ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་བྱང་ཐང་དུ།

སྤེལ་དུས 2018-01-23 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། བསྟན་འཛིན།
 
          ཟླ་དང་པོའི་བོད་བྱང་ཐང་དུ། མཚན་མོ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་25མན་ཟིན་ཞིང་། འདི་ནི་བདག་དུ་མ་བཟུང་བའི་སྲོག་ཆགས་ཀྱི་དགའ་ཚལ་ཡིན། རྒྱང་རིང་དུ་བལྟས་པ་ན། གཙོད་དང་འབྲོང་། རྐྱང་། ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་རི་དྭགས་དང་འདབ་ཆགས་ཡོད་དེ། ཡིད་འོང་མ་ཞིག་མཐོ་སྒང་དུ་རྒྱུ་བའི་ཚུལ་དུ་སྣང་།

          བྱང་ཐང་ནི་ཁུ་ནུ་རི་བོ་དང་།—ཨ་ཆེན་གངས་རྒྱབ།—གདང་ལ།—གཉན་ཆེན་ཐང་ལྷ།—གངས་ཏི་སེའི་རི་རྒྱུད་བཅས་ཀྱིས་བསྐོར་ཏེ་ཡུལ་ལུང་གཞན་དང་འབྲེལ་མེད་ཀྱི་སྐམ་སའི་མ་ལག་ཞིག་ཏུ་གྲུབ་ཅིང་། མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི་5000ཡན་ཡོད་པ་རེད། མཐོ་སྒང་གྲང་ངད་ཆེ་ལ་གསོ་རླུང་མི་འདང་བའི་དབང་གིས་ལོ་རྒྱུས་ཐོག་འདི་ཁུལ་དུ་ཡོང་མཁན་ཉུང་བས། གོ་ལ་ཧྲིལ་པོས་དོ་སྣང་བྱ་ཡུལ"མི་མེད་ལུང་སྟོང་ཁུལ"དང་དག་ཞིང་མཐའ་མར་གྱུར་ཡོད། ཡུལ་འདིའི་ས་གཙང་སྲུང་སྐྱོང་ཡག་པོར་བྱེད་ཆེད། 1993ལོར། བོད་རང་སྐྱོང་ལྗོངས་ཀྱིས་ཁུལ་འདིར་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། 2000ལོའི་ཟླ་4པར། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྒྱུར་པ་རེད།