ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་སྒེར་རྩེ་རྫོང་ཏུ་ས་ཡོམ་རིམ་པ་4.0བརྒྱབ་ཀྱང་མི་སྣ་ཤི་རྨས་བྱུང་མེད་པ།

སྤེལ་དུས 2018-01-12 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སྙིང་ལྕགས།
            མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། 2018ལོའི་ཟླ་དང་པོའི་ཚེས་10ཉིན་གྱི་ཆུ་ཚོད་17དང་སྐར་མ་52སྐབས། བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྒེར་རྩེ་རྫོང་དུ་ས་ཡོམ་རིམ་པ་4.0བརྒྱབ་པ་རེད།
            ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ས་ཡོམ་གྱི་ཡོམ་གནས་ནི་འཕྲེད་ཐིག་བྱང་མ་ཏུའུ་34.68དང་གཞུང་ཐིག་ཤར་མ་ཏུའུ་85.01གི་བར་མཚམས་སུ་ཡིན་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་7ཡོད་པ་རེད། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཁུལ་ནི་སྤྱི་ལེ་གྲུ་བཞི་མ་2725ཙམ་ཡོད་ལ། ས་ཡོམ་ཤུགས་ཚད་ནི་སྔོན་དཔག་བྱས་ན་Ⅳརིམ་པ་ཡིན་པ་རེད།
            ཀྲུང་གུང་སྒེར་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡི་འགོ་འཛིན་ལི་ཁྲེང་ཧྲན་གྱིས་ཀྲུང་གོའི་གསར་འགྱུར་དྲ་བའི་གསར་འགོད་པར་མཚམས་སྦྱོར་བྱེད་དུས། ས་ཡོམ་གྱི་ལྟེ་བ་ནི་མི་མེད་ལུང་སྟོང་དུ་ཡོད་པ་དང་། ས་ཡོམ་གྱི་ཡོམ་གནས་དང་བར་ཐག་ཆེས་ཉེ་བ་ནི་བྲག་པོ་ཤང་གི་བྱང་རྒྱུད་ཀྱི་སྨུག་པོ་གྲོང་ཚོ་ཡིན་པ་རེད། གསར་འགོད་པས་གནས་འཕྲིན་སྤེལ་དུས་བར་དུ། མངའ་རིས་ས་ཁུལ་ས་ཡོམ་ཅུད་དུ་ས་ཡོམ་ཁྲོད་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་བྱུང་ཚུལ་གྱི་སྙན་ཞུ་འབྱོར་མེད་པ་དང་། བརྡ་གཏོང་དང་གཞུང་ལམ་སོགས་རྒྱུན་ལྡན་ཡིན་པ་རེད།
            ཤེས་རྟོགས་བྱུང་གསལ་དུ། ཡོམ་གནས་ནས་སྒེར་རྩེ་རྫོང་ཐོག་བར་དུ་ཕལ་ཆེར་སྤྱི་ལེ་278ཙམ་ཡོད་ལ། མངའ་རིས་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་བཅའ་སྡོད་བྱེད་ཡུལ་སེང་གེ་ཁ་འབབ་གྲོང་རྡལ་བར་དུ་སྤྱི་ལེ་516ཙམ་ཡོད་པ་རེད།
            སྒེར་རྩེ་རྫོང་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཤར་རྒྱུད་དུ་ཡོད་ལ། ས་བབ་མཐོ་ཚད་ལ་ཆ་སྙོམས་སུ་སྨི་5000ཡས་མས་ཡོད་པས། བོད་ལྗོངས་བྱང་ཐང་གི་ལྟེ་བའི་ས་ཁུལ་ཡིན་པ་རེད། སྒེར་རྩེ་རྫོང་གི་ཤར་རྒྱུད་ནི་ནག་ཆུ་ས་ཁུལ་གྱི་མཚོ་གཉིས་རྫོང་དང་ཉི་མ་རྫོང་གཉིས་སུ་འབྲེལ་ཡོད་ལ། ལྷོ་ཕྱོགས་སུ་གཞིས་རྩེ་གྲོང་ཁྱེར་གྱི་འབྲོང་པ་རྫོང་དང་འབྲེལ་ཡོད་པ། བྱང་ཕྱོགས་ནི་ཁུ་ནུ་རི་བོའི་བར་མཚམས་བྱས་ཏེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་འབྲེལ་ཡོད་པ་རེད།