ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་ཞིག་གཙོ་སྐྱོང་གནང་འདུག

སྤེལ་དུས 2019-09-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་གཙོ་སྐྱོང་གནང་བ།
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཟླ་9པའི་ཚེས་9ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་གཙོ་སྐྱོང་གནང་བ་མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་ཡོད་པ་རེད། ཁོང་གིས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་བསྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་བྱས་ཡོད་ཅིང་། དུས་མཚམས་སྔོན་མའི་གཙོ་གནད་ནི་རྨང་གཞི་བརྟན་པོ་བཙུགས་པ་དང་ཀ་གདུང་ཡག་པོ་བསྒྲིགས་པ། དུས་མཚམས་དཀྱིལ་མའི་གཙོ་གནད་ནི་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་བྱས་པ། ད་ལྟའི་ཤུགས་རྒྱག་ས་དེ་མ་ལག་ཀུན་འདུས་དང་མཐུན་སྦྱོར་ནུས་མཐོའི་ཐོག་འཇོག་དགོས་ཤིང་། ལོ་འདི་དག་ནང་ང་ཚོས་ལམ་སྲོལ་རང་བཞིན་གྱི་འགལ་རྐྱེན་དང་སྒྲིག་གཞིའི་རང་བཞིན་གྱི་བཀག་རྒྱ་སེལ་རྒྱུ་དང་། སྲིད་ཇུས་རང་བཞིན་གྱི་གསར་གཏོད་བྱ་རྒྱུ་སོགས་ཀྱི་ཐད་ཐོབ་པའི་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་ཚང་དང་གཏན་འཁེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་ཞེས་ནན་སྟོན་གནང་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
        གྲོས་ཚོགས་ཐོག སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་དང་། གོང་འཕེལ་གྱི་ཁོར་ཡུག་དེ་བས་ཡག་པ་གཏོད་ནས་དམངས་གཉེར་ཁེ་ལས་ཀྱི་བསྒྱུར་བཅོས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར། ཉོ་ཚོང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣའི་སྤྱི་ཚོགས་རང་བཞིན་གྱི་ཁོར་རྒྱུག་ལམ་སྲོལ་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་སྔར་བས་ཡག་པ་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག ཞིང་ལས་ཐོན་རྫས་གལ་ཆེ་རིགས་འགན་སྲུང་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ལ་གཅིག་གྱུར་ལྟ་སྐུལ་དོ་དམ་བྱ་རྒྱུའི་ལས་ཀའི་ཇུས་གཞི། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱབ་ནས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར། སྦགས་མེད་འཚོ་བ་གསར་གཏོད་བྱ་སྤྱོད་ཀྱི་སྤྱིའི་ཇུས་གཞི། གཞུང་ཁོངས་དངུལ་རྩའི་མ་དངུལ་གཏོང་མཁན་གྱི་འགན་འཁྲིའི་གནས་སྐབས་ལག་བསྟར་གཏན་འབེབས། འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་རེད།
        གྲོས་ཚོགས་ཐོག སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུ་ནི་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དང་། དེང་རབས་ཐོན་ལས་མ་ལག་གསོ་སྤེལ་བྱ་རྒྱུ། སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བ་བྱ་རྒྱུ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན། ལག་རྩལ་གསར་བརྗེ་དང་ཐོན་ལས་བརྗེ་སྒྱུར། འཛད་སྤྱོད་རིམ་འཕར་བཅས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། ལས་སྒོའི་འབྲེལ་བ་དང་། འབྲེལ་ཐག་སྣོར་བསྲིངས། ལག་རྩལ་ཞིབ་འཇུག་བཅས་གཏིང་ཟབ་ཏུ་གཏོང་བ་དང་། ལས་རྣམ་གསར་པ་དང་མ་དཔེ་གསར་པ། ཐབས་ལམ་གསར་པ་བཅས་འཚོལ་ཞིབ་བྱེད་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་ཡུན་རིང་ཐུབ་པ་དང་མཐུན་འགྱུར་མཉམ་འཚོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
        གྲོས་ཚོགས་ཐོག དམངས་གཉེར་ཁེ་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། འགྱུར་བ་ཅི་ཡང་མེད་པ་གཉིས་རྒྱུན་འཁྱོངས་བྱས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། ལམ་ལུགས་ཅན་བཅས་ཀྱི་ཡུན་རིང་བརྟན་ལྷིང་གི་གོང་འཕེལ་ཁོར་ཡུག་གཏོད་དགོས་པ་དང་། དབང་བའི་ལམ་ལུགས་ཁག་གི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་ངང་ཐོན་སྐྱེད་རྒྱུ་ཆ་བེད་སྤྱོད་དང་། ཡོངས་བསྒྲགས་དང་གཞུང་དྲང་དྲང་བདེན་བཅས་ཀྱི་སྒོ་ནས་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། འདྲ་མཉམ་ངང་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཐུབ་པ་བཅས་འགན་ལེན་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་བསྒྱུར་བཅོས་གསར་གཏོད་དང་རྣམ་པ་བརྗེ་འགྱུར་དང་རིམ་འཕར། སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
        གྲོས་ཚོགས་ཐོག ཉོ་ཚོང་གི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་སྐྲུན། མ་དཔེ་དང་ལས་རྣམ་གསར་གཏོད་བཅས་ལ་ཤུགས་སྣོན་རྒྱབ་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་གཙོ་གནད་བྱས་ཏེ། ཉོ་ཚོང་གི་གྲུབ་གཞི་ལེགས་སུ་ཤུགས་ཆེན་གཏོང་བ་དང་། ནང་འདྲེན་དང་ཕྱིར་གཏོང་། དངོས་ཟོག་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་། ཉོ་ཚོང་དང་ཕྱོགས་གཉིས་མ་འཇོག ཉོ་ཚོང་དང་ཐོན་ལས་མཐུན་སྦྱོར་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་རྒྱུ་ཆ་གོ་རིམ་ལྡན་པའི་ངང་རང་མོས་ཁོར་རྒྱུག་དང་ཐོན་ཁུངས་ཆ་སྦྱོར་གྱི་ནུས་པ་ཆེ་བ། ཁྲོམ་ར་མཉམ་འདྲེས་གཏིང་ཟབ་ཐུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
        གྲོས་ཚོགས་ཐོག་ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཡིན་པ་དང་། མིའི་ཁྱོན་ཡོངས་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣའི་འཁོར་རྒྱུག་ལ་འགོག་རྐྱེན་བཟོ་བའི་སྒྲིག་གཞི་དང་ལམ་ལུགས་ཀྱི་ཞན་ཆ་སེལ་ནས་འཁོར་རྒྱུག་གི་གོ་སྐབས་གཏོད་པ་དང་། འཁོར་རྒྱུག་གི་ཐབས་ལམ་ཤར་གཏོང་ཐུབ་པ། འཁོར་རྒྱུག་གི་བར་ཁམས་རྒྱ་སྐྱེད་གཏོང་བ། མ་མཐའི་འགན་སྲུང་སྒྲིག་གཞི་འཐུས་ཚང་བཟོས་ཏེ། མི་ཚང་མས་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་རང་ངོས་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པར་གོ་སྐབས་ལྡན་པ་བྱེད་དགོས་པའི་ནན་སྟོན་བྱས་ཡོད།
        གྲོས་ཚོགས་ཐོག་དགེ་རྒན་གྱིས་ཀུན་སྤྱོད་བཟང་པོས་མི་སྣ་སྐྱོང་བ་དང་དཔེ་ཁྲིད་ལ་བརྟེན་ནས་མི་སྣ་སྐྱོང་བའི་འགན་འཁྲི་དང་ལས་སྒོ་གཙོ་བོར་གཞིགས་ཏེ། རིགས་དབྱེ་ནས་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ། ལྟ་ཞིབ་དང་ཞིབ་བཤེར་གྱི་དཔྱད་བསྡུར་དཔྱད་ཞིབ་དང་། སྤྱི་ཚོགས་ཀྱི་བྱ་དོན་སློབ་གྲྭའི་ནང་བསྐྱོད་པ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སྐོང་འཐེན་སོགས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱེད་པ། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་བྱ་དོན་གཙང་སེལ་དང་ཚད་ལྡན་ནན་པོ་བཟོ་བ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས་བློ་རྩེ་གཅིག་སྒྲིམ་ངང་སློབ་ཁྲིད་དང་སེམས་རྣལ་ལ་ཕབ་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་ཚད་གཞི་འགན་སྲུང་བྱེད་པ་དང་། གྲངས་ཚད་དང་སྤུས་ཚད་གཉིས་ཀ་གལ་ཆེ་མཉམ་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། སྣ་ཁ་དབྱེ་ནས་འགན་སྲུང་བྱེད་པ། མཁོ་སྤྲོད་ཀྱི་སྤྱི་འབོར་ཇེ་མང་དུ་གཏོང་བ། མཁོ་སྤྲོད་ཀྱི་གྲུབ་གཞི་ལེགས་སྒྱུར་བྱེད་པ། མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཞིང་ལས་ཐོན་རྫས་གྲབས་གསོག་དང་ལས་སྣོན་ལས་རིགས་གོང་འཕེལ་སྙོམ་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་པ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་བཟོ་བ། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པ། བདེ་འཇགས་ལས་ཆོད་ཆེ་བ་བཅས་ཀྱི་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཀྱི་འགན་སྲུང་མ་ལག་བསྐྲུན་དགོས་ཞེས་ནན་སྟོན་བྱས་ཡོད།
        གྲོས་ཚོགས་ཐོག་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ནི་དངུལ་རྩའི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ། ལས་ཆོད་མཐོ་བ་བཅས་ཀྱི་ཐོག་ནས་འཁོར་སྐྱོད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་འགན་ལེན་ཡིན་པ་དང་། སྤྱི་ཁོག་ལ་དོ་དམ་གཟབ་ནན་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཡིན། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་གཅིག་གྱུར་འཆར་འགོད་དང་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་དོ་དམ་གྱི་ཚད་གཞི་གཅིག་གྱུར་བཟོ་བ། ཞུགས་དབང་དོ་དམ་འཐུས་ཚང་བཟོ་བ། སྒྲིག་བཀོད་བཀོད་སྒྲིག་ལེགས་སུ་གཏོང་བ། བཅོས་སྐྱོང་གྲུབ་གཞི་འཐུས་ཚང་བཟོ་བ་བཅས་ཀྱི་ཐོག་ནས་བཀོད་སྒྲིག་ལུགས་མཐུན་དང་བཅོས་སྐྱོང་ཕན་ནུས་ལྡན་པ། སྔོན་ཐོན་བློས་འགེལ་ཐུབ་པ། སྐབས་བསྟུན་རང་བཞིན་གྱིས་ཕྱུག་པ་བཅས་ཀྱི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་མ་ལག་འགྲུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཚན་རྩལ་གསར་སྐྲུན་གྱི་འདེགས་སྐྱོར་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། འགོ་འཛུགས་ས་མཐོ་པོའི་འཆར་འགོད་དང་། ཆུ་ཚད་མཐོ་བའི་འཛུགས་སྐྲུན། རིག་ནུས་མཐོ་བའི་ཉེར་སྤྱོད། མཉམ་སྤྱོད་མཐོ་བའི་གོང་འཕེལ་བཅས་ལ་སྣང་ཆེན་བྱེད་པ། རིགས་མི་འདྲ་བའི་གསར་སྐྲུན་ཐོན་ཁུངས་གཅིག་སྡུད་བྱེད་པ། རྨང་གཞིའི་ཞིབ་འཇུག་དང་། འགག་རྩའི་ལག་རྩལ་གྱི་ཞིབ་འཇུག ཆེད་སྤྱོད་སྒྲིག་ཆས་དང་ཉེར་སྤྱོད་དཔེ་སྟོན་ཞིབ་འཇུག་བཅས་ལ་ཤུགས་སྣོན་རྒྱག་པ། རིག་ནུས་ཅན་གྱི་འཛུགས་སྐྱོང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་བཅོས་སྐྱོང་ནུས་པ་ཤུགས་ཆེར་གཏོང་དགོས་པ་བཅས་ཀྱི་ནན་སྟོན་གནང་ཡོད།
        གྲོས་ཚོགས་ཐོག་སྟབས་བདེ་ལ་ཚད་རན་པ་དང་སྦགས་མེད་ཐན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་། མ་ལག་ཚང་བའི་སྒོ་ནས་སྐུལ་འདེད་དང་། རྒྱ་ཁྱབ་ཏུ་ཐེ་ཞུགས། གཙོ་གནད་འབུར་ཐོན། རིགས་དབྱེའི་སྲིད་ཇུས་ལག་བསྟར་བཅས་ཀྱི་རྩ་དོན་གཞིར་བཟུང་། གྲོན་ཆུང་རྣམ་པའི་ལས་ཁུངས་དང་། སྦགས་མེད་ཁྱིམ་ཚང་། སྦགས་མེད་སློབ་གྲྭ སྦགས་མེད་སྡེ་ཁུལ། སྦགས་མེད་འགྲུལ་བཞུད། སྦགས་མེད་ཚོང་ར། སྦགས་མེད་འཛུགས་སྐྲུན་སོགས་གསར་འཛུགས་བྱ་སྤྱོད་སྤེལ་བ་དང་། གནོད་མེད་འཚོ་བ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གནོད་མེད་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། གནོད་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག་གཞུང་ཁོངས་དངུལ་རྩའི་མ་རྩའི་དོ་དམ་ལ་ཤུགས་སྣོན་དང་། གཅིག་གྱུར་གྱི་མ་དངུལ་གཏོང་མཁན་གྱི་ལམ་ལུགས་འཛུགས་དགོས། མ་རྩར་དོ་དམ་བྱ་རྒྱུས་གཙོ་བོ་དང་། ཁྲོམ་ར་ཅན་དང་གཟབ་ནན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་མ་དངུལ་གཏོང་མཁན་དང་མངགས་བཅོལ་བྱ་ཡུལ་གྱི་འགན་འཁྲི་གསལ་པོ་བཟོ་བ། དངུལ་རྩའི་ལས་ཁུངས་ཀྱི་གཞུང་ཁོངས་མ་རྩའི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན། འགན་འཁྲི་བདའ་འདེད་ལམ་ལུགས་འཐུས་ཚང་བཟོ་བ། དེང་རབས་དངུལ་རྩའི་ཁེ་ལས་ལམ་ལུགས་དང་གཞུང་ཁོངས་དངུལ་རྩའི་མ་རྩའི་དོ་དམ་ལམ་ལུགས་འཐུས་ཚང་བཟོ་བ་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
        གྲོས་ཚོགས་ཐོག་འགྱིག་ཆས་ཀྱི་སྦགས་བཙོག་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ། འགྱིག་གིས་བཟོས་པའི་ཐོན་རྫས་ཁག་གཅིག་ཐོན་སྐྱེད་དང་བྲིན་འཚོང་། བེད་སྤྱོད་བཅས་བྱེད་པར་གོ་རིམ་ལྡན་པའི་ངང་གཏན་འགོག་དང་ཚད་བཀག་བཟོ་བ། སླར་ཡང་བེད་སྤྱོད་གཏོང་ཆོག་པ་དང་ཕྱིར་བསྡུ་བྱེད་སླ་བ། འབེབས་འབྱེད་ཆོག་པ་བཅས་ཀྱི་ཚབ་བྱེད་ཐོན་རྫས་ཁྱབ་གདལ་ཧུར་ཐག་གཏོང་བ། སྦགས་མེད་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། འགྱིག་ཆས་སྙིགས་རོ་ཕྱིར་བསྡུ་དང་བེད་སྤྱོད་ཚད་ལྡན་བཟོ་བ། ལྷུ་ཚིགས་ཁག་གི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འགྱིག་ཆས་ཀྱི་སྦགས་བཙོག་ནུས་ལྡན་དང་གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་ཐོག་ནས་བཅོས་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་ལམ་ལུགས་རང་བཞིན་གྱི་བང་རིམ་ཟབ་པའི་འགོག་རྐྱེན་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱས་པ་དང་། སྒྲིག་གཞི་གལ་ཆེན་གྱི་བསྒྱུར་བཅོས་རབ་དང་རིམ་པར་སྐུལ་འདེད་བཏང་བ། གྲུབ་གཞིའི་རང་བཞིན་གྱི་འགལ་ཟླ་ཁག་གཅིག་ཐག་གཅོད་ནུས་ལྡན་བྱས་པས་ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་མ་ལག་རང་བཞིན་གྱི་བསྐྱར་གསོ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་གྲུབ་བཅས་ཐུབ་ཡོད། ང་ཚོས་ནང་རྐྱེན་རང་བཞིན་གྱི་འགོག་རྐྱེན་གནད་དོན་ཁྱད་བསད་བྱ་རྒྱུར་སྣང་ཆེན་བྱས་པས་འགག་གནད་དང་དཀའ་གནད་མང་པོ་ཞིག་སེལ་ཐུབ་པ་དང་། སྤྱི་ཚོགས་ཡོངས་ཀྱི་གོང་འཕེལ་གྱི་གསོན་ཤུགས་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་ཡོད། ང་ཚོས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་ནས་འགོ་འཛུགས་རྒྱུར་སྣང་ཆེན་བྱས་ནས་མང་ཚོགས་ཀྱི་ཉེ་འགྲམ་གནད་དོན་ལ་བསྒྱུར་བཅོས་བྱེད་པ་ནས་འགོ་བཙུགས་ཏེ། འོས་འཚམ་སྐབས་སུ་ཁྱབ་རྒྱ་ཆུང་བ་དང་ཕན་འབྲས་ཐོན་མགྱོགས་པའི་སྲིད་ཇུས་རང་བཞིན་གྱི་གསར་སྐྲུན་ཁག་གཅིག་ལག་བསྟར་བྱས་པས་དམངས་ཀྱི་འཚོ་བའི་ཁྱབ་ཁོངས་ནང་གི་སེམས་ཁྲལ་དང་རྙོག་གྲ་མང་པོ་ཞིག་ཐག་གཅོད་ཐུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་ཤུགས་ཆེར་སོང་ཡོད།
        ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་བཏོན་པའི་བསྒྱུར་བཅོས་གལ་ཆེན་རབ་དང་རིམ་པར་ལེགས་སྒྲིག་ནན་ཏན་བྱས་པ་དང་། ལམ་ལུགས་ཀྱི་བསྒྱུར་བཅོས་དང་ལམ་ལུགས་ཀྱི་འཁོར་རྒྱུག་ལ་གཅིག་གྱུར་འཆར་འགོད་བྱས་པ། མཐོ་རིམ་ཇུས་འགོད་དང་རིགས་དབྱེའི་སྦྲེལ་མཐུད་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པ། གཡས་གཡོན་རྒྱབ་མདུན་དང་ཕྱོགས་གང་ཅིའི་ཐད་ཀྱི་ཆ་སྦྱོར་ལས་དོན་ཡག་པོ་བསྒྲུབས་པ། ལས་དོན་ཁག་གི་བསྒྱུར་བཅོས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་གྱིས་ལས་དོན་ཁག་གི་བསྒྱུར་བཅོས་ཕན་ཚུན་སྤེལ་ཟླར་འགྱུར་བ་དང་། ཕན་འབྲས་བཟང་པོ་ཐོན་པ་བྱས་ནས་ལམ་ལུགས་ཀྱི་བཟང་ཆ་དེ་བཅོས་སྐྱོང་ཕན་འབྲས་ལ་བརྗེ་སྒྱུར་བྱས་ཡོད་ཅེས་ནན་སྟོན་བྱས་ཡོད།
        ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།