དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

སྤེལ་དུས 2020-03-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་རྩོམ་ཡིག་གལ་ཆེན་ཧུའུ་པེ་ཞིང་ཆེན་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཐད་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཅེས་པ་སྤེལ་བ།
          སྤྱི་ཟླ་4པའི་ཚེས་1ཉིན་དཔེ་སྐྲུན་བྱ་རྒྱུའི་བདེན་འཚོལ་དུས་དེབ་འདོན་ཐེངས་བདུན་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན། ཧུའུ་པེ་ཞིང་ཆེན་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཐད་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཅེས་པ་སྤེལ་ཡོད།
          རྩོམ་ཡིག་ནང་། ཧུའུ་པེ་དང་ཝུའུ་ཧན་ནི་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ཀྱི་གཙོ་གནད་ས་ཁུལ་དང་རྒྱལ་ཁ་ལེན་ཡུལ་གཙོ་བོ་ཡིན། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་བབ་ལ་འགྱུར་ལྡོག་བཟང་པོ་བྱུང་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོན་ཡོད། འོན་ཀྱང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། མིག་སྔའི་གནས་བབ་དེ་འདྲའི་མདུན་དུ་རིག་པ་དེ་བས་དྭངས་གསལ་དང་། སྔར་བྱས་རྒྱུན་འཛིན་བྱེད་པ། ལས་དོན་སྒྲུབ་མཁས་པ་བཅས་བྱས་ཏེ་མུ་མཐུད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཆེ་ཤོས་དང་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་རྣམ་གཡེང་མི་ཤོར་བ་དང་དམག་འཐབ་ལ་སུན་སྣང་མི་སྐྱེ་བ། ལྷོད་གཡེང་མི་ཤོར་བ་བཅས་བྱེད་དགོས་པ་དང་། རིགས་ཁག་གི་སྔོན་འགོག་ཚོད་འཛིན་ལས་དོན་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ཧུའུ་པེ་ཡི་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་གྱི་སྲུང་སྐྱོབ་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་མཐར་ཕྱིན་པ་ལེན་དགོས་ཞེས་ནན་སྟོན་གནང་ཡོད།
          རྩོམ་ཡིག་ནང་། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཉིད་སྔ་བར་ཕྱི་གསུམ་དུ་ཨང་དང་པོར་འཇོག་གནང་མཛད་ཡོད། གཙོ་གནད་ཐོག་ཧུའུ་པེ་དང་ཝུའུ་ཧན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་གནང་བ་དང་། ཆེས་ཆ་ཚང་ལ། ཆེས་དོ་ནན་པ། ཆེས་མཐར་ཕྱིན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཐོག་ནས་རིམས་ནད་མུ་མཐུད་འགོས་ཁྱབ་འགྲོ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད། མི་དམངས་བཅིངས་འགྲོལ་དམག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། ཞིང་ལྗོངས་དང་གྲོང་ཁྱེར་ཁག་བཅས་ཀྱིས་ཕྱར་བ་གྲུ་འདེགས་དང་འཕྲལ་སྐྱོར་འཕྲལ་རོགས་ཞུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་ཡོད།
          རྩོམ་ཡིག་ནང་། སྨན་བཅོས་སྐྱོབ་བཅོས་ལས་དོན་ཨང་དང་པོར་འཇོག་དགོས་པ་དང་། ཚན་རིག་དང་མཐུན་པ་དང་གནད་ལ་འཕིགས་པའི་སྐྱོབ་བཅོས་ཐད་ཤུགས་སྣོན་རྒྱག་པ། ཚད་གཞི་ཆེ་ཤོས་ཐོག་ནས་དྲག་སྐྱེད་ཡོང་ཚད་མཐོ་རུ་གཏོང་བ་དང་ནད་གཞིས་རྐྱེན་པས་འཆི་ཚད་ཉུང་དུ་གཏོང་དགོས། བཟང་ཆ་ལྡན་པའི་སྨན་བཅོས་ཐོན་ཁུངས་དང་ལག་རྩལ་སྟོབས་ཤུགས་གཅིག་སྡུད་ཀྱིས་ནད་པ་སྐྱོབ་བཅོས་བྱེད་པ་དང་། བརྟག་དཔྱད་ཞིབ་བཤེར་གྱི་སྨན་རྫས་དང་། འགོག་གཟུགས་སྨན་རྫས། རིམས་འགོག་སྨན་ཁབ་དང་བརྟག་བཅོས་ཇུས་གཞི་སོགས་ཀྱི་ཚན་རིག་འགག་གཏོར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཞིབ་བཟོ་དང་ལེགས་འདེམས་ཟིན་པའི་ནུས་ལྡན་སྨན་རྫས་ཁྱབ་གདལ་དང་བེད་སྤྱོད་བྱེད་མགྱོགས་སུ་བཏང་ནས་སྐྱོབ་བཅོས་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།
          རྩོམ་ཡིག་ནང་། མཉམ་འགོག་མཉམ་འཛིན་གྱི་མི་དམངས་དམག་འཐབ་ཡག་པོ་རྒྱག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པར་གཙོ་གནད་ནི་སྔོན་འགོག་ཡིན། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་། མི་དམངས་མང་ཚོགས་སྐུལ་སློང་གང་ལེགས་བྱེད་པ། མང་ཚོགས་ཀྱི་རང་ངོས་ཞབས་ཞུ་དང་རང་ངོས་འགོག་སྲུང་ནུས་པ་མཐོ་རུ་གཏོང་དགོས། འགྲོ་འོང་མི་སྣའི་དོ་དམ་ལ་ཤུགས་སྣོན་དང་། ནད་ཡམས་རིག་པའི་བརྟག་དཔྱད་ལས་དོན་གཏིང་ཟབ་སྤེལ་དགོས། ནང་ཁུལ་དུ་འགོས་ཁྱབ་མི་འགྲོ་བ་དང་ཕྱི་འགོག་ནང་འཛུལ་གྱི་སྔོན་འགོག་ཚོད་འཛིན་ཐབས་ཇུས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་བདེ་ཐང་ལ་དོ་དམ་ཡག་པོ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་འོག་གཅིག་ལ་གཅིག་གཏད་དང་གཅིག་འཐུས་རྣམ་པའི་བྱ་ཐབས་བཟུང་སྟེ་གཅིག་སྡུད་དང་གནད་ལ་འཕིགས་པའི་སྒོ་ནས་ལས་མི་བདེ་འཇགས་ངང་ལས་གནས་ཐོག་སླེབས་པ་བྱེད་དགོས་ཞེས་བསྟན་ཡོད།
          རྩོམ་ཡིག་ནང་། སྟོབས་ཤུགས་ཉམས་ཞན་ཡིན་པའི་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྨན་བཅོས་སྟོབས་ཤུགས་ཉམས་ཞན་ཡིན་པའི་གྲོང་ཁྱེར་དང་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་རིགས་གཅིག་མཁས་པའི་ཚོགས་པའི་ནུས་པ་འདོན་སྤེལ་བྱེད་པ། སྐོར་ཞིབ་བརྟག་བཅོས་དང་། རྒྱང་རིང་ནས་ནད་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་འཚོལ་ཞིབ་བྱེད་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྐྱེལ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་སྨན་དོན་མི་སྣ་དང་གཞི་རིམ་ལས་བྱེད་པའི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། དགོས་ངེས་ཀྱི་འགོག་སྲུང་དངོས་ཟོག་མཁོ་འདོན་བྱེད་དགོས་ཞེས་བསྟན་ཡོད།
          རྩོམ་ཡིག་ནང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱེད་དགོས། དམངས་འཚོ་བརྟན་པོ་བྱུང་ན། མི་སེམས་བརྟན་པོ་ཡོང་ཐུབ་པ་དང་། སྤྱི་ཚོགས་ཀྱང་བརྟན་ལྷིང་ཡོང་ངེས་ཡིན། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་ནས། འབྲས་དང་། གྲོ་ཞིབ། བཟའ་སྣུམ། ཤ སྒོ་ང་། འོ་མ་སོགས་ཀྱི་འཚོ་བའི་མཁོ་རྫས་ཀྱི་མཁོ་སྤྲོད་འགན་ལེན་བྱེད་དགོས། སེམས་ཁམས་མཛུབ་ཁྲིད་དང་སེམས་ཁམས་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་རྒྱུན་འཁྱོངས་བྱེད་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཁྲོད་ཐོན་སྲིད་པའི་རིགས་ཁག་གི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱ་དགོས་ཞེས་སྟོན་ཡོད་པ་རེད།
          རྩོམ་ཡིག་ནང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམས་པའི་དཔལ་འབྱོར་སྤྱི་ཚོགས་འཁོར་སྐྱོད་ཀྱི་སྒྲིག་ལམ་ཆགས་པ་བྱེད་དགོས། ཐེངས་འདིའི་རིམས་ནད་ཀྱིས་དུས་ཐུང་ནང་ཧུའུ་པེའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད། ཡིན་ནའང་དཔལ་འབྱོར་བརྟན་པོའི་ཁྲོད་དུ་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་ཚུལ་དང་ཡུན་རིང་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་ཤུགས་རྐྱེན་བཟོ་མི་སྲིད། སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི་སྔོན་འགྲོའི་འོག་ཁྱད་པར་ཅན་གྱི་བྱ་ཐབས་བཟུང་བ་དང་དུས་དང་བསྟུན་ནས་ཁུལ་དབྱེ་བ་དང་རིམ་པ་དབྱེ་བ། རིགས་དབྱེ་བ། དུས་ཚོད་དབྱེ་བ། ཆ་རྐྱེན་ཡོད་པ་བཅས་ཀྱི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གིས་ཧུའུ་པེར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཧུའུ་པེར་དོན་དངོས་དཀའ་ངལ་དང་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་རྒྱུན་ལྡན་འཁོར་ལམ་ཐོག་སྔ་ཙམ་བསྐྱོད་ཐུབ་པ་བྱ་དགོས་ཞེས་འཁོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།