དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་གྲོས་ཚོགས་གལ་ཆེན་ཞིག་གཙོ་སྐྱོང་གནང་བ།

སྤེལ་དུས 2020-03-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ། རྒྱལ་ཕྱི་རྒྱལ་ནང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གཙོ་གནད་ལས་དོན་ལ་གཅིག་གྱུར་འཆར་འགོད་ངང་དམ་འཛིན་ཡག་པོ་བྱ་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
          སྤྱི་ཟླ་3པའི་ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ། རྒྱལ་ཕྱི་རྒྱལ་ནང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གཙོ་གནད་ལས་དོན་ལ་གཅིག་གྱུར་འཆར་འགོད་ངང་དམ་འཛིན་ཡག་པོ་བྱ་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།
          ཞི་ཅིན་ཕིང་གིས། རྒྱལ་ཡོངས་གོང་འོག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་བབ་རྒྱུན་མཐུད་ལེགས་སུ་སོང་བ་དང་། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་གང་མགྱོགས་འགྲོ་ཚུལ་ཟམ་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་བྱུང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་རྒྱུར་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ་ང་ཚོར་ཡང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་མངའ་ཁོངས་ཕྱིའི་རིམས་ནད་འགོས་ཁྱབ་རྒྱ་ཆེར་འགྲོ་བ་དང་དེས་འཛམ་གླིང་དཔལ་འབྱོར་ལ་ཐེབས་པའི་ཕན་མེད་ཤུགས་རྐྱེན་གྱིས་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་གོང་འཕེལ་ལ་འགྲན་རྩོད་གསར་པ་བཟོས་ཡོད། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ལ་དུས་མཚམས་རང་བཞིན་གྱི་འགྱུར་བ་ཕྱིན་པ་ཁོང་དུ་ཡང་དག་ཆུད་པ་དང་། དུས་དང་རྣམ་པ་དང་བསྟུན་ནས་ལས་དོན་གྱི་ཤུགས་སྣོན་རྒྱག་ས་དང་ཁ་གཏད་གཅོག་ཐབས་ལེགས་སྒྲིག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་རྒྱུར་འགན་ལེན་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་གཏོར་བྱེད་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། དུས་མཚུངས་རྒྱལ་ཕྱི་རྒྱལ་ནང་གི་རིམས་ནད་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་རིག་པ་དྭངས་གསལ་སྒོ་ནས་མཐོང་ཐུབ་པ་བྱེད་དགོས། ཧུའུ་པེ་དང་ཝུའུ་ཧན་གྱི་སྨན་བཅོས་སྐྱོབ་བཅོས་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན། རྗེས་མཐུད་ལས་ཀའི་ལས་འགན་བཅས་སྔར་བཞིན་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བ་ཞིག་ཡོད། ས་ཁུལ་གཞན་དག་གི་མི་སྣའི་འཁོར་རྒྱུག་དང་རུབ་འདུས་ཆེ་རུ་ཕྱིན་པ་དེས་རིམས་ནད་བསྐྱར་ལོག་ཡོང་བའི་ཉེན་ཁ་སྔར་བཞིན་གནས་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་རིམས་ནད་འགོས་ཁྱབ་མགྱོགས་སུ་ཕྱིན་པ་དེས་ཕྱི་ནས་ནད་པ་ཡོང་བའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་དང་། དམ་འཛིན་ནན་པོ། དམ་འཛིན་ཚགས་ཚུད་པོ་བཅས་བྱེད་དགོས་པ་ལས་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་མཐུད་ལེགས་སུ་འགྲོ་བའི་དུས་བབ་ལ་འགོག་རྐྱེན་མི་བཟོ་བ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཤུགས་ཆེར་གཏོང་བ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་མཉམ་ལས་དམ་ཟབ་བྱེད་པ། གོ་ལ་ཧྲིལ་པོའི་རིམས་ནད་འགྱུར་བར་དབྱེ་ཞིབ་དང་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མངའ་ཁོངས་ཕྱི་ནས་ཡོང་མཁན་གྱི་ཉེན་ཁར་ཁ་གཏད་གཅོག་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་ཡོད་རྒྱལ་ཁབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྤེལ་རེས་མཉམ་ལས་ཤུགས་ཆེར་གཏོང་བ། མུ་མཐུད་རང་ནུས་ལ་དཔགས་པའི་རོགས་རམ་བྱེད་དགོས། མངའ་ཁོངས་ཕྱིར་ཡོད་པའི་རང་རྒྱལ་སྤྱི་དམངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་ཁག་ཡག་པོ་བསྒྲུབ་སྟེ། ཁོང་ཚོའི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          གྲོས་ཚོགས་ཐོག་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཚན་རིག་དང་མཐུན་པ་དང་གནད་ལ་འཕིགས་པོས་བསྒྲུབ་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་སྔོན་མ་ལྟར་རྒྱུན་འཁྱོངས་བྱེད་པ་དང་། ངར་ཤུགས་གཅིག་སྒྲིམ་བྱེད་པ། ཧུའུ་པེའི་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་གྱི་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། མུ་མཐུད་སྨན་བཅོས་རོགས་སྐྱོབ་ལ་ཤུགས་སྣོན་དང་། ནད་ཚབས་ལྕི་བའི་ནད་པ་ཆུ་ཚད་མཐོ་བའི་གནས་གཏན་འཁེལ་སྨན་ཁང་དུ་གཅིག་སྡུད་བྱེད་པ་དང་། དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་ནད་གཞིས་རྐྱེན་པས་གྲོངས་ཚད་ཉུང་དུ་འགྲོ་རྒྱུར་ཤུགས་སྣོན་རྒྱག་དགོས། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམས་ནད་མེད་པའི་སྡེ་ཁུལ་གྱི་གྲོང་མིའི་བྱེད་སྒོ་སྤེལ་ས་གོ་རིམ་ལྡན་པའི་ངང་རྒྱ་ཆེར་གཏོང་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་རིམ་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་། ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་གཞན་དག་གིས་བརྟན་ལ་གོ་རིམ་ལྡན་པའི་ངང་དོ་དམ་ཚོད་འཛིན་བྱ་ཐབས་མེད་པ་བཟོ་དགོས། ཧུའུ་པེ་ཞིང་ཆེན་གྱིས་འབྲེལ་ཡོད་ཞིང་ཆེན་དང་རང་རྟོགས་ངང་འབྲེལ་མཐུད་བྱས་ཏེ། གཅིག་ལ་གཅིག་གཏད་དང་གཅིག་འཐུས་རྣམ་པའི་ཐོག་ནས་ལས་གནས་ཐོག་ལོག་མཁན་དང་ཧུའུ་པེ་རུ་ལུས་པའི་ས་ཆ་གཞན་དག་གི་མི་སྣ་རང་ཡུལ་དུ་ལོག་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ། མི་སྣ་སླེབས་སའི་ས་ཁུལ་གྱིས་ས་ཁོངས་དེའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། མི་ཆོས་རིག་གནས་ཀྱི་ཐུགས་ཁུར་ཤུགས་ཆེར་གཏོང་བ་དང་། སེམས་ཁམས་མཛུབ་ཁྲིད་སྒྲིག་འཛུགས་བྱེད་པ། རིམས་ནད་ཀྱི་རྗེས་མཐུད་ལས་དོན་བརྟན་པོའི་ངང་ཡག་པོ་བསྒྲུབ་པ། སྤྱི་ཚོགས་ཀྱི་འགན་ཟླ་སྔོན་འགོག་དང་སེལ་བའི་ལས་དོན་སྒྲུབ་དགོས། པེ་ཅིང་སོགས་གཙོ་གནད་ས་ཁུལ་གཞན་དག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་འབུར་དུ་ཐོན་པ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལེགས་སུ་གཏོང་བ། སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་པ། དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཤུགས་ཆེར་གཏོང་དགོས་པ་བཅས་ཀྱི་ནན་སྟོན་གནང་ཡོད།
          གྲོས་ཚོགས་ཐོག་ཕྱི་ནས་ནང་དུ་འཛུལ་མཁན་སྔོན་འགོག་བྱེད་པའི་གཙོ་གནད་ལས་འགན་དོན་འཁྱོལ་དང་། གྲངས་གཞི་མཉམ་སྤྱོད་དང་ཆ་འཕྲིན་བརྡ་ཁྱབ། མངའ་ཁོངས་ནང་འཛུལ་མཁན་མི་སྣར་ཞིབ་བཤེར་བྱེད་པ་བཅས་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། མཁའ་སྐྱོད་སྐྱེལ་འདྲེན་དང་། འགག་སྒོའི་རིམས་བཤེར། དམིགས་སར་སྐྱེལ་བ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བཅས་བར་ལྷུ་ཚིགས་དམ་པོ་ཆགས་པ་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་བར་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་མཐུན་སྦྱོར་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། མཉམ་འབྲེལ་ཐོག་ཚན་ཞིབ་འགག་གཏོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
          གྲོས་ཚོགས་ཐོག རྒྱལ་ཁབ་ཕྱི་ནང་གི་ཤུགས་རྐྱེན་མང་པོའི་དབང་གིས་མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་ཆག་འགྲོ་བའི་གནོན་ཤུགས་མུ་མཐུད་ཇེ་ཆེར་འགྲོ་བཞིན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁ་ཚ་དགོས་གཏུག་གི་བསམ་པ་ཤུགས་ཆེར་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཁོར་རྒྱུག་སྒྲིག་ལམ་གང་མགྱོགས་འཛུགས་པ། ཁེ་ལས་དང་བྱ་གཞག་ཚན་པས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་གོ་རིམ་དང་ལྡན་པའི་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ཞིང་ཆེན་མངའ་ཁོངས་ཀྱིས་སྡེ་ཚན་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་སྒྲིག་ལམ་སླར་གསོ་ཐུབ་པ་བྱེད་དགོས། ཁོངས་གཏོགས་ཀྱི་རྫོང་དང་ཁུལ་ཚང་མ་ཉེན་ཁ་ཅུང་ཆུང་བའི་ཞིང་ཆེན་ཡིན་ཕྱིན་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས། ཧུའུ་པེ་དང་པེ་ཅིང་ཕུད། དེ་མིན་གྱི་ཞིང་ཆེན་ནང་ཁོངས་སུ་སྔར་བཞིན་ཉེན་ཁ་ཡོད་པའི་རྫོང་དང་ཁུལ་སོགས་ཡོད་པའི་ཞིང་ཆེན་གྱིས་གནད་ལ་འཕིགས་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་བཟུང་ནས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས། ཉེན་ཁ་ཆུང་བའི་ས་ཁུལ་བར་མི་སྣ་དང་དངོས་ཟོག་འཁོར་རྒྱུག་བྱེད་སྐབས་རྒྱལ་ཡོངས་ཀུན་གྱི་ཁས་ལེན་ཐོབ་པའི་དགོས་ངེས་ཀྱི་བདེ་ཐང་དཔང་ཡིག་བཟོས་ནས་བཀག་རྒྱ་མི་བཟོ་བ་དང་མི་སྣར་ལོགས་དབྱེའི་བྱ་ཐབས་བཟུང་རྒྱུ་མེད། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་ལས་ཆོད་མཐོ་རུ་གཏོང་དགོས་པ་དང་། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་དང་མ་དངུལ། མ་བཅོས་རྒྱུ་ཆ་སོགས་ཀྱི་མཁོ་སྤྲོད་དགོས་མཁོར་གཞིགས་ཏེ་དམིགས་བཙུགས་རང་བཞིན་ལྡན་པའི་སྒོ་ནས་གནད་འཕིགས་བྱ་ཐབས་བཟུང་དགོས། བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། གན་རྒྱ་ལག་བསྟར་དང་ཁེ་ལས་ཀྱི་བུ་ལོན། ངལ་རྩོལ་དང་མ་རྩ་གཏོང་མཁན་བར་གྱི་འབྲེལ་བ་སོགས་ཀྱི་རྩོད་གཞི་དུས་ཐོག་ཏུ་སེལ་དགོས་ཞེས་བསྟན་ཡོད།
          གྲོས་ཚོགས་ཐོག རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ལ་བརྡར་གཅོད་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་གྱིས་དམིགས་བཙུགས་རང་བཞིན་ལྡན་པའི་སྲིད་ཇུས་བྱ་ཐབས་དུས་ཐོག་ཏུ་བཟུང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཉིས་མཉམ་དུ་དམ་འཛིན་བྱེད་དགོས་པ་དང་། རིམས་འགོག་བྱ་ཐབས་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་འོག་ཚོང་དོན་མི་སྣའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་དགོས་པ་དང་། རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱེད་པ། ཚོང་འགུག་མ་འདྲེན་དང་འགྲེམས་ཚོགས་ཞབས་ཞུ་སོགས་ཀྱི་མ་དཔེ་གསར་གཏོད་བཅས་བྱས་ནས་རིགས་ཁག་གི་དཔལ་འབྱོར་ཉོ་ཚོང་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
          གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་གནང་ཡོད་པ་རེད།