ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།

སྤེལ་དུས 2018-01-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།

          ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རིང་། འཐུས་མིའི་ཚོགས་པ་དང་འཐུས་མི་ཚོས་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས།  2018ལོའི་ཟླ་1ཚེས་15ཉིན་གྱི་ཆུ་ཚོད་12པའི་ཚུན་དུ། ཚོགས་ཆེན་དྲུང་ཡིག་ཁྲུའུ་གྲོས་གཞི་རྩ་འཛུགས་ཚོགས་ཆུང་ལ་འཐུས་མིའི་ཚོགས་པ་དང་འཐུས་མིས་ཚོགས་ཆེན་ལ་ཕུལ་བའི་གྲོས་གཞི་90འབྱོར། གསར་བཅོས་ལས་སྒྲུབ་གྲོས་གཞི་16(གྲོང་ཁྱེར་དོ་དམ་འཐུས་མི་ཚོགས་པའི་གྲོས་གཞི་14དང་མལ་གྲོ་གུང་དཀར་རྫོང་ཀྱི་འཐུས་མིའི་གྲོས་གཞི་2)བཅས་ཁྱོན་བསྡོམས་106ཡོད། དེའི་ནང་སྲིད་ཁྲིམས་ཀྱི་རིགས་4དང་ནོར་དཔལ་འཆར་གཞིའི་རིགས་17ཞིང་འབྲོག་ནགས་ཆུ་རིགས་17བཟོ་ལས་འགྲིམ་འགྲུལ་རིགས་23ཚན་སློབ་རིག་འཕྲོད་རིགས་7ངལ་རྩོལ་མི་དོན་རིགས་24གཞན་དག་14ཡོད།
          ཚོགས་ཆེན་དྲུང་ཡིག་ཁྲུའུ་གྲོས་གཞི་རྩ་འཛུགས་ཚོགས་ཆུང་ལ་འཐུས་མིས་སྤྲད་པའི་གྲོས་གཞི་འབྱོར་རྗེས།  ཆེད་དོན་ཚོགས་འདུ་སྐོང་ཚོགས་བྱས་ནས།  ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཆེད་དོན་ཨུ་ཡོན་ཚོགས་པ་དང་། གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་གིས་ཞིབ་འཇུག་ནན་ཏན་བྱས་པ་དང་།  འཐུས་མི་ཚོགས་པ་གཉིས་ཀྱིས་བཏོན་པའི་གྲོས་གཞི་ཁག་16མིག་སྔར་ཆ་རྐྱེན་མི་འཛོམས་པས། གྲོས་གཞི་16པོ་དེ་གྲོས་གཞི་ལྟར་ཐག་གཅོད་མི་བྱེད་པར་གྲོས་འཆར་ལྟར་ལས་སྒྲུབ་བྱེད་པའི་དགོངས་འཆར་བཏོན། མིག་སྔར། འཐུས་མི་ཚོགས་པ་དང་འཐུས་མིས་བཏོན་པའི་གྲོས་འཆར་དང་སྐྱོན་བརྗོད། བསམ་འཆར།  ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བཅའ་ཁྲིམས་གྱི་གཏན་འབེབས་ལྟར།  ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་སྤྲད་ནས་སྒྲུབ་དགོས།
          རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་དང་ཐེངས་གཉིས་པ་ཚོགས་ཡུན་དུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཚད་མཐོན་པོའི་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་འགན་འཁུར་བའི་བསམ་བློ་དང་ཆབ་སྲིད་ཀྱི་བརྩེ་སེམས་ཀྱིས་ཡོངས་སུ་ཁེངས་ནས།  ནན་ཏན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷུར་ལེན་བྱས། རྣམ་གྲངས་འཛུགས་སྐྲུན་དང་དཔལ་འབྱོར་གོང་འཕེལ། ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་སྲུང་། སྤྱི་ཚོགས་བརྟན་ལྷིང་སོགས་ལ་དམིགས་ནས་དོན་དངོས་དང་འཚམ་ཞིང་སྤུས་ཚད་ཅུང་མཐོ་བའི་གྲོས་འཆར་233བཏོན། 2017ལོར་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞིར་ལན་བཏབ་ཚད་དང་མང་ཚོགས་བློ་ཡིད་ཚིམ་ཚད་(སྤྱིར་བཏང་ཡིད་ཚིམ་ཚད་)100%ཟིན་ཡོད་པ་རེད། དམིགས་བསལ་གྱི་གནས་ཚུལ་ཕུད། གྲོས་གཞི་སྒྲུབ་འགན་འཁུར་བའི་ལས་ཁུངས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ངོ་འཕྲད་ནས་གྲོས་བསྡུས་བྱས་པས། གྲོས་གཞི་དོན་འཁྱོལ་བྱེད་ཚད་75.96%ཟིན། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་དོན་གནད་དང་ཚ་གླེང་། དཀའ་གནད་ཁག་གཅིག་ཐག་གཅོད་བྱས་པས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་ལ་སྐུལ་འདེད་ཤུགས་ཆེན་བཏོན།