ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།

སྤེལ་དུས 2018-01-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཉི་རི་གཞུང་ཤང་གྲུ་གསུམ་གྲོང་ཚོའི་མིག་དམར་དོན་གྲུབ་ཚང་གི་བུ་རབས་ཚ་རྒྱུད་རྣམས་ཀྱིས་རྒན་རབས་རྣམས་ལ“གྲོ་ཐུག”འབུལ་བ། 
          ཟླ1ཚེས17ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ལོ་གཅིག་ནང་ཆེས་གཟབ་རྒྱས་ཆེ་བའི་སོ་ནམ་གྱི་ལོ་གསར་བསུས་ཤིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གྲུ་གསུམ་གྲོང་ཚོའི་གྲོང་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་གླུ་ལེན་གར་འཁྲབ་བྱས་ཏེ་དགའ་བའི་དུས་ཆེན་ལ་རོལ་བ་རེད།  གཞིས་རྩེའི་སོ་ནམ་ལོ་གསར་དང་ལྷ་ས་སོགས་ཀྱི་ས་གནས་ཀྱི་བོད་ཀྱི་ལོ་གསར་དབར་དུས་ཡུན་ཟླ་བ་གཅིག་ཡོད། གཞིས་རྩེ་གྲོང་ཁྱེར་ལ་གནའ་ནས་བཟུང“བོད་ལྗོངས་ཀྱི་འབྲུ་མཛོད”ཅེས་པའི་འབོད་ཚུལ་ཡོད་ཅིང་། ལོ་རྒྱུས་ཐོག་གཞིས་ཀ་རྩེའི་མི་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོ་དང་སེམས་བདེ་པོའི་ངང་ལོ་གསར་ཚེས་ཐུབ་པ་དང་། སོ་ནམ་ལའང་འཐུས་ཤོར་མི་ཡོང་བའི་ཆེད་དུ་ལོ་གསར་དེ་ཞིང་ལས་ཀྱི་ངལ་གསོ་བའི་བོད་ལུགས་ཀྱི་ཟླ་བ་བཅུ་གཉིས་པའི་ནང་དུ་སྔོན་སྣུར་བྱས་ཤིང་། ལུགས་སྲོལ་འདི་ད་ལྟའི་བར་དུ་རྒྱུན་བསྐྱངས་ཡོད།

 གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གྲུ་གསུམ་གྲོང་ཚོའི་གྲོང་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་གླུ་ལེན་གར་འཁྲབ་ཀྱིས་དུས་ཆེན་ལ་རོལ་བ།

  གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གྲུ་གསུམ་གྲོང་ཚོའི་མིག་དམར་དོན་གྲུབ་ཚང་གི་ན་གཞོན་ཚོས་རྒན་རབས་པར་སྲོལ་རྒྱུན་གྱི་རྒྱན་ཆ་འདོགས་པ།

  གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གྲུ་གསུམ་གྲོང་ཚོའི་གྲོང་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་གླུ་ལེན་གར་འཁྲབ་ཀྱིས་དུས་ཆེན་ལ་རོལ་བ།

ཟླ1པོའི་ཚེས17 ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གྲུ་གསུམ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་ཐག་འཐེན་འགྲན་བསྡུར་སྤེལ་བ།

 ཟླ1པོའི་ཚེས17 ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གྲུ་གསུམ་གྲོང་ཚོའི་མིག་དམར་དོན་གྲུབ་ཚང་གི་བུད་མེད་ཚོས་ལུས་ལ་གཟབ་མཆོར་སྤྲས་པ།