ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་ཞིང་འབྲེལ་མཐོ་སློབ་ལ་འཕྲིན་ལན་བསྐུར་གནང་བ།

སྤེལ་དུས 2019-09-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་གནང་ནས་རྒྱལ་ཡོངས་ཀྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གྲྭའི་རྒྱ་ཆེའི་དགེ་སློབ་རྣམས་ལ་ཀུན་སྤྱོད་བཟང་པོས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ་དང་། ཞིང་ལས་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་དགོས་པའི་བཀའ་མངགས་གནང་བ།
        སྤྱི་ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གྲྭའི་ཧྲུའུ་ཅི་དང་སློབ་སྤྱི། རིགས་གཅིག་མཁས་པའི་འཐུས་མི་བཅས་ལ་འཕྲིན་ལན་བསྐུར་གནང་ནས་ཞིང་ལས་དང་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གྲྭའི་སློབ་གཉེར་ཁ་ཕྱོགས་ཐད་བླང་བྱ་བཏོན་གནང་བ་དང་། རྒྱ་ཆེའི་དགེ་སློབ་རྣམས་ལ་སྐུལ་ལྕག་དང་རེ་བ་བཏོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། རྒྱལ་ཡོངས་ཀྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གྲྭས་སློབ་གཉེར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ཏེ། ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱས་པ་དང་། ཚན་ཞིབ་གསར་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་གསུམ་བྱ་གཞག་གོང་འཕེལ་གྱི་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོའི་དེང་རབས་ཅན་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་ཁ་བྲལ་ཐབས་མེད་པ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འགག་རྩ་ནི་ཚན་རྩལ་དང་ཤེས་ལྡན་མི་སྣར་ཐུག་ཡོད། དུས་རབས་གསར་པར་གྲོང་གསེབ་ནི་རེ་བས་ཁེངས་པའི་ཞིང་ས་དང་ལས་སྒྲུབ་ལས་གཏོད་ཀྱི་རྒྱ་ཆེ་བའི་གར་སྟེགས་ཡིན་པས། རང་རྒྱལ་གྱི་མཐོ་རིམ་ཞིང་ལས་དང་ནགས་ལས་སློབ་གསོ་ནི་ལས་ཀ་བྱ་གཞི་ཆེན་པོ་ཡོད་པ་ཞིག་རེད། ཁྱེད་རྣམ་པས་མུ་མཐུད་ཀུན་སྤྱོད་བཟང་པོས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ་དང་། ཞིང་ལས་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ། ཚན་རྩལ་གྱི་གྲུབ་འབྲས་སྔར་བས་མང་བ་ཐོབ་པ་བྱེད་པ། ཞིང་ལས་ཤེས་པ་དང་ཞིང་ལས་ལ་དགའ་བའི་རྣམ་པ་གསར་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་། ཞིང་པ་ཁྲི་སྟོང་མང་པོའི་འཚོ་བའི་ཆུ་ཚད་དང་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་བ། རི་བོ་དང་། ཆུ་མོ། ནགས་ཚལ། ས་ཞིང་། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་བྱས་ཏེ། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པ་དང་། གྲོང་གསེབ་ཀྱི་ཁྱོན་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་གསུངས་གནང་ཡོད།
        ཉེ་དུས། རྒྱལ་ཡོངས་ཀྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གྲྭ་ལྔ་བཅུ་ལྷག་ཙམ་གྱི་ཧྲུའུ་ཅི་དང་སློབ་སྤྱི། ཞིང་ལས་དང་ནགས་ལས་ཀྱི་རིགས་གཅིག་མཁས་པ་བཅས་བརྒྱ་ལྷག་ཙམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱག་ཡིག་བསྐུར་ནས་ཀྲེ་ཅང་ཨན་ཅིར་དུ་དུས་རབས་གསར་པའི་ཞིང་ལས་དང་ནགས་ལས་རིག་ཚན་འཛུགས་སྐྱོང་སྐོར་ལ་ཞིབ་བསྡུར་བྱས་པའི་གནས་ཚུལ་སྙན་སེང་ཞུས་པ་དང་། ཞིང་ལས་དང་ནགས་ལས་དང་འབྲེལ་བ་ཡོད་པའི་དགེ་སློབ་ས་ཡ་གཅིག་དང་སུམ་འབུམ་གྱི་ཚབ་ཞུས་ཏེ་ཞིང་ལས་དར་རྒྱས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིལ་ལན་འཇལ་བའི་འགན་འཁྲི་ཕྲག་སྟེང་དུ་འཁུར་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།
རྩོམ་སྒྲིག་པ།སྣང་རྡོར།