དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

མདང་ནུབ། ཞི་ཅིན་ཕིང་གིས་ཁོང་རྣམ་པར་ཞལ་པར་བསྐྱོན་འདུག

སྤེལ་དུས 2020-03-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས23ཉིན་གྱི་དགོང་མོ་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཤུན། ཨེ་ཅེབ་ཀྱི་ཙུང་ཐུང་སའེ་ཞི་བཅས་ལ་ཞལ་པར་བསྐྱོན་པ་རེད།
          ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་ལ་ཞལ་པར་བསྐྱོན་སྐབས། ཞི་ཅིན་ཕིང་གིས། ད་ལོའི་ཟླ་བ་དང་པོ་ཤར་ཚུན། ཏོག་གསར་གློ་ཚད་ཀྱི་ནད་ཡམས་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ། ང་རང་དང་ཙུང་ཐུང་སྐུ་ཞབས་དབར་ཁ་པར་རྒྱག་རེས་ཐེངས་གསུམ་བྱས་པ་དང་། དེའི་ཐོག་ནས་ང་ཚོ་ཕན་ཚུན་བར་ཡིད་ཆེས་ཆེན་པོ་བྱེད་པ་དང་། དེ་བཞིན་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཆུ་ཚད་མཐོ་པོ་ཡོད་པ་དེ་མཚོན་ཡོད། རྒྱལ་ཁབ་གཉིས་པོས་ཕན་ཚུན་བར་བརྩེ་འཆང་རོགས་རེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གྱིས། ཕན་ཚུན་བར་སྨན་བཅོས་རིམས་འགོག་དངོས་ཟོག་རོགས་སྐྱོར་བྱེད་རེས་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་ནས་ཕན་ཚུན་བར་རོགས་རེས་དང་། མཉམ་དུ་དཀའ་ངལ་ཁྱད་བསད་བྱ་རྒྱུར་མིག་དཔེ་བསྟན་ཡོད། ང་རང་ནས་མིག་སྔའི་ཡོ་རོབ་གླིང་དང་ཧྥ་རན་སིའི་ནད་ཡམས་ཁྱབ་ཚུལ་ཐད་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཧྥ་རན་སིས་མིག་སྔར་ཕན་འབྲས་ལྡན་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་རབ་དང་རིམ་པ་སྤྱོད་བཞིན་ཡོད། ང་རང་ནས་ཧྥ་རན་སིའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་མ་ཟད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་ཧྥ་རན་སི་ཕྱོགས་ལ་རང་ནུས་ལ་དཔག་པའི་རྒྱབ་སྐྱོར་དང་རོགས་རམ་ཞུ་འདོད་ཡོད་ཅེས་ནན་སྟོན་གནང་འདུག
          ཕ་རོལ་ནས་བཀའ་འདྲི་ཞུས་པ་ལྟར། ཞི་ཅིན་ཕིང་གིས་ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ངོ་སྤྲོད་གནང་ཡོད། ཁོང་གིས། ཀྲུང་གོ་དང་ཧྥ་རན་སིས་རྒྱལ་སྤྱི་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྕི་མོ་འཁུར་ཡོད་པས། ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་ནས། མཉམ་འབྲེལ་ཞིབ་འཇུག་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁོངས་ཀྱི་འཕྲོད་བསྟེན་རིམས་ནད་བརྟག་བཤེར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་མཉམ་དུ་རོགས་རམ་བྱེད་པ་བཅས་བྱས་ནས། འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་ཧུར་ཐག་གཏོད་དགོས་ངེས་ཡིན། ཀྲུང་གོས་ཧྥ་རན་སི་དང་མཉམ་དུ་འབྲེལ་ཡོད་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་སྒྲོམ་གཞིའི་འོག་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་སྐུལ་འདེད་དང་། མཉམ་འགོག་མཉམ་སྲུང་བྱེད་པ། འཛམ་བུ་གླིང་གི་འཕྲོད་བསྟེན་བཅོས་སྐྱོང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་དེ་མིན་དགོས་མཁོ་ཡོད་པའི་རྒྱལ་ཁབ་ནས་ནུས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རོགས་རམ་བྱེད་པ། ནད་ཡམས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་བཟོས་པའི་བརྡབ་གསིག་བཀག་འགོག་བྱེད་པ་བཅས་བྱས་ནས། མཉམ་ལས་ཀྱི་ཉི་འོད་ཀྱིས་ནད་ཡམས་ཀྱི་གྲང་ངར་འཇོམས་འདོད་ཡོད་ཅེས་བསྟན་གནང་འདུག
          མ་ཁེ་ལུང་གིས་མིག་སྔའི་ཧྥ་རན་སིའི་རྒྱལ་ནང་གི་ནད་ཡམས་ཁྱབ་ཚུལ་དང་དེ་བཞིན་དེའི་ཐད་སྤྱོད་པའི་བྱ་ཐབས་ངོ་སྤྲོད་གནང་བ་རེད། མ་ཁེ་ལུང་གིས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཤིན་ཏུ་ཆེ་བའི་བློ་སྟོབས་དང་འཕྲལ་ཐག་ཆོད་པའི་བྱ་ཐབས་ལ་བརྟེན་ནས། དུས་ཚོད་ཐུང་ཐུང་ནང་ནད་ཡམས་ཚོད་འཛིན་ཡག་པོ་བྱས་ཡོད། དེའི་ཐད་ང་རང་ནས་བསྔགས་བརྗོད་ཆེན་པོ་ཞུ་བཞིན་ཡོད། ཀྲུང་གོས་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཧྥ་རན་སིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཧྥ་རན་སི་ཕྱོགས་ནས་ཀྲུང་གོའི་བར་ཕྱོགས་གཉིས་འཕྲོད་བསྟེན་མཉམ་ལས་སྤེལ་འདོད་ཡོད་ལ། འབྲེལ་ཡོད་ཕྱོགས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་འོག་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་ནད་ཡམས་ལས་རྣམ་པར་རྒྱལ་བ་བྱེད་པ། ནད་ཡམས་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་བཟོས་པའི་བརྡབ་གསིག་ལ་ཁ་གཏད་གཅོག་པ་བཅས་བྱེད་འདོད་ཡོད་ཅེས་གསུངས་འདུག
          རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་མུ་མཐུད་ཆུ་ཚད་དེ་བས་མཐོ་བའི་ཐོག་གོང་འཕེལ་འགྲོ་རྒྱུར་འགན་སྲུང་གིས། ཀྲུང་གོ་དང་ཧྥ་རན་སི་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བ་བྱ་རྒྱུར་སྲུང་སྐྱོང་བྱེད་པའི་ཐད་མོས་མཐུན་གནང་འདུག
          དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཤུན་ལ་ཞལ་པར་བསྐྱོན་སྐབས།
          ཞི་ཅིན་ཕིང་གིས། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་དབྱིན་ཇིའི་སྲིད་གཞུང་དང་མི་དམངས་ཀྱིས་ཏོག་གསར་གློ་ཚད་ནད་ཡམས་ལ་འགོག་རྒོལ་བྱེད་པའི་ཐད་ལྷག་བསམ་དག་པའི་འཚམས་འདྲི་ཞུས་ཡོད། ཕ་རོལ་ནས་བཀའ་འདྲི་ཞུས་པ་ལྟར་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་བཟུང་བའི་བྱ་ཐབས་ངོ་སྤྲོད་གནང་བ་དང་། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ལ་རམ་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། དགོས་ངེས་ཀྱི་མི་སྣ་འགྲོ་འོང་དང་ཉོ་ཚོང་ཤར་བགྲོད་ཐུབ་རྒྱུར་འགན་སྲུང་བྱེད་པ་བརྒྱུད་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་ཉུང་དུ་གཏོང་གང་ཐུབ་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་བ་དང་། ཀྲུང་གོའི་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་ལ་རོགས་རམ་བྱེད་འདོད་ཡོད། སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་འགོ་ཁྲིད་གནང་བའི་འོག དབྱིན་ཇིའི་མི་དམངས་རྣམས་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་གོའི་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དབྱིན་ཇིའི་ཕྱོགས་ཀྱིས་ཕན་འབྲས་ལྡན་པའི་བྱ་ཐབས་ཏན་ཏིག་བཟུང་བ་བརྒྱུད་དབྱིན་ཇིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་དབྱིན་ཇིར་སློབ་སྦྱོང་བྱེད་མཁན་སློབ་མའི་བདེ་འཇགས་དང་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། ནད་ཡམས་ལ་རྒྱལ་མཚམས་དང་རིགས་རྒྱུད་ཀྱི་དབྱེ་བ་མེད་པས། མིའི་རིགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ན་གཞི་ནས་དམག་འཐབ་དེར་རྒྱལ་ཁ་ལེན་ཐུབ། རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྒྲོམ་གཞིའི་འོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་དང་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཚན་ཞིབ་འགག་གཏོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། འཛམ་གླིང་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་བརྟན་པོ་དང་། འཕར་སྣོན་འགན་ལེན། དམངས་འཚོ་འགན་ལེན་བཅས་ཡོང་བ་བྱེད་པ། འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་སྒོ་དབྱེ་དང་། བརྟན་པོ། བདེ་འཇགས་བཅས་ཡོང་རྒྱུར་འགན་ལེན་བྱེད་དགོས། ནད་ཡམས་དམག་འཐབ་ལ་རྒྱལ་ཁ་ཐོབ་རྗེས། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་བར་ཕན་ཚུན་བསམ་ཤེས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། བཞེད་པ་གཅིག་མཐུན་མང་དུ་གཏོང་ཐུབ་ལ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཡང་དེ་བས་རྒྱ་ཆེ་བའི་མདུན་ལྗོངས་འཆར་ངེས་ཡིན་ཞེས་བསྟན་གནང་ཡོད།
          ཡུའེ་ཧན་ཤུན་གྱིས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་དཀའ་ཚེགས་ཆེ་བའི་འབད་བརྩོན་དང་བློས་གཏོང་ཆེན་པོ་བྱས་མཐར་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས། ང་རང་ནས་དེའི་ཐད་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། མིག་སྔར། དབྱིན་ཇིར་ནད་ཡམས་ཁྱབ་ཚུལ་ཛ་དྲག་པོ་ཡོད་པས། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་དགེ་མཚན་ལྡན་པའི་ཉམས་མྱོང་ལ་ཞིབ་འཇུག་དང་དེ་དཔྱད་གཞིར་བྱས་ནས། ཚན་རིག་དང་མཐུན་པ་དང་ནུས་ལྡན་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱོད་བཞིན་ཡོད། དབྱིན་ཇིའི་ཕྱོགས་ཀྱིས་ཀྲུང་གོས་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབྱིན་ཇིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་དབྱིན་ཇིར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཚོའི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་གང་ལེགས་བྱ་རྒྱུ་ཡིན། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་ཚུལ་ལ་རྦད་དེ་མོས་མཐུན་ཞུ་བཞིན་ཡོད། ནད་ཡམས་ཀྱི་མདུན་དུ། རྒྱལ་ཁབ་སུ་ཞིག་གིས་ཀྱང་ཁེར་སྡོད་རང་སྲུང་བྱེད་མི་རུང་བར། རྒྱལ་ཁབ་ཁག་ནས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དབྱིན་ཇི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གལ་ཆེའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་ཡོད་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོས་ད་ལོ་ཁག་སོ་སོར་སྐྱེ་དངོས་སྣེ་མང་རང་བཞིན་སྤྱི་ཆིངས་ཀྱི་ཐེངས་བཅོ་ལྔ་པའི་གན་འཇོག་ཕྱོགས་ཀྱི་ཚོགས་ཆེན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་ཐེངས་ཉི་ཤུ་རྩ་ལྔ་པའི་གན་འཇོག་ཕྱོགས་ཀྱི་ཚོགས་ཆེན་སྐོང་འཚོག་བྱ་རྒྱུ་ཡིན་པས། ཕྱོགས་ཁག་གིས་གང་དེ་གཉིས་གོ་སྐབས་སུ་བཟུང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕྲོད་བསྟེན་དང་ནད་ཡམས་སྔོན་འགོག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་དང་། ནད་ཡམས་མཇུག་འགྲིལ་རྗེས་སྔ་ཙམ་ཀྲུང་གོར་འཚམས་འདྲི་ཞུ་བར་བཅར་ནས། ཐུན་མོང་ཐོག་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་ཐུབ་རེ་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།
          ཨེ་ཅེབ་ཀྱི་ཙུང་ཐུང་སའེ་ཞིར་ཞལ་པར་བསྐྱོན་སྐབས། ཞི་ཅིན་ཕིང་གིས། ད་ལྟའི་དུས་ཚོད་འདིར་འཛམ་གླིང་ཧྲིལ་པོའི་རྒྱལ་ཁབ་མང་པོར་ནད་ཡམས་ཐོན་ཡོད། དོན་དངོས་ཀྱིས་སླར་ཡང་ར་སྤྲོད་བྱས་པར། མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་མ་ལག་ཅིག་ཡིན། རྒྱལ་ཁབ་ཁག་གིས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། མཉམ་དུ་ཁ་གཏད་གཅོག་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལྟར། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་ཐུན་མོང་གི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་བཅག་ནས། འཛམ་གླིང་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ནད་ཡམས་ཐོན་རྗེས། ཨེ་ཅེབ་ཕྱོགས་ནས་ཀྲུང་གོས་ནད་ཡམས་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་གནང་བ་དང་། ཀྲུང་ཨེའི་བར་གྱི་ཕྱར་བ་གྲུ་འདེགས་ཀྱི་མཛའ་བཤེས་ཟབ་མོ་དང་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་ཆུ་ཚད་མཐོ་པོ་དེ་མངོན་པར་བྱས་ཡོད། ཨེ་ཅེབ་ལ་ཡང་མིག་སྔར་ནད་ཡམས་ལ་འགོག་རྒོལ་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་འཕྲད་ཡོད། ཀྲུང་གོས་ཨེ་ཅེབ་ཕྱོགས་ལ་ནད་ཡམས་ཀྱི་ཆ་འཕྲིན་དང་། སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་། སྨན་བཅོས་ཞིབ་འཇུག་གྲུབ་འབྲས་བཅས་མཉམ་སྤྱོད་དང་། སྨན་བཅོས་དངོས་རྫས་མཁོ་འདོན་གྱིས། ཨེ་ཅེབ་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པར་རྒྱབ་སྐྱོར་དང་། མཉམ་དུ་ནད་ཡམས་ལ་འགོག་རྒོལ་བྱེད་འདོད་ཡོད། ད་ཐེངས་ལག་གདང་སྦྲེལ་ནས་ནད་ཡམས་ལ་འགོག་རྒོལ་བྱེད་པ་དེས་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་བཤེས་གཏིང་ཟབ་ཏུ་བཏང་ནས། ཀྲུང་ཨེའི་འབྲེལ་བ་དེ་ཀྲུང་གོ་དང་ཨ་རབ་དང་། ཀྲུང་གོ་དང་ཨ་ཕེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་གི་སྔོན་སྐྱོད་སྔོན་ཚོད་ཀྱི་མིག་དཔེར་འགྱུར་བ་བྱེད་འདོད་ཡོད་ཅེས་བསྟན་འདུག
          སའེ་ཞི་ཡིས། ཀྲུང་གོས་ནད་ཡམས་སྔོན་འགོག་ཚོད་འཛིན་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་ཡོད། དེའི་ཐོག་ནས་ཀྲུའུ་ཞི་སྐུ་ཞབས་ཀྱིས་མཁས་མཛངས་ལྡན་པའི་ངང་འགོ་ཁྲིད་གནང་བ་དེ་སྟོབས་ལྡན་ནུས་ཡོད་ཡིན་པ་དང་། ཀྲུང་གོའི་མི་དམངས་ནི་མཐུན་སྒྲིལ་རླབས་ཆེན་ཡིན་པ་སླར་ཡང་མངོན་ཡོད། ཨེ་ཅེབ་ཕྱོགས་ནས་ཀྲུང་གོ་ནད་ཡམས་ལས་རྣམ་པར་རྒྱལ་ངེས་ཡིན་པ་དང་། མ་ཟད་དེ་བས་སྟོབས་ཆེ་རུ་འགྲོ་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཀྲུང་གོས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཨེ་ཅེབ་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་བ་དང་། མཉམ་དུ་ནད་ཡམས་ལ་འགོག་རྒོལ་བྱེད་པ་བརྒྱུད། ཨེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་དེ་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད། ཨེ་ཀྲུང་ནི་དམིགས་བསལ་གྱི་མཛའ་འབྲེལ་རོགས་པ་ཞིག་ཡིན། ང་རང་ནས་ཨེ་ཀྲུང་བར་གྱི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་འདུག