ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྟག་རྩེ་རྗོང་དེ་ཆུས་རིམ་པར་བསྒྱུར་ནས་དངོས་སུ་སྒོ་བྱང་བཀལ་བ། ལྷ་ས་གྲོང་ཁྱེར་གྱི་ཆུས་2དང་རྫོང་6པོ་དེ་ཆུས་3དང་རྫོང་5རུ་ལེགས་སྒྲིག་བྱས་པ།

སྤེལ་དུས 2018-02-05 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། བསྟན་འཛིན།
          ཉིན་ཤས་གོང་ལ། ཀྲུང་གུང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཨུ་ཡོན་ལྷན་ཁང་དང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་སྲིད་གཞུང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཅས་ཀྱི་གོ་མིང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་གཉེར་བ་རེད།
          ཆ་རྒྱུས་ལོན་པ་ལྟར་ན། སྟག་རྩེ་རྫོང་དང་ལྷ་ས་གྲོང་ཁྱེར་བར་ལ་བར་ཐག་སྤྱི་ལེ་20ཡོད་པ་དང་། སྔར་ནས་བཟུང་ལྷ་སའི“ཤར་སྒོ་ཆེ་མོ”ཞེས་འབོད་སྲོལ་ཡོད། ཉེ་བའི་ལོ་ཤས་རིང་། སྟག་རྩེ་ཆུས་གྱིས་རང་ངོས་ཀྱི་འགྲིམ་འགྲུལ་དང་ཐོན་ལས་སོགས་པའི་དགེ་མཚན་ལྡན་པའི་ཐོན་ཁུངས་བེད་སྤྱོད་ཧུར་ཐག་བྱས་ཤིང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ཤུགས་ཆེན་བྱས་པ་དང་། ལམ་རྒྱུད་དུ་དེང་རབས་ཅན་ཀྱི་སྡོད་ཁང་ཁུལ་ཆུང་དང་ཚོང་ཟོག་སྡོད་ཁང་གི་རིགས་བསྐྲུན་པ་མ་ཟད་གཞི་ཁྱོན་ཡང་ཆགས་ཤིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ“རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན”ལྟེ་བ་ནས“གྲོང་ཁྱེར་གྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བར”སྔ་ས་ནས་ཕྱོགས་ཡོངས་སྦྲེལ་མཐུད་མངོན་འགྱུར་བྱུང་བ་རེད། 2017ལོའི་ཟླ་7པར། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁུལ་གྱི་ཆ་ཤས་ལེགས་སྒྲིག་བྱེད་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན་》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་〔2017〕ཨང་107པའི་)ནང་བསྟན་དོན། སྟག་རྩེ་རྫོང་ཕྱིར་འཐེན་བྱ་རྒྱུ་དང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འཛུགས་པར་མོས་མཐུན་བྱུང་ཞིང་། དེ་སྔའི་སྟག་རྩེ་རྫོང་གི་སྲིད་འཛིན་ས་ཁོངས་དེ་སྟག་རྩེ་ཆུས་ཀྱི་སྲིད་འཛིན་ས་ཁོངས་དང་། སྟག་རྩེ་ཆུས་མི་དམངས་སྲིད་གཞུང་བདེ་ཆེན་གྲོང་རྡལ་བདེ་ཆེན་དབུས་ལམ་གྱི་ཨང་གྲངས་21སུ་བཅའ་སྡོད་བྱས་ཡོད། སྲིད་འཛིན་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་རྗེས། ལྷ་སའི་དེ་སྔའི་ཆུས་2དང་རྫོང་6པོ་དེ་ཆུས་3དང་རྫོང་5རུ་ལེགས་སྒྲིག་བྱས་པ་དང་། གྲོང་ཁྱེར་ཁོངས་གཏོགས་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་4575རུ་རྒྱ་བསྐྱེད་ཅིང་། མི་འབོར་ཁྲི་36བར་མང་དུ་ཕྱིན་ཡོད་པ་རེད། 
          སྟག་རྩེ་ཆུས་ཨུ་ཡི་འགན་འཁུར་པས་ངོ་སྤྲོད་གནང་བར་གཞིགས་ན། “རྗོང་དེ་ཆུས་རིམ་པར་བསྒྱུར་བ”ནི་སྟག་རྩེའི་འཕེལ་རྒྱས་ལོ་རྒྱུས་ཐོག་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཡིན་པ་དང་། ཕྱིས་སུ་སྟག་རྩེ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་བཏོན་པའི“ངོགས་གཉིས་ཁུལ་གསུམ་གྱི་ཤར་རྒྱུད་ལ་འཚོ་སྡོད་བྱ་རྒྱུར་འཚམ་པའི་གྲོང་ཁྱེར་བསྐྲུན་རྒྱུའི”དམིགས་ཚད་ལ་རྩེ་གཅིག་ཏུ་དམིགས་ནས། སྔར་བས་དཔའ་ངར་ཆེར་བསྐྱེད་ཀྱིས་བསམ་པའི་ཉམས་འགྱུར་དང་། སྔར་བས་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ། དུས་རབས་གསར་པའི་ནང་དུ་རྣམ་པ་གསར་པ་མངོན་པར་བྱེད་པ། འགོ་འཛུགས་ས་གསར་པའི་ཐོག་འོད་སྟོང་གསར་པ་མངོན་པར་བྱེད་པ། འཐབ་ལམ་གསར་པར་གོམ་སྟབས་གསར་པ་སྤོ་བ། བློ་སེམས་གཅིག་སྒྲིལ་ཐོག་ནས་སྟག་རྩེ་སྒྱུར་བཅོས་གོང་སྤེལ་བརྟན་ལྷིང་གསུམ་གྱི་ལེ་ཚན་གསར་པ་བརྩམ་འགོ་འཛུགས་རྒྱུ་ཡིན་པ་རེད།