ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལོ་སར་སླེབས་དུས་རླུང་རྟའི་དར་ལྕོག་བརྗེ་རན་སོང་།

སྤེལ་དུས 2018-01-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
རི་མགོའི་དར་ལྕོག 
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དར་ལྕོག་ལ“རླུང་རྟ”ཞེས་འབོད་ལ། དེ་ནི་བོད་རིགས་མི་དམངས་ཀྱིས་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔའི་ལོ་ལེགས་འཕེལ་བ་སོགས་ཀྱི་སེམས་འདུན་ཡག་ཤོས་མཚོན་བྱེད་ཅིག་ཡིན་ལ།   གྲུ་བཞི་ནར་མོ་དང་ཟུར་གསུམ། གྲུ་བཞི་ཁ་གང་མ་སོགས་རས་མདོག་རྐྱང་སྟེང་ཡིག་རིས་ནག་པོ་དང་དམར་པོ་དཔར་ཡོད་ལ།  དེ་ལས་རིང་ཤོས་ནི་ཁྲེ་ཙེ་གཉིས་ལྷག་ཡོད་པ་དང་། ཐུང་ཤོས་ལ་ཁྲེ་ཙེ་གང་ཙམ་ལས་མེད་ཅིང་། དེ་ནི་གཙོ་བོ་ཡར་བསྒྲེངས་པ་དང་མར་བཀལ་ཡོད་པ་རེད།  མདོག་ལྔ་རེར་ནི་སྐོར་གཅིག་ཡིན་ལ་སྐོར་ཁ་ཤས་ཕྱོགས་གཅིག་ཏུ་བཙུགས་ཡོད་ཅིང་། ས་བབ་ཁོར་ཡུག་གི་དབྱིབས་དང་བསྟུན་རིང་ཐུང་ཅི་རིགས་ཡོད་དེ།  རིང་ཤོས་ལ་སྨི་བརྒྱའི་ཡན་ཡོད་པ་དང་། ཐུང་ཤོས་ནི་དར་ཚོན་ལེབ་མོ་ལྟར་རྩྭ་ཐང་གི་སྦྲ་གུར་དང་ཞིང་ཁྱིམ་སྒོ་ར། ཡང་ན་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཁང་སྟེང་དུ་བཙུགས་ཡོད་པ་རེད།

དར་ལྕོག་འཚེམ་བཟོ་ཕྱིར་འཚོང་གནང་པ།
          བོད་ལྗོངས་སུ། བོད་མིའི་ངོས་ནས“རླུང་རྟའི་དར་ལྕོག”ནི་གོ་དོན་ཚད་ངེས་ཅན་སྟེང་མིའི་ལས་བསོད་ཁ་ལས་མཚོན་གྱི་ཡོད་ཅིང་། དེ་ནི་ཡུལ་ལྷ་གཞི་བདག་འདུས་པའི(གནས་རི་ལྷ་མཚོ་སོགས)མཆོད་གསོལ་བསྙེན་བཀུར་དང་སྐྱབས་འཇུག་སྨོན་ལམ་འདེབ་པ་སོགས་ཀྱི་བསམ་འདུན་མཚོན་པའི་དར་ལྕོག་བཀལ་ནས་རླུང་ལ་བསྐྱོད་ཀྱི་ཡོད་ལ།  དེས་ནི་སྟོང་བའི་དབྱིངས་ཀྱི་ལྷ་ཚོགས་ལ་སྨོན་ལམ་དང་སྐྱབས་འཇུག་བརྒྱུད་སྒྲོག་བྱེད་ཐུབ་པ་རེད། དར་ལྕོག་ནི་བོད་ཀྱི་མངོན་དང་མི་མངོན་པའི་སྒྱུ་རྩལ་ཡོད་དོ་ཅོག་དང་འདྲ་བར། དེའི་གསར་གཏོད་དང་བརྒྱུད་བསྒྲགས་ཀྱང་ཐོག་མར་ཆོས་ལུགས་ཀྱི་དབང་དུ་བྱས་པ་མ་ཟད་དེའི་ཆེད་དུ་ཞབས་འདེགས་ཞུ་བ་ཡིན་ཏེ།  དེ་ནི་སེར་སྐྱ་དད་ལྡན་མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་དང་ལྷ་ཚོགས་བར་འབྲེལ་འདྲིས་བྱེད་པའི་སྦྲེལ་ཐག་ཅིག་རེད།
          རླུང་རྟའི་དར་ལྕོག་གི་འབྱུང་ཁུངས་ཀྱི་སྐོར།  བོད་ལྗོངས་ཀྱི་ཆོས་ལུགས་སྡེ་དང་རིག་གཞུང་སྡེ་སོ་སོར་རང་རང་གི་གནས་ལུགས་ཁུངས་ལུང་ཡོད་ནའང་། མཁས་དབང་དགེ་འདུན་ཆོས་འཕེལ་ལྟར་ན།  རླུང་རྟའི་དར་ལྕོག་ནི་དང་ཐོག་ཡུལ་ལྷ་གཞི་བདག་སྐྱབས་འཇུག་ཞུ་བ་ཞིག་མིན་པར་དམག་སྡེའི་མཚོན་རྟགས་ཞིག་ཡིན་པར་འདོད་ལ། ཁོང་གི་བརྩམས་ཆོས《དེབ་ཐེར་དཀར་པོའི》ནང་། བློན་འབངས་མང་ཆེ་བ་ནི་འབྲོག་པ་ཡིན་ཏེ། དུད་ཚང་རེ་རེའི་སྒོ་སྟོད་དུ་དར་མདུང་ཞིག་ཡོད་ལ་དེ་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་གོམས་སྲོལ་ཞིག་རེད། དེ་ཡང་ཐོག་མར་དམག་སྡེའི་མཚོན་རྟགས་ཞིག་ཡིན་ཏེ། རྗེས་སུ་རིམ་གྱིས་ཆོས་ལུགས་ཀྱི་ཆོ་ག་གོམས་སྲོལ་ཞིག་ཏུ་གྱུར་པ་རེད། ཐ་ན་དུད་ཚང་གཅིག་ལས་མེད་ཀྱང་སྒོ་ཐོག་ཏུ་དར་ལྕོག་བཀལ་དགོས་ཤིང་། གོམས་སྲོལ་འདི་རིགས་ད་ལྟ་བར་རྒྱུན་འཁྱོངས་བྱས་པ་རེད། དར་འཛུགས་མཆོད་འབུལ་གྱི་གོམས་སྲོལ་དེས་གནའ་རབས་ཀྱི་རྣམ་པ་དེ་སྔར་བཞིན་རྒྱུན་བསྐྱངས་ཡོད་པ་རེད།

གྲོང་མིའི་ཁང་སྟེང་གི་རླུང་རྟའི་དར་ལྕོག
          “ལོ་རེར་སྐབས་འདི་ནས་བཟུང་ང་ཚོས་ཚེས་གཅིག་རྗེས་ཀྱི་རླུང་རྟའི་དར་ལྕོག་དང་བསང་ལ་གྲ་སྒྲིག་བྱེད་དགོས་ཤིང་། སྐབས་དེ་དུས་གྱོན་པ་བོད་ལྭ་ལ་སོགས་ཚང་མར་ད་ནས་བཟུང་གྲ་སྒྲིག་བྱས་ནས་སྐབས་དེར་མཛད་སྒོ་འཚོག་སྐབས་ཆད་ལྷག་མེད་པ་བྱ་དགོས།  དེ་ལྟར་ནའང་། ཉིན་དེའི་ཞོགས་པར་གཏི་མུག་གཉིད་ལ་རོལ་མི་རུང”ཞེས་ཉིན་འགའི་སྔོན་ལ་སློབ་གྲྭ་ནས་ཕྱིར་ཁྱིམ་དུ་ལོ་གསར་གཏོང་བར་ལོག་པའི་ཚེ་རིང་གི་ཁ་སྐྱེངས་པའི་ངང་དེ་ལྟར་བཤད་བྱུང་།
          བོད་ཀྱི་ལོ་གསར་ཤར་གྲབས་ཡོད་པ་དང་བསྟུན། དུད་ཚང་ཚང་མས་དར་ལྕོག་བརྗེ་བར་གྲ་སྒྲིག་བྱེད་འགོ་བརྩམས་བྱུང་།
          དར་ལྕོག་བརྗེ་བའི་ཉིན་དེར། ཉི་མ་ཤར་མ་ཐག་པའི་དུས་སུ། ཁྱིམ་ཚང་གི་རྒན་གཞོན་ཚང་མས་བོད་ཆས་གསར་པ་གྱོན་ཏེ་ཁང་སྟེང་དུ་འཛོམས་ནས་དར་ལྕོག་བརྗེ་བ་དང་གསོལ་མཆོད་བྱས་ཏེ་སྨོན་ལམ་འདེབས་ཀྱི་ཡོད་པ་རེད།
          རླུང་རྟའི་དར་ལྕོག་གི་མིང་གཞན་ལ་ནང་སར་སྨོན་ལམ་དར་ཡང་ཟེར་གྱི་ཡོད་ཅིང་། སྐྱེས་སྐར་དང་ལོ་རེའི་དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོའི་སྟེང་རླུང་རྟའི་དར་འགེལ་གྱི་ཡོད་ལ།དེས་ནི་གནམ་དང་ས། མི་ཕྱུགས་འཆམ་མཐུན་ཡིན་པ་མཚོན་ཡོད། འབྲོག་པ་རྣམས་ཀྱིས་གསར་དུ་བཟོས་པའི་སྦྲ་གུར་སྟེང་རླུང་རྟ་བཀལ་བ་ནི་གནས་སྤོའི་རྗེས་ཀྱི་བདེ་སྐྱིད་མཚོན་ཆེད་ཡིན་ལ། གཙང་པོའི་རྒྱུད་ཀྱི་དུད་ཚང་གིས་དར་ལྕོག་འགེལ་བ་ནི་ཀླུ་རིགས་དང་རང་བྱུང་ཁམས་ལ་དད་གུས་བྱེད་པ་མཚོན། ནགས་ཀླུང་ཁྲོད་རླུང་རྟའི་དར་ལྕོག་མཐོན་པོར་བཀལ་བ་ནི་ཡུལ་དེའི་མི་རྣམས་ཀྱིས་ཡུལ་ལྷ་གཞི་བདག་ལ་དད་གུས་བྱེད་པ་མཚོན་ཞིང་། རི་མགོར་རླུང་རྟའི་དར་ལྕོག་བཀལ་བ་ནི་སེམས་ཅན་གྱིས་བཀྲ་ཤིས་ཤིང་དོན་འགྲུབ་པར་རེ་བ་བྱེད་ཀྱིན་པ་མཚོན།
          ལོ་གསར་པའི་ནང་། ལྷ་བསང་གཏོང་སྐབས་བསང་དུད་ནི་དར་ལྕོག་སྣ་ལྔ་བར་ནས་གཡོ་བ་དང་། ཁང་སྟེང་དུ“ཀི་ཀི་བསོ་བསོ།  ལྷ་རྒྱལ་ལོ”ཞེས་བཀྲ་ཤིས་གཏམ་སྙན་གྱིས་ཁེངས་ཡོང་།