དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་རྒྱལ་ཁ་ཐོབ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་པ་སྤེལ་བ།

སྤེལ་དུས 2020-03-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཚེས་16ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་དྲུག་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་པ་སྤེལ་ཡོད།
          རྩོམ་ཡིག་ནང་། མིའི་རིགས་ཀྱིས་ནད་གཞི་དང་འཐབ་རྩོད་བྱེད་པའི་མཚོན་ཆ་ནུས་ལྡན་ནི་ཚན་རིག་ལག་རྩལ་ཡིན་པ་དང་། མིའི་རིགས་འདི་ཉིད་གནོད་འཚེ་ཆེན་པོ་དང་ནད་ཡམས་ཆེན་པོ་ལས་རྣམ་པར་རྒྱལ་བ་བྱེད་པར་ཚན་རིག་གོང་འཕེལ་དང་ལག་རྩལ་གསར་སྐྲུན་དང་ཁ་བྲལ་ཐབས་མེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་གཏོར་དེ་ཚན་རྩལ་འཐབ་ཕྱོགས་ཀྱི་གལ་ཆེ་ལ་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན་པའི་ངོས་ནས། རིག་ཚན་མང་པོའི་སྟོབས་ཤུགས་གཅིག་སྡུད་དང་། གཅིག་གྱུར་འགོ་ཁྲིད། མཐུན་སྦྱོར་སྐུལ་འདེད། ཚན་རིག་རང་བཞིན་དང་བདེ་འཇགས་རང་བཞིན་འགན་ལེན་བྱས་པའི་རྨང་གཞིའི་སྟེང་ཞིབ་བཟོའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་དཀའ་གནད་གནད་དོན་གང་མགྱོགས་སེལ་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ཐོབ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          རྩོམ་ཡིག་ནང་། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཞིབ་བཟོ་དང་ནད་ཐོག་སྐྱོབ་བཅོས་གཉིས་ཟུང་སྦྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ནད་པ་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་འཆི་ཚད་ཉུང་དུ་གཏོང་དགོས། ནད་ཤུགས་ཡོད་རྒུས་ནད་པ་དེ་བས་མང་བའི་ཚེ་སྲོག་སྐྱོབ་རྒྱུ་དེ་མིག་སྔར་ཁ་ཚ་དགོས་གཏུག་དང་གལ་ཆེན་ནང་གི་གལ་ཆེར་འཛིན་དགོས། ཚན་ཞིབ་འགག་གཏོར་བྱེད་སྐབས་ཉེན་ལྕིའི་ནད་པ་སྐྱོབ་བཅོས་བྱ་རྒྱུ་དེ་དོན་དག་གལ་ཆེ་ཤོས་ལ་བརྩིས་ཏེ། ཚན་ཞིབ་འགག་གཏོར་ལ་འདེགས་སྐྱོར་དང་ འཐབ་ས་མདུན་པའི་སྐྱོབ་བཅོས་ལ་ཞབས་ཞུ་བསྒྲུབ་རྒྱུ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནད་ཐོག་ཞིབ་འཇུག་དང་ནད་ཐོག་སྐྱོབ་བཅོས་གཉིས་མཐུན་སྦྱོར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་ཞིབ་གྲུབ་འབྲས་དེ་བས་མང་བ་ནད་ཐོག་གི་འཐབ་ས་མདུན་མར་ཕྱོགས་ལྷུང་བྱེད་དགོས། སྨན་རྫས་ཞིབ་བཟོའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་སྦྲེལ་དང་། ཀྲུང་ལུགས་སྨན་རྫས་དང་ཕྱི་ལུགས་སྨན་རྫས་མཉམ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིབ་བཟོ་དང་བདམས་ཟིན་པའི་ནུས་ལྡན་སྨན་རྫས་གང་མགྱོགས་ཁྱབ་གདལ་དང་བེད་སྤྱོད་གཏོང་བ་དང་ཆབས་ཅིག་འཐབ་ས་མདུན་མའི་སྐྱོབ་བཅོས་ཀྱི་དགོས་མཁོ་ལྟར་སླར་ཡང་ནུས་པ་ཡོད་པའི་སྨན་རྫས་ཁག་གཅིག་འདེམས་པ་དང་། སྐྱོབ་བཅོས་ཐབས་ལམ་གསར་པ་འཚོལ་བ། ནུས་ཤུགས་གང་ཡོད་ཀྱིས་ནད་ཚབས་ཡང་བ་རྣམས་ནད་ཚབས་ལྕི་པོར་འགྱུར་རྒྱུ་བཀག་འགོག་གང་ཐུབ་བྱས་ཏེ། དྲག་སྐྱེད་བྱུང་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། དྲག་སྐྱེད་འབྱུང་བཞིན་པའི་ཁྲག་ཁུ་དང་། ཕྲ་ཕུང་ཨ་མ། རྒྱུས་བཤུས་རྐྱང་པའི་འགོག་གཟུགས་སོགས་སྔོན་ཐོན་སྨན་བཅོས་བྱ་ཐབས་སྤྱད་དེ་ནད་ཚབས་ལྕི་བ་དང་ཉེན་ལྕིའི་ནད་པའི་སྐྱོབ་བཅོས་ཆུ་ཚད་མཐོ་རུ་གཏོང་བ་དང་ནད་པ་འཆི་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བསྟན་ཡོད།
          རྩོམ་ཡིག་ནང་། རིམས་འགོག་སྨན་རྫས་ཞིབ་བཟོ་དང་ཐོན་ལས་ཅན་གྱི་འབྲེལ་ཐག་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་སྐབས་ཐོན་བཟོ་ཡོད་པའི་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གྲ་སྒྲིག་བྱེད་དགོས། རིམས་འགོག་སྨན་རྫས་འདི་ཉིད་བདེ་ཐང་གི་མིར་བཀོལ་སྤྱོད་བྱེད་པའི་དམིགས་བསལ་ཐོན་རྫས་ཡིན་པའི་ངོས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་གལ་འགངས་ཆེ་ལ་བདེ་འཇགས་རང་བཞིན་གྱི་བླང་བྱ་ཡང་ཨང་དང་པོར་འཇོག་དགོས། ད་ཡོད་ཀྱི་ལག་རྩལ་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རིམས་འགོག་སྨན་རྫས་ཞིབ་བཟོ་ཇེ་མགྱོགས་སུ་གཏོང་བ་དང་ཆབས་ཅིག་ཕྱི་རྒྱལ་གྱི་ཞིབ་བཟོའི་འཕེལ་རིམ་ལ་རྗེས་འདེད་ནན་པོ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རིམས་འགོག་སྨན་རྫས་ཀྱི་ནད་ཐོག་ཚོད་ལྟ་དང་ཁྲོམ་རའི་ཐོག་བཏོན་ནས་བཀོལ་སྤྱོད་གང་སྔ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་གཙོ་གཟུགས་དང་ཐོན་སློབ་ཞིབ་གསུམ་ཟུང་དུ་འབྲེལ་བའི་རིམས་འགོག་སྨན་རྫས་ཞིབ་བཟོ་དང་ཐོན་ལས་ཅན་གྱི་མ་ལག་གང་མགྱོགས་འཛུགས་པ་དང་། རྒྱལ་ཁབ་ཀྱི་རིམས་འགོག་སྨན་རྫས་གྲབས་གསོག་ལམ་ལུགས་འཛུགས་དགོས་ཞེས་བསྟན་ཡོད།
          རྩོམ་ཡིག་ནང་། ནད་དུག་གི་འབྱུང་ཁུངས་དང་དེའི་འགོས་ལམ་ཞིབ་འཇུག་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ནད་དུག་གང་ནས་བྱུང་བ་དང་གང་དུ་འགོས་པ་གསལ་པོ་ཤེས་པ་བྱེད་དགོས། ནད་དུག་གི་སྤྲི་དཀར་དང་ཐེག་གཟུགས་མི་འདྲ་བའི་བར་གྱི་ཁྱད་ཆོས་བེད་སྤྱད་དེ་དོགས་ཡོད་སྲོག་ཆགས་དེ་ནད་དུག་གི་རྟེན་ས་ཡིན་བཟོ་ཡོད་པར་དཔྱད་དཔོག་བྱེད་པ། མི་ཐབས་ཀྱི་རིག་ནུས་དང་གྲངས་གཞི་ཆེན་མོ་སོགས་ལག་རྩལ་གསར་པར་བརྟེན་ནས་འགོས་ནད་རིག་པ་དང་འབྱུང་ཁུངས་ལ་བརྟག་ཞིབ་བྱས་ཏེ་གནད་ལ་འཕིགས་ཚད་དང་འཐེན་ཞིབ་ཀྱི་ལས་ཆོད་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།
          རྩོམ་ཡིག་ནང་། ནད་པ་དྲག་སྐྱེད་དང་ལོགས་སུ་བཀར་བའི་མང་ཚོགས་ལ་སེམས་ཁམས་གསོ་བའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ནད་པའི་སེམས་ཁམས་གསོ་བར་བརྒྱུད་རིམ་ངེས་ཅན་བརྒྱུད་དགོས། ནང་ལ་ལོགས་སུ་བཀར་བའི་མང་ཚོགས་དུས་ཡུན་རིང་པོ་ཕྱིན་ཚེ་སེམས་ཁམས་ཀྱི་གནད་དོན་ཅི་རིགས་ཐོན་སྲིད། ནད་གཞིས་རྐྱེན་གྱིས་གྲོངས་པའི་ནད་པའི་ནང་མིར་ཡང་སེམས་ཁམས་ཀྱི་ཁྲིད་སྟོན་བྱེད་པ་དང་། ཁོང་ཚོ་སེམས་ཁམས་བདེ་ཐང་ཡོང་རྒྱུར་མཐོང་ཆེན་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་གིས་སེམས་ཁམས་ཁྲིད་སྟོན་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།
          རྩོམ་ཡིག་ནང་། རྒྱུན་གཏན་དང་འཐབ་འཁྲུག་དུས་གཉིས་ཟུང་སྦྲེལ་བྱེད་པའི་ནད་གཞི་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་ཚན་ཞིབ་འགག་གཏོར་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། འགོས་ནད་ཚབས་ཆེན་དང་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་གོང་འཕེལ་དང་འབྲེལ་བ་ཡོད་ལ་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉེན་ཁའི་འགྲན་རྩོད་ཆེན་པོ་ཞིག་ཡིན། སྐྱེ་དངོས་བདེ་འཇགས་འདི་ཉིད་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ནམ་རྒྱུན་དང་འཐབ་འཁྲུག་དུས་གཉིས་ཟུང་སྦྲེལ་དང་། སྔོན་འགོག་དང་སྟབས་བསྟུན་ཟུང་སྦྲེལ། ཚན་ཞིབ་དང་སྐྱོབ་བཅོས་ཀྱི་སྔོན་འགོག་ཚོད་འཛིན་ཟུང་སྦྲེལ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ནད་གཞི་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་ཚན་ཞིབ་འགག་གཏོར་མ་ལག་དང་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་ཁག་གི་ཚན་ཞིབ་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། མ་ལག་ཅན་གྱི་འགོག་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས། འཐབ་ཇུས་ཇུས་འགོད་དང་སྔོན་མཐོང་བཀོད་སྒྲིག་ལ་ཤུགས་སྣོན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་བརྡའི་སྔོན་དཔག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། དུས་ཐོག་ཏུ་ཆ་འཕྲིན་ཤེས་རྟོགས་བྱེད་པ། དུས་ཐོག་ཏུ་ཁ་གཏད་གཅོག་ཐབས་བཟུང་དགོས། རིམས་ནད་འགོས་ཁྱབ་ཆེ་རུ་ཕྱིན་ནས་ཛ་དྲག་རྣམ་པར་སླེབས་རྗེས་ཀྱི་ཚན་ཞིབ་འགག་གཏོར་སོགས་ཐད་ཀྱི་བཀོད་འདོམས་དང་། བྱ་སྤྱོད། འགན་སྲུང་བཅས་ཀྱི་མ་ལག་འཛུགས་རྒྱུར་ཞིབ་འཇུག་བྱེད་པ་དང་། ནམ་རྒྱུན་ནས་སྟབས་བསྟུན་གྱི་བྱ་སྤྱོད་ཕྱོགས་སྟོན་གྲ་སྒྲིག་ཡག་པོ་བྱེད་པ། ཛ་དྲག་གནས་ཚུལ་འོག་འཕྲལ་མར་བྱ་སྤྱོད་བཟུང་དགོས་ཞེས་བསྟན་ཡོད།
          རྩོམ་ཡིག་ནང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱུན་འཁྱོངས་བྱེད་དགོས། ཡུལ་མི་གནས་སྡོད་ཁོར་ཡུག་ལེགས་བཅོས་དང་། ཟ་འཐུང་གོམས་གཤིས། སྤྱི་ཚོགས་ཀྱི་སེམས་ཁམས་བདེ་ཐང་། སྤྱི་པའི་འཕྲོད་བསྟེན་སྒྲིག་ཆས་སོགས་ཕྱོགས་མང་པོའི་ཐད་ལས་དོན་སྤེལ་དགོས་པ་དང་། ལྷག་པར་དུ་རི་སྐྱེས་སྲོག་ཆགས་ཟ་བའི་གོམས་གཤིས་ངན་པ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། དཔལ་ཡོན་དང་། བདེ་ཐང་། སྦགས་མེད་ཁོར་སྲུང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་ཞེས་བསྟན་ཡོད།
          རྩོམ་ཡིག་ནང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་གཏོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་འགྲན་རྩོད་ཡིན་པས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ཏེ་ཁ་གཏད་གཅོག་དགོས། མིག་སྔར། ཏོག་གསར་གློ་ཚད་རིམས་ནད་རྒྱལ་ཁབ་མང་པོར་ཐོན་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་གཏུག་སྤེལ་རེས་དང་། འབྲེལ་ཡོད་རྒྱལ་ཁབ་དང་ལྷག་པར་དུ་རིམས་ནད་ཐོན་མང་བའི་རྒྱལ་ཁབ་དང་འབྱུང་ཁུངས་དང་། སྨན་རྫས། རིམས་འགོག་སྨན་རྫས། ཞིབ་བཤེར་ཚན་ལེན་སོགས་ཐད་ཀྱི་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱས་པའི་སྔོན་འགྲོའི་འོག་ཚན་ཞིབ་གྲངས་གཞི་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་། ཁ་གཏད་གཅོག་ཐབས་ལ་མཉམ་དུ་ཞིབ་འཇུག་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།