ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྐབས་གཉིས་པའི་བོད་ལྗོངས་བོད་རུམ་ཐོན་ལས་བརྗེ་ཚོང་བཤམས་སྟོན་འགྲེམས་ཚོགས་འགོ་ཚུགས།

སྤེལ་དུས 2018-01-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།

འགོ་ཚུགས་མཛད་སྒོའི་ཡུལ་དངོས།
          ཟླ་1ཚེས་11ཉིན་གྱི་སྔ་དྲོར། སྐབས་གཉིས་པའི་བོད་ལྗོངས་བོད་རུམ་ཐོན་ལས་བརྗེ་ཚོང་བཤམས་སྟོན་འགྲེམས་ཚོགས་(ས་གདན་འགྲེམས་ཚོགས་) ལྷ་སར་དངོས་སུ་འགོ་ཚུགས། བྱེད་སྒོའི་དམིགས་ཡུལ་ནི་འགྲེམས་ཚོགས་ཀྱི་ཕྱོགས་བསྡུས་ལས་སྟེགས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་དང་། བོད་ལྗོངས་ཀྱི་བོད་རུམ་རིག་གནས་སྒྱུ་རྩལ་དྲིལ་བསྒྲགས་འགྲེམ་སྟོན། བོད་རུམ་ཉོ་ཚོང་གི་རིག་གནས་སྤེལ་རེས་ལ་སྐུལ་འདེད། བོད་རུམ་བཟོ་རྩལ་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད། བོད་རུམ་ཐོན་ལས་རྐང་འཛིན་ཁེ་ལས་ཀྱི་ལེགས་ཆ་གསོ་སྐྱོང་བྱས་ཏེ། བོད་རུམ་ཐོན་ལས་དེ་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་རྐང་འདེགས་རྣམ་གྲངས་གསར་བ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་དེ་ཡིན།

ཚོགས་ཞུགས་ཁེ་ལས་ཀྱི་ལས་བྱེད་མི་སྣས་ཡུལ་དངོས་སུ་སྣམ་བུ་འཐག་བཞིན་པ།

རིགས་སྣ་ཕུན་སུམ་ཚོགས་པའི་ལག་ཤེས་ས་གདན།

ཚོགས་ཞུགས་ཁེ་ལས་ཀྱི་ལས་བྱེད་མི་སྣས་སྐུ་མགྲོན་ལ་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
          རྒྱུས་ལོན་བྱུང་བ་ལྟར་ན། དུས་ཡུན་ཉིན་10ཡི་“ས་གདན་འགྲེམས་ཚོགས་”ཀྱིས་མུ་མཐུད་དུ་འགྲེམས་ཚོང་ཟུང་འབྲེལ་བྱས་པའི་འགྲེམས་ཚོགས་ཀྱི་ནུས་པ་མངོན་གསལ་དུ་གཏོད་ནས། བོད་ལྗོངས་ཀྱི་གཙོ་གནད་བོད་རུམ་ཁེ་ལས་ཀྱི་ཆེད་དོན་འགྲེམས་སྟོན་བྱས་པ་དང་། “ས་གདན་འགྲེམས་ཚོགས་”ཀྱི་དྲ་རྒྱའི་ལས་སྟེགས་སུ་ཡོངས་བསྒྲགས་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། གཅིག་སྡུད་ཐོག་བོད་རུམ་དང་གྱོན་ཆས་སོགས་འཁལ་འཐག་རིགས་ཀྱི་ཐོན་རྫས་རིགས་བརྒྱའི་གྲངས་སྟོང་ལྷག་ཕྱིར་བཙོང་། དུས་མཚུངས་སུ། “ས་གདན་འགྲེམས་ཚོགས་”ཀྱི་གཞུང་ཕྱོགས་ཀྱི་འཕྲིན་སྟེགས་དྲ་ཚུགས་བརྒྱུད། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་པའི་“བོད་ལྗོངས་ཀྱི་རིག་གནས་གསར་གཏོད་དང་བོད་རུམ་འཕྱོར་པོ་”ཞེས་པའི་སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་དྲ་རྒྱའི་བྱ་དགའི་འདེམས་ཤོག་འཕེན་པའི་དཔྱད་འདེམས་བྱེད་སྒོ་སྤེལ། མཐའ་མར་ཚོགས་ཞུགས་ཁེ་ལས་ཁྲོད་གསེར་གྱི་བྱ་དགའ་གཅིག་དང་དངུལ་གྱི་བྱ་དགའ་གསུམ། ཟངས་ཀྱི་བྱ་དགའ་ལྔ། ཕུལ་བྱུང་བྱ་དགའ་ལྔ་བཅས་བདམས་ཐོན་བྱུང་།
          བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའུ་ཁོངས་མི། ཐིང་ཀྲང་གཞོན་པ་བཟང་པོས་ངོ་སྤྲོད་བྱས་པ་ལྟར་ན། རང་སྐྱོང་ལྗོངས་ཀྱིས་ཐོན་ལས་སྟོབས་ཆེའི་ཁུལ་དང་ཕྱུག་འགྱུར་ལས་གྲྭའི་སྤྱིའི་བླང་བྱ་ལག་བསྟར་བྱས་པ་ལྟར། ཁྱད་ལྡན་ལེགས་ཆའི་ཐོན་ལས་དེ་“འགོ་རྩོམ་ཚད་གཞི་མཐོ་བ་དང་གཞི་རྒྱ་ཅན། སྦྲེལ་ཐག་རིང་པོ་”བཅས་ཡོད་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། 2017ལོར་སྐབས་དང་པོའི་“ས་གདན་འགྲེམས་ཚོགས་”རྒྱལ་ཁའི་ངང་བསྡུས་པའི་རྨང་གཞིའི་སྟེང་། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རིམ་གྱིས་“ས་གདན་འགྲེམས་ཚོགས་”ཀྱི་ལས་སྟེགས་འཛུགས་པ་དང་། “ཁེ་ལས་ཀྱིས་རང་མོས་དང་སྲིད་གཞུང་གིས་ངོ་སྤྲོད”་བྱེད་པའི་མིང་ཐོ་འགོད་ཐབས་ཀྱི་རྩ་དོན་ལ་གཞིགས་ནས། ལྗོངས་ཡོངས་སུ་དྲིལ་བསྒྲགས་ཀྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཡོངས་ཁྱབ་ཏུ་སྐུལ་སློང་བྱས། བོད་རུམ་བལ་འཐག་ལས་རིགས་ཀྱི་རིག་གནས་ཐོན་རྫས་གཙོ་གཉེར་ཁྲོམ་ར་བཀོད་སྒྲིག་ཞིབ་ཚགས་བྱས་མཐར། མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་22ཐེངས་འདིའི་འགྲེམས་ཚོགས་སུ་ཞུགས།