ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས།

སྤེལ་དུས 2017-08-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར
          ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་རང་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྲོད་གནང་། གྱོད་དོན་འདི་དག་ནི་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་༤ལ་འབྲེལ་བ་ཡོད། དེའི་ཁྲོད་དུ་ལྷ་ས་གྲོང་ཁྱེར་ལ་༡༤དང་། གཞིས་ཀ་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་ལ་༡རེ་བཅས་ཡོད། ཆུའི་འབག་བཙོག་སྐོར་གྱི་གྱོད་དོན་༧དང་། ཁ་དབུགས་བཙོག་བཟོ་སྐོར་གྱི་གྱོད་དོན་༡། སྐྱེ་ཁམས་གཏོར་བརླག་སྐོར་གྱི་གྱོད་དོན་༥། གད་སྙིགས་བཙོག་བཟོ་སྐོར་གྱི་གྱོད་དོན་༧། འཛེར་སྒྲས་བཙོག་བཟོ་སྐོར་གྱི་གྱོད་དོན་༤། སྣུམ་སྙིགས་བཙོག་བཟོ་སྐོར་གྱི་གྱོད་དོན་༡། རྡུལ་སྙིགས་བཙོག་བཟོ་སྐོར་གྱི་གྱོད་དོན་༡བཅས་འདུས། 
          མིག་སྔའི་བར་དུ་གྱོད་དོན་༧༡རྩད་ཆོད་པ་དང་། གྱོད་དོན་༡༨ཐག་གཅོད་བྱས་ཟིན། གསར་དུ་ཁ་སྣོན་བྱུང་བའི་གྱོད་དོན་༧བྱུང་བ་སྟེ། དེ་དག་ནི་ཇོ་མོ་གླང་མའི་བཞུགས་སྒར་གྱི་གད་སྙིགས་བཙོག་བཟོ་དང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་སྒོ་དབྱེ་ཁུལ་གྱི་ཨར་འདམ་ས་རྡུལ་ཕྱི་རུ་ཤོར་བའི་མཁའ་དབུགས་བཙོག་བཟོ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཁུལ་གྱི་ཨར་འདམ་ཕྱི་རུ་ཤོར་བའི་བཙོག་བཟོ། ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་ཨེ་ཝེ་སོགས་སྤྲོ་སྐྱིད་ཁང་གི་འཛེར་སྒྲས་བཙོག་བཟོ། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་འབུམ་སྒང་གྲོང་ཚོའི་ཀྲུའུ་རེན་གྱིས་གྲོང་ཚོའི་གཞི་ས་བཙན་བཟུང་གིས་རྩྭ་ས་ནས་ཁང་པ་བརྒྱབ་པ། ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་ཀྱི་ལྷ་སའི་སྦི་རག་བཟོ་གྲྭའི་དྲི་ངན་བཙོག་བཟོ། ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་དབང་འཇིགས་ནང་མ་ཁང་གི་འཛེར་སྒྲ་སོགས་ཀྱི་གྱོད་དོན་ཡིན།
          ཐེངས་འདིར་ཁྱོན་བསྡོམས་མི་སྣ་༡༡ལ་འདྲི་གཅོད་བྱས་ཤིང་།  དེའི་ཁྲོད་དུ་རྫོང་རིམ་པའི་ལས་བྱེད་པ་༥དང་། ཁི་རིམ་པའི་ལས་བྱེད་པ་༦། དུས་བཅད་འདྲི་གཅོད་མི་སྣ་༡། མཚམས་འཇོག་ཁ་བརྡ་མི་སྣ་༤། སྲིད་འཛིན་ཉེན་བརྡ་མི་སྣ་༣། སྲིད་འཛིན་ཉེས་ཆད་མི་སྣ་༡། སྲིད་འཛིན་ཉེས་ཆད་ཆེན་པོ་མི་སྣ་༢བཅས་ལ་ཐག་གཅོད་བྱས། 
(ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ཀྱི་ལས་ཀར་སྐོར་ཞིབ་བྱས་པའི་མཇུག་འབྲས་སྤྱི་བསྒྲགས་བྱས་པ་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲ་བ་དང་ཡང་ན་ངོས་གཉིས་བཤེར་རིས་བཤེར་ནས་དོ་སྣང་བྱེད་པར་ཞུ།)