ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཐུགས་ཁུར་གནང་།

སྤེལ་དུས 2019-07-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་གིས་དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཅེས་པ་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཐུགས་ཁུར་གནང་བའི་དངོས་བྲིས་ཞེས་པ་འགོད་སྤེལ་བྱས་པ།
  སྤྱི་ཚེས་25ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཅེས་པ་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཐུགས་ཁུར་གནང་བའི་དངོས་བྲིས་ཞེས་པ་འགོད་སྤེལ་བྱས་ཡོད།
  རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོ་སྒྲུབ་རྒྱུར་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་བྱས་ཡོད།
  རྒྱལ་ཡོངས་ཀྱི་དམག་སྒྱུར་གཟེངས་སྟོད་ཚོགས་ཆེན་ཐེངས་དྲུག་པ་དང་སྤྱི་ལོ་2014ལོའི་དམག་སྒྱུར་བཀོད་སྒྲིག་ལས་དོན་གྲོས་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་ཁྱེད་ཚོ་དང་ཐུག་དུས་སེམས་ནང་དགའ་ཚོར་ཆེན་པོ་འདུག གང་ཡིན་ཞེ་ན། ང་རང་ཡང་དམག་སྒྱུར་ལས་བྱེད་པ་ཞིག་ཡིན་ཞེས་གསུངས་གནང་ཡོད། 
  བརྩེ་བ་ཟབ་པའི་བཀའ་མོལ་དང་ཐུགས་ཁུར་གཟབ་བཞེས་གནང་བ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཞབས་ཐིམ་པའི་དམག་མིར་བརྩེ་བ་ཟབ་མོ་བཅངས་གནང་བ་མཚོན་གྱི་ཡོད།
  སྤྱི་ལོ་2019ལོའི་ཟླ་1པོའི་ཚེས་17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐན་ཅིན་དུ་བརྟག་ཞིབ་གནང་སྐབས་ཧོ་ཕིང་ཆུས་ཤིན་ཤིང་སྲང་ལམ་ཁྲའོ་ཡང་ལི་སྡེ་ཁུལ་གྱི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་དོ་དམ་ས་ཚིགས་སུ་ཕེབས་ཏེ། སྡེ་ཁུལ་གྱིས་དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་སྒྲུབ་པའི་སྐོར་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས་དམག་ཞབས་ཐིམ་པའི་དམག་མིར་ཐུགས་ཁུར་གཟབ་བཞེས་གནང་བ་སླར་ཡང་མངོན་ཡོད།
  སྤྱི་ལོ་2019ལོའི་ཟླ་3པའི་ཚེས་12ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་དང་། རྨས་སྐྱོན་ཕོག་པ་དང་ནད་གཞི་ཕོག་པ། དབང་པོ་སྐྱོན་ཅན་བཅས་ཀྱི་དམག་མི་བཀོད་སྒྲིག དམག་མི་དང་མཉམ་དུ་ཡོད་པའི་ནང་མིའི་ལས་ཞུགས། དམག་མིའི་བུ་ཕྲུག་སློབ་གྲྭར་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུངས་གནང་ཡོད།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིར་དངོས་དངོས་རྗེན་རྗེན་གྱི་དྲོ་སྐྱིད་ཚོར་ཡོད་པ་སྟེ། དམག་ཞབས་ཐིམ་པའི་དམག་མི་ས་ཡ་བཞི་བཀོད་སྒྲིག་འོས་འཚམ་བྱུང་བ་དང་། འཆི་གོད་གྱོང་གསབ་ཀྱི་ཁ་གསབ་ཚད་གཞི་བསྟུད་མར་མཐོ་རུ་བཏང་བ། དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་གི་སྤྱི་ཚོགས་འགན་བཅོལ་རྒྱུན་མཐུད་པ། དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ཁོར་ཡུག་ཟམ་མི་ཆད་པར་ལེགས་སྒྱུར་བྱས་ཡོད་ཅེས་འཁོད་ཡོད་པ་དང་།
  རྩོམ་ཡིག་ནང་། དུས་ཚོད་ཀྱི་འགྲོས་དང་དུས་བབ་ཀྱི་འགྱུར་བ་དང་བསྟུན་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་འགན་ནུས་སྣོལ་སྡེབ་དང་། སྲིད་ཇུས་དོ་སྙོམས་མིན་པ། གཅིག་གྱུར་མིན་པ་སོགས་ཀྱི་གནད་དོན་མངོན་ཡོད་ལ། སྲིད་ཇུས་རྗེས་མཐུད་མི་ཐུབ་པ་དང་ལམ་ལུགས་ཆ་མི་ཚང་བ་སོགས་ཀྱི་ཞན་ཆ་ཡང་གནས་ཡོད། སྒྲིག་གཞིའི་རང་བཞིན་གྱི་འགོག་རྐྱེན་དང་། གྲུབ་ཆའི་རང་བཞིན་གྱི་འགལ་བ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་ནི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་འགག་གནད་ལྟ་བུར་གྱུར་ཡོད།
  གང་འདྲ་བྱས་ཏེ་གནད་དོན་དེ་དག་ཁྱད་བསད་ཀྱིས་དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་སམ་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་པའི་ཆབ་སྲིད་ཀྱི་བློ་རིག་དང་། རིགས་གཞུང་གི་བློ་སྟོབས། ཁྱད་དུ་འཕགས་པའི་འཇོན་ནུས། ཁྱོན་ཡོངས་ལ་ཁ་ལོ་སྒྱུར་བའི་ནུས་པ་བཅས་ཀྱི་ཐོག་ནས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་ཞེས་གནད་ལ་འཕིགས་པའི་སྒོ་ནས་བཏོན་གནང་ཡོད།
  སྤྱི་ལོ་2017ལོའི་ཟླ་10པའི་ཚེས་18ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གཟབ་རྒྱས་ངང་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུའི་ནང་དམག་ཞབས་ཐིམ་པའི་དམག་མིའི་དོ་དམ་འགན་སྲུང་ལས་ཁུངས་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ཡོད།
  སྤྱི་ལོ་2018ལོའི་ཟླ་3པའི་ཚེས་17ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་བརྡས་ཐག་བཅད་པ་བརྒྱུད་དམག་ཞབས་ཐིམ་པའི་དམག་མིའི་བྱ་དོན་པུའུ་འཛུགས་རྒྱུར་དངོས་སུ་ཆོག་མཆན་ཐོབ་ཡོད། 
  སྤྱི་ལོ་2018ལོའི་ཟླ་4པའི་ཚེས་16ཉིན། དམག་ཞབས་ཐིམ་པའི་དམག་མིའི་བྱ་དོན་པུའུ་སྒོ་བྱང་བཀལ་ནས་བཙུགས་ཡོད།
  སྤྱི་ལོ་2019ལོའི་ཟླ་3པའི་ཟླ་མཇུག་བར་སླེབས་དུས་རྒྱལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་དམག་ཞབས་ཐིམ་པའི་དམག་མིའི་བྱ་དོན་ཐིང་དང་ཅུད་ཚང་མ་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་འགོ་བཙུགས་ཡོད།
  དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་བཙུགས་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་བཀོད་སྒྲིག་གནང་བའི་འཐབ་ཇུས་ཆེན་པོ་དང་ལས་དོན་ཆེན་པོ་ཞིག་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་གནང་བ་དང་།
  དཔལ་འབྱོར་འཛུགས་སྐྱོང་དང་རྒྱལ་སྲུང་འཛུགས་སྐྱོང་མཉམ་འདྲེས་གོང་འཕེལ་ལ་གཞིགས་ནས་གནང་བའི་བཀོད་ཇུས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་འཐབ་ཇུས་བྱ་ཐབས་གལ་ཆེན་ཞིག་ཡིན། ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་དེ་དང་གཞིགས་ནས། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དེ་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་ཡོད།
  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་དང་སྣེ་ཁྲིད་འོག དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ནས་དཀའ་ངལ་མང་པོ་གཅིག་ཏུ་བསྡུས་པའི་གྲུབ་འབྲས་བཏོད་ཡོད།
  སྲིད་ཇུས་མང་པོ་གཅིག་མཇུག་གཉིས་མཐུད་ངང་བཏོན་པ་དང་། བཀོད་སྒྲིག་ལས་དོན་དོན་འཁྱོལ་ནུས་ལྡན་བྱས་ཡོད། སྤྱི་ལོ་2018ལོར་དམག་ཞབས་ཐིམ་པའི་དམག་མི་བཞི་འབུམ་ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། ལས་ཞུགས་དང་བྱ་གཞག་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། སྤྱི་ལོ་2018ལོར་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་ཐེངས་1400གཉེར་ཡོད་ཅིང་། ལས་ཞུགས་ལས་གནས་དྲུག་འབུམ་ལྷག་ཙམ་མཁོ་འདོན་བྱས་ཡོད།
  ཞབས་ཞུ་དང་འགན་ལེན་གཙོ་གནད་ཐོག་དོན་འཁྱོལ་བྱེད་པ་དང་། གཙོ་གནད་གཟིགས་སྐྱོང་བྱ་ཡུལ་གྱི་འཆི་གོད་གྱོང་གསབ་དང་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བའི་དུས་ཚོད་དེ་སྤྱི་ཟླ་10པའི་ཚེས་1ཉིན་ནས་སྤྱི་ཟླ་8པའི་ཚེས་1ཉིན་བར་སྔ་རུ་བཏང་ཡོད། དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་མི་བྱེ་བ་གསུམ་དང་ས་ཡ་དགུ་ལྷག་གི་ཆ་འཕྲིན་བསྡུ་ལེན་བྱས་ཡོད་ཅེས་བསྟན་ཡོད།
  རྩོམ་ཡིག་ནང་མཇུག་ཏུ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་ཀྱི་དགོངས་པའི་ཁྲིད་སྟོན་འོག དཀའ་ངལ་ཁྱད་བསད་ངང་མདུན་སྐྱོད་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུ་ག་ཚོད་རིང་ནའང་། ཐོག་མའི་བསམ་འདུན་བརྟན་པོ་སྲུང་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་རྔམ་བརྗིད་ལྡན་པའི་ངང་སྤེལ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།