དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་མུ་མཐུད་མཚོ་སྔོན་དུ་བརྟག་དཔྱད་ཞིབ་འཇུག་གནང་བ།

སྤེལ་དུས 2021-06-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཚེས་7ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཧྲེང་ཡོན་ཁ་གདན་ཚོགས་པ་ཚད་ཡོད་ཀུང་སིར་ཕེབས་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཐོན་སྐྱེད་འཁོར་ཁང་དང་ཇུས་འགོད་སྡེ་ཁག་ཏུ་ཕེབས་ནས་ཐོན་རྫས་ཐོན་སྐྱེད་དང་ཇུས་འགོད་གནས་ཚུལ་ཐད་གཟིགས་ཞིབ་གནང་བ་རེད། ཁོང་གིས། བོད་རུམ་ནི་ཁྱད་ལྡན་ཐོན་ལས་ཡིན། ཁྱེད་ཚོས་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་བཟོ་རྩལ་ཟུང་སྦྲེལ་གང་ལེགས་བྱས་ཏེ་ཁྱད་ཆོས་ཅན་དང་སྣ་མང་ཅན་གྱི་ཁྲོམ་རའི་དགོས་མཁོ་དང་མཐུན་པར་བྱས་ཡོད། བོད་རུམ་ཐོན་ལས་ནི་མཚོ་སྔོན་གྱི་དོན་དངོས་དང་འཚམས་པའི་ཐོན་ལས་ཡིན་པ་དང་། དབུལ་སྐྱོར་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཡོད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ནུས་པ་ཡང་ཡོད་ཅེས་གསུངས་པ་དང་། ཞི་ཅིན་ཕིང་གིས་མཚོ་སྔོན་གྱིས་ཁྱད་ལྡན་ཐོན་ལས་འདི་རིགས་དེ་བས་མང་ཙམ་གོང་འཕེལ་གཏོང་རྒྱུ་དང་། གསར་གཏོད་ལ་བརྟེན་ནས་དེ་བས་ལེགས་པའི་གོང་འཕེལ་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད། 
          དེ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་ཝུན་ཐིང་སྲང་ལམ་གྱི་སྡེ་ཁུལ་དུ་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུ་བསྒྲུབ་རྒྱུ་སོགས་ཀྱི་གནས་ཚུལ་ཐད་རྟོག་ཞིབ་གནང་བ་རེད། ཁོང་གིས། སྡེ་ཁུལ་ཞིག་ཡག་པོ་གཉེར་དགོས་ན་ངེས་པར་དུ་ཧ་ཅང་སྟོབས་ཆེ་བའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་གཞི་རིམ་རྩ་འཛུགས་ཤིག་ཡོད་དགོས་པ་དང་། སྡེ་ཁུལ་གྱི་ཕྱོགས་ཁག་གི་ཞབས་ཞུ་འཐུས་ཚང་དུ་བསྒྲུབ་རྒྱུ་དང་མང་ཚོགས་ཀྱི་རང་སྐྱོང་རང་བཞིན་གྱི་བྱ་བ་སྒྲིག་འཛུགས་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། 
          སྤྱི་ཚེས་8ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཕེབས་པ་དང་། མཚོ་སྔོན་པོའི་ཁེ་རམ་ཐང་དུ་རི་བོ་ཁྲི་ལེབ་དང་མཚོ་སྔོན་པོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་འཇོག་གནང་བ་མ་ཟད། ས་ཡུལ་དངོས་སུ་མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལས་དོན་གྱི་གྲུབ་འབྲས་ཐད་གཟིགས་ཞིབ་གནང་བ་རེད། དེ་རྗེས། ཞི་ཅིན་ཕིང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་གྲོང་ཚོར་ཕེབས་ནས་བོད་རིགས་མང་ཚོགས་ལ་ཁམས་བདེའི་འཚམས་འདྲི་གནང་བ་དང་། བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།