ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་སློབ་མ་གདན་ཞུའི་འདུ་ཚོགས་གཉེར་ནས་ལས་གནས7000ལྷག་ཙམ་མཁོ་འདོན་བྱས་ཡོད།

སྤེལ་དུས 2018-01-12 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ། མཁའ་མཚོ་སྐྱིད།
           སྤྱི་ཟླ་དང་པོའི་ཚེས10ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་གཉིས་གཏོད་དཔེ་སྟོན་འཛུགས་སྐྲུན་དང་སློབ་ཆེན་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་།  ལྷ་ས་གྲོང་ཁྱེར་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ནས་གཙོ་གཉེར་བྱས་པ་དང་།  ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཨུད་དྲིལ་བསྒྲགས་པུའུ་སོགས་གཉིས་གཏོད་དཔེ་སྟོན་གྱི་ཁོངས་གཏོགས་ཚན་པས་རོགས་གཉེར་བྱས་པའི་སློབ་ཆེན་སློབ་ཐོན་སློབ་མའི་གདན་ཞུའི་འདུ་ཚོགས་ཆེ་གྲས་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་བྱས་པ་དང་།  ས་གནས་ས་ཐོག་ཏུ་ལས་མི་གཏན་འཁེལ་བྱས་ཏེ་བསྡུ་བའི་བྱ་ཐབས་སྤྱད་ཡོད།
           ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ཐོག་མི་བེད་སྤྱོད་བྱེད་མཁན་ཁེ་ལས300ལྷག་ཙམ་གྱིས་ལས་ཀ་འཚོལ་མཁན་ཚོར་ལས་གནས7000ལྷག་ཙམ་མཁོ་འདོན་བྱས་ཡོད་པ་དང་།  ལས་གནས་དེ་དག་དོ་དམ་དང་ཇུས་འགོད།  གཉེར་འཚོང་།  དངུལ་རྩ།  འཕྲུལ་ཆས།  དྲ་བ།  མི་རྒྱུན་ཐོན་ཁུངས།  འཕྲོད་བསྟེན།  ལས་གྲྭ་སོགས་ཆེད་ལས་མང་པོ་དང་འབྲེལ་བ་ཡོད།
           གཙོ་གཉེར་ཚན་པས་དང་བླངས་པ་སྒྲིག་འཛུགས་བྱས་ནས་གདན་ཞུའི་འདུ་ཚོགས་ནང་ལས་ཀ་འཚོལ་བར་ཡོང་མཁན་དང་ཚོགས་ཞུགས་ཁེ་ལས་ལ་ཁྲིད་སྟོན་ཞབས་ཞུ་མཁོ་འདོན་བྱས་པ་དང་།  ལྷ་ས་གྲོང་ཁྱེར་གཉིད་གཏོད་དཔེ་སྟོན་གྱི་འབྲེལ་ཡོད་ཚན་པས་ཀྱང་གདན་ཞུའི་ཚོགས་རར་དྲིལ་བསྒྲགས་ཞབས་ཞུའི་ས་ཚིགས་བཙུགས་ནས།  ལས་ཀ་འཚོལ་མཁན་གྱིས་སྲིད་ཇུས་སྐོར་བློ་འདྲི་བྱས་པར་དུས་ཐོག་ཏུ་ལན་ཡང་བརྒྱབ་ཡོད།