ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གསར་དུ་བསྐོ་བཞག་བྱས་པའི་གཞུང་ཚབ་ཆེན་མོས་རྒྱལ་ཡིག་ཕུལ་བ་ཞི་ཅིན་ཕིང་ནས་བཞེས་གནང་བ།

སྤེལ་དུས 2019-08-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༨ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་བཅུ་ཡི་གསར་དུ་བསྐོ་བཞག་བྱས་པའི་གཞུང་ཚབ་ཆེན་མོས་རྒྱལ་ཡིག་ཕུལ་བ་བཞེས་གནང་ཡོད།
        སྤྱི་ཟླ་༨པའི་ཟླ་མཇུག་གི་པེ་ཅིང་ནི། ནམ་མཁའ་སྔོ་ཞིང་དྭངས་ལ་རླུང་བུ་བསིལ་བ་ཞིག་ཡོད། མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ། གུས་ལུགས་དམག་མི་གྲལ་སྟར་འགྲིག་པ་དང་། རྡུང་བརྡ་བཏང་ནས་སྐུ་མགྲོན་ལ་བསུ་བ་ཞུས་ཡོད། གསར་དུ་བསྐོ་བཞག་བྱས་པའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཕོ་ཉ་སྔ་རྗེས་སུ་འབྱོར་བ་དང་། ས་གདན་དམར་པོའི་ཐོག་ནས་པེ་ཅིང་ཚོམས་ཆེན་དུ་ཕེབས་ཏེ། སྔ་རྗེས་སུ་ཞི་ཅིན་ཕིང་ལ་རྒྱལ་ཡིག་ཕུལ་ཡོད། ཞི་ཅིན་ཕིང་གིས་ཁོང་རྣམས་དང་རེ་རེ་བཞིན་ཕྱག་བཏང་གནང་བ་མ་ཟད་ལྷན་དུ་དྲན་རྟེན་སྐུ་པར་བསྒྲོན་ཡོད། གསར་དུ་བསྐོ་བཞག་བྱས་པའི་གཞུང་ཚབ་ཆེན་མོ་རྣམས་ནི། ཀྲུང་གོར་བཅའ་སྡོད་མ་ལིའི་གཞུང་ཚབ་ཆེན་མོ་ད་ཁོ་དང་། ཀྲུང་གོར་བཅའ་སྡོད་ལེ་སོ་ཐོའི་གཞུང་ཚབ་ཆེན་མོ་སའེ་ཐེ་སྣ་ནི། ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཧ་ཧྲེ་མི། ཀྲུང་གོར་བཅའ་སྡོད་ཁ་ཐར་གྱི་གཞུང་ཚབ་ཆེན་མོ་ཏུའུ་ཤི་མི། ཀྲུང་གོར་བཅའ་སྡོད་ཨོ་སི་ཁྲུ་ལི་ཡའི་གཞུང་ཚབ་ཆེན་མོ་ཧྥུའུ་ཀོན་ཧན། ཀྲུང་གོར་བཅའ་སྡོད་ཙམ་པབ་ཝེའི་གཞུང་ཚབ་ཆེན་མོ་ཆའེ་ཏུང་ཏོ། ཀྲུང་གོར་བཅའ་སྡོད་ཨེ་སོ་ནི་ཡའི་གཞུང་ཚབ་ཆེན་མོ་ཝེན་ཁང་དེ། ཀྲུང་གོར་བཅའ་སྡོད་མ་ལེ་ཞི་ཡའི་གཞུང་ཚབ་ཆེན་མོ་ནུའུ་ཤིའར་ཝེན། ཀྲུང་གོར་བཅའ་སྡོད་མར་ཏི་ཝེའི་གཞུང་ཚབ་ཆེན་མོ་ཨ་ཙེ་མ། ཀྲུང་གོར་བཅའ་སྡོད་ཀི་ནེ་ཡའི་གཞུང་ཚབ་ཆེན་མོ་ཏུའར་བཅས་ཡིན་པ་རེད།
        རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ་ཚོས་ཀྲུང་གོར་ལས་འགན་གསར་པ་སྒྲུབ་པར་ཕེབས་པར་ཞི་ཅིན་ཕིང་ནས་དགའ་བསུ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོས་རྒྱལ་ཁབ་ཁག་དབར་གྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཁག་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བཅས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད། རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ་ཚོས་ལས་འགན་བསྒྲུབ་རྒྱུར་ཀྲུང་གོའི་སྲིད་གཞུང་ནས་སྟབས་བདེ་བསྐྲུན་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པས། གཞུང་ཚབ་ཕོ་ཉ་རྣམས་ཀྱིས་ཀྲུང་གོ་དང་རྒྱལ་ཁབ་ཁག་གི་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
        གཞུང་ཚབ་ཕོ་ཉ་རྣམས་ཀྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཡོད་ཅིང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠ནང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་ཆེན་པོ་གནང་ཡོད། ཁོང་རྣམས་ནས། རྒྱལ་ཁབ་ཁག་གིས་ཀྲུང་གོའི་དབར་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་ཧུར་ཐག་ཞུགས་རྒྱུའི་བསམ་འདུན་འཆང་གི་ཡོད། ཁོང་རྣམས་ནས་ཀྲུང་གོར་གཞུང་ཚབ་ཕོ་ཉའི་ལས་དོན་སྒྲུབ་པར་སླེབས་པས་གཟི་བརྗིད་ཆེན་པོ་རེད་སྙམ་བྱུང་ལ། རྒྱལ་ཁབ་ཁག་དང་ཀྲུང་གོའི་ཕྱོགས་གཉིས་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་གསར་དུ་བསྐོ་བཞག་བྱས་པའི་མཐུན་སྦྱོར་པ་ལོ་ཧྲེ་ལི་ཡིས་གོ་གནས་བསྐོ་བཞག་གི་ཡི་གེ་ཕུལ་བ་བཞེས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་གསུངས་ཡོད། 
        ཝང་དབྱི་ནས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།