླ་༦པའི་ཚེས་༡༤ཉིན། སྤྱི་ལོ་༢༠༡༩ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་བོད་ལྗོངས་ལྷ་སར་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཕྱག་ཡིག་བསྐུར་གནང་ནས་གླེང་སྟེགས་འགོ་ཚུགས་པར་བཀྲིས་སྨོན་འདུན་ཞུས་གནང་བ་རེད།
        ཞི་ཅིན་ཕིང་གིས། བོད་ལྗོངས་ནི་མཚོ་བོད་ས་མཐོའི་ལྟེ་བར་གནས་པ་དང་། ཀྲུང་གོའི་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་གལ་ཆེན་ཞིག་དང་། སྐྱེ་ཁམས་བདེ་འཇགས་སྲུང་ར་གལ་ཆེན། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བཅས་རེད་ཅེས་གསུངས་པ་དང་།
        ཞི་ཅིན་ཕིང་གིས། སྤྱི་ལོ་༢༠༡༩ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་༦༠འཁོར་བའི་ལོ་ཡང་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དུས་ཐུང་ལོ་བཅུ་གྲངས་ནང་བོད་ལྗོངས་སུ་ལོ་རྒྱུས་ཐོག་རྒྱ་ཆེ་ལ་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་བྱུང་བ་དང་། ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ལྗོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ། དབུལ་ཕོངས་དང་རྗེས་ལུས་ཀྱི་བོད་རྙིང་པ་དེ་དཔལ་འབྱོར་རིག་གནས་དར་ཞིང་རྒྱས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཡོད། བོད་ལྗོངས་ཀྱིས་གོང་འཕེལ་གྱི་གོ་སྐབས་དམ་འཛིན་བྱས་ནས་མཛེས་སྡུག་དང་བདེ་ཞིང་སྐྱིད་པའི་བོད་ལྗོངས་འཛུགས་སྐྲུན་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་རྒྱས། ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྔར་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱེད་པ། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ཏུ་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་གྱི་ལེའུ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོ།