ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

སྤེལ་དུས 2017-08-24 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། ཕུན་ཚོགས་ཀྱིས་བསྒྱུར།
          བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་ཆེད། 2010ལོ་ནས་བཟུང་བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ལག་ལེན་བསྟར་བ་རེད། བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱས་པ་བརྒྱུད་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ནས་སྣོད་བཅུད་བཟང་བ་དང་། ཁོར་ཡུག་མི་སྡོད་དང་འཚམ་པ། ཤེས་དཔལ་དང་གཙང་སྦྲ་ལྡན་པ། བོད་ཀྱི་ཁྱད་ཆོས་ལྡན་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་གྲོང་སྡེ་མང་དག་ཅིག་ལྗོངས་ཡོངས་ཀྱི་ས་ཕྱོགས་གང་སར་བསྐྲུན་ནས་ལྗོངས་ཕྱི་ནང་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ངོམ་སྟོན་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་པས། ལྗོངས་ཕྱི་ནང་གི་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད།
          རགས་རྩིས་ལྟར་ན། 2010ལོ་ནས་2015ལོ་བར་བོད་ལྗོངས་སུ་ཁྱོན་བསྡོམས་གྲོང་ཚོ(གྲོང་ལྷན)5398ཡོད་པ་དེ་དག་ལ་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པར་མ་དངུལ་སྒོར་དུང་ཕྱུར་56.98བཏང་བ་དང་། 2016ལོར་རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)གྱི་རིམ་གཉིས་ནོར་སྲིད་ཀྱིས་སླར་ཡང་མ་དངུལ་སྒོར་དུང་ཕྱུར་9.4བཏང་སྟེ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འགྲོ་ལམ་མཁྲེགས་འགྱུར་དང་། ཁྱིམ་དུད་དབར་གྱི་འགྲོ་ལམ་སྦྲེལ་མཐུད། གད་སྙིགས་སྦས་ས། འཚོ་བའི་བཙོག་ཆུ་གཙང་གསིང་། གྲོང་སྡེ་སྔོ་འགྱུར། ཕྱོགས་བསྡུས་ཀྱི་རིག་གནས་ལུས་རྩལ་སྒྲིག་བཀོད། འབུད་ཤིང་ཚབ་བྱེད་སོགས་ཀྱི་ལས་གྲྭའི་རྣམ་གྲངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལ་སྤྱད་པས་གྲོང་ཚོའི་བཀོད་པ་ལེགས་ལ་ཤེས་དཔལ་གྱི་ཉམས་འགྱུར་ལྡན་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
          གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱས་པ་བརྒྱུད་ཞིང་འབྲོག་པའི་བསམ་པའི་ཉམས་འགྱུར་ལ་རྣམ་པ་གསར་པ་ཐོན་ནས་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འགན་འཁུར་བས“‘སྒུག་རྟེན་སློང’གི་བསམ་བློར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ནས་སྲིད་གཞུང་གི་རོགས་སྐྱོབ་སྒུག་མཁན་དང་རྒྱལ་ཁབ་ཀྱི་ཁ་གསབ་ལེན་མཁན་ཉུང་དུ་སོང་བ་མ་ཟད། སུས་དངུལ་མང་པོ་གསོག་ཐུབ་པ་དང་སུའི་འཚོ་བ་ཡག་པོ་ཡོད་པ་བསྡུར་བ་གཏོང་གི་འདུག ད་དུང་ལྷ་བླ་མར་སྐྱབས་བཅོལ་མཁན་ཉུང་དུ་སོང་བ་དང་ཤེས་བྱ་སྦྱོང་མཁན་མང་དུ་སོང་འདུག གཙང་སྦྲ་མི་བྱེད་མཁན་ཉུང་དུ་སོང་བ་དང་ཤེས་དཔལ་ལ་སྣང་ཆེན་བྱེད་མཁན་མང་དུ་སོང་འདུག”ཅེས་བརྗོད།